ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ལ་མཇལ་འཕྲད་གནང་པ།


     ཟླ8པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་ནས་པེ་ཅིང་དུ་བསྐྱོད་དེ་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ལ་མཇལ་འཕྲད་གནང་། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་གཞོན་པ་ཝང་ཞིན་ཏུང་གིས་གིས་གཙོ་སྐྱོང་གནང་ནས་བཞུགས་མོལ་ཚོགས་འདུ་འཚོགས། སྡེ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་སོ་སོར་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ལ། ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།   

     ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་མཚོ་བྱང་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ལོ་མང་རིང་མཚོ་བྱང་ལ་ལྷག་བསམ་ཟོལ་མེད་སྒོས་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱི་མཚོ་སྐྱོར་ལས་བྱེད་པ་དང་ཕུལ་བྱུང་ཤེས་ལྡན་མི་སྣས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་ལོ11གི་རིང་ལ། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ཕྱོགས་ཡོངས་དང་རིམ་པ་མང་བོའི་ཐོག་ནས་རོགས་སྐྱོར་བྱས་ལ། རིམ་རྩིས་བྱས་ན་ཁ་གཏད་རོགས་སྐྲུན་ལས་གཞི47དོན་འཁྱོལ་བྱས་ཤིང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི4765བཏང་ནས་རྩ་བའི་རང་བཞིན་དང་རྨང་གཞིའི་རང་བཞིན། ཕུགས་ཕན་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དཀའ་གནད་མང་པོ་ཞིག་ཡོངས་འགྲུབ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རེས་སྐོར་གསར་པའི་བརྗེ་རེས་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ལེའུ་གསར་བ་གཏོད་དེ་རོགས་སྐྱོར་བྱ་དགོས་ཏེ། གཅིག་ནས་འཇུ་ལག་ལོག་དཀར་དང་ནས་སོགས་ཐོན་འབབ་ཆེ་བ་དང་སྤུས་ཚད་ལེགས་པ། མ་གནས་དམའ་བ་བཅས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ཁོངས་གཏོགས་ཁེ་ལས་དང་མཐུན་སྦྱོར་བྱས་ཏེ་ཐོན་རྫས་ལས་སྣོན་གྱི་ཚབ་བྱེད་པ་དང་། ཆེད་ལས་ལག་རྩལ་མི་སྣ་མངགས་ནས་ཀྲུང་གོའི་འབྲུ་སྣུམ་གྱི་བཟའ་བཅའི་ཚད་གཞིའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། འཇུ་ལག་གི་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིlogoམཆན་སྤྲད་དེ་འཇུ་ལག་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། གཉིས་ནས་འཇུ་ལག་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་ཞིང་། ཞི་མིན་ཐའར་དང་ནོར་གནག་སོགས་འོ་ལས་ཐོན་རྫས་ཀྱི་ཐོན་ཚད་མང་ལ། མང་ཚོགས་ཀྱི་ཧུར་སེམས་ཆེ་བས་མོང་ཉིག་སོགས་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་འོ་ལས་ཐོན་རྫས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་དང་། འཛད་སྤྱོད་དབུལ་སྐྱོར་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་ཐད་རོགས་རམ་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད། གསུམ་ནས་མཚོ་བྱང་གི་ནོར་གནག་དང་བོད་ལུག་བཤས་གཏོང་ཚད་མཐོ་བ་དང་ནོར་ལུག་གི་ཀོ་བ་དང་པགས་པ། ཁུ་ལུ་སོགས་ཀྱི་ཐོན་འབབ་ཆེ་བས་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ཀྲུང་གོའི་འཁེལ་འཐག་སྡེ་ཚོགས་སོགས་ཁེ་ལས་ནང་འདྲེན་བྱས་ཏེ་ཁ་བཏགས་དང་སྐེ་དཀྲིས་བཟོ་བ་སོགས་ཁྱད་ལྡན་ཐོན་རྫས་ཁྱབ་ཁོངས་སུ་ཆེད་ལས་མཛུབ་ཁྲིད་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། བཞི་ནས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ འཇུ་ལག་རྫོང་ཨུའི་ཏང་གི་སློབ་གྲྭ་བཅས་སུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། རྒྱལ་སྲུང་སློབ་གསོ་བཅས་དང་ལེན་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་པར་བསྟན།      

     ཝང་ཞིན་ཏུང་གིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཕེབས་པར་དགའ་བསུ་ཞུས་ཤིང་།    ཁོང་གིས་ལོ་བཅུ་ལྷག་གི་རིང་ལ་ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བ་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁ་གཏད་རོགས་སྐྱོར་བྱ་བ་ཟམ་མི་ཆད་པར་སྤེལ་བཞིན་ཡོད་ལ། མིག་སྔར་ཁ་གཏད་རོགས་སྐྱོར་བྱ་བ་དེ་དུས་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། ང་ཚོས་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཚོགས་འདུའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་ལས་འགན་ཡག་པོར་སྒྲུབ་པ་དང་། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ཏེ་མཚོ་བྱང་ལ་རོགས་རམ་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་ཀྱི་ཁྲོམ་ར་དང་ཐོན་ཁུངས། ལག་རྩལ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་སྒོས་འཇུ་ལག་རྫོང་དང་སྦྲེལ་མཐུད་བྱས་ནས་འཇུ་ལག་གི་ལྗང་མདོག་ཐོན་ལས་སྦྲེལ་ཐག་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། ཐོན་ལས་མཉམ་ལས་བྱེད་སྟངས་གསར་གཏོད་བཅས་བྱས་ནས་ཁ་གཏད་རོགས་སྐྱོར་བྱ་བའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ལས་བྱེད་ཤེས་ལྡན་མི་སྣའི་བརྗེ་རེས་གསོ་སྦྱོང་བྱ་བ་དང་། “ལོ་ཆུང་འགུལ་སྐྱོད། ཀྲུང་གོའི་འབྲུ་སྣུམ་འགུལ་སྐྱོད”ཉམས་ཞིབ་བྱེད་སྒོ་སོགས་ལ་ཤུགས་བསྣན་ནས་ཁ་གཏད་རོགས་སྐྱོར་བྱ་བའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་རོགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པར་བཤད།   

     ཀྲུང་གོའི་འབྲུ་སྣུམ་ཚིལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་དང་སྤྱི་གཉེར་བ་ཞུས་ཀོང་ཧུང་དང་། ཀྲུང་གོའི་འབྲུ་སྣུམ་ཉོ་ཚོང་ཏང་ཨུའི་ཨུ་ཡོན་ནམ་སྤྱི་གཉེར་བ་གཞོན་པ་ཀའོ་ཡའོ། ཀྲུང་གོའི་འབྲུ་སྣུམ་ཅ་ཅ་ཁང་གི་སྤྱི་གཉེར་བ་གཞོན་པ་ཀྲང་ནན། ཀྲུང་གོའི་འབྲུ་སྣུམ་འཚོ་བཅུད་བདེ་ཐང་ཞིབ་འཇུག་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཡོན་ཀྲང་གཞོན་པ་ཝང་མན་དབྱི། ཀྲུང་གོའི་འབྲུ་སྣུམ་སྡེ་ཚོགས་གྲོང་གསེབ་དར་སྤེལ་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་ལི་ཞིན། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སུང་ཞུག་ཙུང་། ཚོ་ཅི་ཆང་། དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号