ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ལ་མཇལ་འཕྲད་གནང་པ།


     ཟླ8པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་སུ་བསྐྱོད་དེ་མཇལ་འཕྲད་བརྗེ་རེས་བྱེད་སྒོ་སྤེལ། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱི་ཏང་ཙུའི་ཁོངས་མིའམ་སྤྱི་གཉེར་བ་གཞོན་པ་ཞུས་ཞིན་ཧྥུའུ་ཡིས་གཙོ་སྐྱོང་གནང་ནས་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་དང་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་བཞུགས་མོལ་ཚོགས་འདུ་འཚོགས།    

     ཚོགས་འདུའི་ཐོག ཀྲང་ཧྲིང་ཡོན་གྱིས་ཐེངས་འདིར་འཚམས་འདྲིར་ཕེབས་པའི་དམིགས་ཡུལ་ངོ་སྤྲོད་བྱས་པར་མ་ཟད། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་དང་། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱི་སྤྱི་གཉེར་བའི་ལས་རོགས་ལིག་ཀྲི་ཅང་གིས་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀུང་སིའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཚོགས་ཞུགས་མི་སྣས་ཇི་ལྟར་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱ་བ་སྔར་བས་ཡག་པོར་སྒྲུབ་རྒྱུའི་ཐད་བརྗེ་རེས་དང་གྲོས་མོལ་བྱས་ལ། ཕྱོགས་གཉིས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཁ་གཏད་རོགས་སྐྱོར་བྱ་བ་ཡག་པོར་བསྒྲུབ་སྟེ་ཁ་གཏད་མཉམ་ལས་ཀྱི་རྩ་བ་བརྟན་དུ་གཏོང་བ་དང་གྲུབ་འབྲས་དེ་བས་མང་བ་ཐོབ་པ། སྔར་ལས་ལྷག་པའི་སྒོ་ནས་རྐང་ཚའི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་མང་བ་ཐོབ་པར་བྱས་ནས་ཐུན་མོང་ཐོག་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པར་བཤད།    

     ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་ལོ་མང་རིང་རྐང་ཚར་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། ཁ་གཏད་རོགས་སྐྱོར་བྱས་ཚུན་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བ་དེ་ཏང་ཀྲུང་དབྱང་གིས་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས“རྐང་ཚར་གང་ཞིག་མཁོ་བ་དེ་ཀྲུང་དབྱང་ཁེ་ལས་ཀྱིས་སྒྲུབ་ཐུབ”ཅེས་པར་གཞི་ཚུགས་ཏེ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2.36བཏང་ནས་ལས་གཞི་དང་ཤེས་ལྡན་མི་སྣ་སོགས་ཕྱོགས་གང་ཅིའི་ཐད་རོགས་སྐྱོར་ཤུགས་ཆེན་བྱས་པས་རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཡང་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པར་བསྟན།  ཤ་བོ་སྐྱབས་ཀྱིས་ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་འཛད་སྤྱོད་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་རྐང་ཚ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱས་ནས་རོང་འབྲོག་པའི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་ཡོང་རོགས་བྱེད་དགོས། གཉིས་ནས་ཐཱན་གྱི་རྒྱུ་ནོར་འདྲི་ཞིབ་དང་རྩྭ་ཐང་གི་ཐཱན་བསྡུ། འོད་ཤུགས་སྡེ་ཁུལ་གྱི་འཆར་འགོད་བཟོ་བའི་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་འོད་ཤུགས་དང་རླུང་ནུས། ཆུ་འཐེན་ནུས་གསོག་སོགས་ནུས་རྒྱུ་གསར་པའི་ཐོན་ལས་ལས་གཞི་དོན་འཁྱོལ་བྱས་ཏེ་ཆུ་ཁོལ་བཟོ་ལས་གླིང་ཁུལ་བེད་སྤྱོད་གང་ལེགས་བྱེད་པ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་མཚོ་བྱང་འདི་ཉིད་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཡིན་པའི་ཆ་ནས་སྡེ་ཚོགས་དང་ཁོངས་གཏོགས་ཁེ་ལས་ཀྱི་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་ཡོང་སྟེ་གསར་བརྗེའི་སློབ་གསོ་གསོ་སྦྱོང་བྱ་རྒྱུའི་རེ་བ་ཡོད་པར་བསྟན།

     ཞུས་ཞིན་ཧྥུའུ་ཡིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་ཁུར་དང་སྤྱི་ཚོགས་འགན་ཁུར་ཧུར་ཐག་སྒོས་སྒྲུབ་པ་དང་། སྡེ་ཚོགས་དང་རྐང་ཚ་རྫོང་དབར་ཕན་ཚུན་འབྲེལ་གཏུག་དང་མཉམ་ལས་བརྗེ་རེས་ཡང་ཡང་བྱས་པས་ཁ་གཏད་རོགས་སྐྱོར་བྱ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་དང་གྲོང་གསེབ་དར་སྤེལ། ཐོན་ལས་གཞན་སྒྱུར། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ལ་མུ་མཐུད་དུ་དམིགས་ནས“ལྷག་བསམ་རྣམ་དག་གི་ལྟ་སྟངས་ཡང་དག་འཛིན་པ་དང་། ལྷག་བསམ་ཟོལ་མེད་ངང་ཕན་ཚུན་བརྗེ་རེས་དང་མཉམ་ལས་བྱེད་པ”བཅས་ཀྱི་རྣམ་འགྱུར་ཐོག་ནས་རོགས་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གནད་སྨིན་སྦྲེལ་མཐུད་དང་གནད་སྨིན་མཉམ་ལས་བྱས་ནས་རྐང་ཚའི“རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”བསྒྱུར་རོགས་བྱ་རྒྱུ་ཡིན་པར་བསྟན།   

     རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཉོ་སྒྲུབ་དང་དངོས་ཟོག་དོ་དམ་པུའི་ཀྲུའུ་རིན་ཝང་ཀའོ་ཝང་དང་། སྤྱི་ཕན་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་ལི་ཝུན་ཧུང་། རྒྱལ་ཁབ་ནུས་རྒྱུ་མཚོ་སྔོན་གློག་ཤུགས་ཀུང་སིའི་སྤྱི་གཉེར་བ་ལིག་ཅུན། འཐབ་ཇུས་འཆར་འགོད་པུའི་ཀྲུའུ་རིན་གཞོན་པ་ཀྲའེ་ཝུན། གློག་ཤུགས་ཐོན་ལས་དོ་དམ་པུའི་ཀྲུའུ་རིན་གཞོན་པ་ཅིན་ཅན། གྲོང་གསེབ་དར་སྤེལ་ཁྲུའི་སྤྱི་གཉེར་བ་ཧྲའོ་ཝེ་སོགས་བཞུགས་མོལ་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཚོ་ཅི་ཆང་། དེ་བཞིན་རྐང་ཚ་རྫོང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།      

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号