ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ལ་མཇལ་འཕྲད་གནང་པ།


     ཟླ8པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་པེ་ཅིང་གྲོང་ཁྱེར་དུ་བསྐྱོད་དེ་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ལ་མཇལ་འཕྲད་གནང་། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་ལས་འཛིན་པའམ་ཏང་ཙུའི་ཧྲུའུ་ཅི་ཝུན་ཙུའུ་ལེང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་པ་རེད། ཕྱོགས་གཉིས་ཀྱིས་ཇི་ལྟར་བྱས་ཏེ་ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་ངོ་འཕྲད་གྲོས་མོལ་གཏིང་ཟབ་གནང་པ།

     བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཤིང་།  ལོ12ཀྱི་རིང་ལ། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི4600དོན་འཁྱོལ་བྱས་ནས་རོགས་སྐྲུན་ལས་གཞི26ལག་བསྟར་བྱས་ཤིང་། ལྷག་པར་མ་དངུལ་སྒོར་དུང་ཕྱུར2.38བཏང་ནས་གཏེར་ལྔའི་རྒྱལ་ཁབ་ཚོང་དོན་གསོལ་མགྲོན་ཁང་བསྐྲུན་པ་དང་གཏེར་ལྔའི(མདོ་ལ)འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཏེ་དུས་ཡུན་རིང་པོའི་ནང་མདོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱིས་ཐོན་ལས་ཐད་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་བར་མཐོངས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ཐད་ཀྲུང་དབྱང་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆར་བརྟེན་ནས་འཛད་སྤྱོད་དབུལ་སྐྱོར་ཐད་རྒྱབ་སྐྱོར་བྱས་ཏེ་མདོ་ལར་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་གཏོད་རོགས་དང་། བྲིན་ཚོང་ཁྲོམ་ར་རྒྱ་ཆེར་གཏོང་བ། ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མང་དུ་གཏོང་བ། མདོ་ལ་རང་ངོས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་རོགས་བྱེད་དགོས། གཉིས་ནས་གཏེར་ཁའི་ཐོན་ཁུངས་མཉམ་ལས་རྩད་ཞིབ་གསར་སྤེལ་བྱ་རྒྱུའི་ཐད་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་ཇུས་འགོད་ཨར་སྐྲུན། གཉེར་སྐྱོང་འཁོར་རྒྱུག ལས་སྣོན་ཞིབ་ཚགས་སོགས་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མདོ་ལར་རིག་ནུས་གཏེར་རི་དང་ལྗང་མདོག་གཏེར་རི། གཞི་གྲངས་གཏེར་རི་བཅས་འཛུགས་སྐྲུན་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་མཉམ་ལས་མཉམ་རྒྱལ་གྱི་བར་མཐོངས་མུ་མཐུད་རྒྱ་ཆེར་གཏོང་རོགས་བྱེད་དགོས། གསུམ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་ཐད་མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན་ལ། མདོ་ལ་མི་དམངས་ཀྱིས་དམར་དམག་ནུབ་ལམ་དམག་དཔུང་གིས་གངས་རི་དང་རྩྭ་ཐང་བརྒལ་བར་རོགས་རམ་བྱས་པ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཐོན་ཁུངས་ཡོད་པས། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་ཏང་གི་སློབ་གྲྭས་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭའི་དབར་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ཏེ། མགོ་ཁྲིད་དང་ལས་བྱེད་ལས་བཟོ་བ་རྩ་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་དུས་མཚུངས་སུ་མཚོ་བྱང་གི་བྱ་བར་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར།  

     ཝུན་ཙུའུ་ལེང་གིས་ཀྲུང་གོའི་གཏེར་ལྔའི་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གྲོང་གསེབ་དར་སྤེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་རང་འགུལ་འགན་འཁུར་དང་བྱས་རྗེས་བཞག་སྟེ། “གནད་སྨིན་དང་ཁྱད་ལྡན། ཕུགས་ཕན”བཅས་ཀྱི་རྩ་དོན་ལྟར། མ་དངུལ་བཏང་བ་དང་ལས་བྱེད་པ་མངགས་གཏོང་བྱས་ཏེ་རོགས་སྐྲུན་ལས་གཞི་དང་འཛད་སྤྱོད་རོགས་སྐྱོར། རིག་གནས་བརྗེ་རེས་སོགས་ཀྱི་ཐད་རོགས་སྐྱོར་བྱ་བ་ཏན་ཏིག་སྤེལ་ཞིང་། ནུས་ཤུགས་གང་ཡོད་ཀྱིས་མཚོ་བྱང་ཁུལ་དང་མདོ་ལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་དང་སྐུལ་འདེད་བཏང་ཡོད། མདོ་ལར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ12ཀྱི་རིང་། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་དང་མདོ་ལ་མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་ནས་ཐུན་མོང་ཐོག་སྤེལ་བའི་རོགས་སྐྲུན་ལས་གཞི་ལ་ཕན་འབྲས་གསར་པ་དང་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད། རིམ་པ་རྗེས་མར་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱིས་རང་ནུས་ཅི་ཡོད་དང་གང་ཐུབ་ཅི་ཐུབ་ཀྱིས་མདོ་ལའི་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་དང་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་སུ་ཐོན་ལས་རོགས་སྐྱོར་བྱེད་པ་དང་། ཕྱོགས་མང་བོ་དང་རིམ་པ་མང་བོའི་སྒོ་ནས་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རོགས་སྐྱོར་གྱི་གྲུབ་འབྲས་དེ་བས་མང་པོ་ཞིག་གིས་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ།  རྗེས་ཕྱོགས་སུ་མི་སྣའི་བགྲོ་གླེང་དམ་ཟབ་ཏུ་བཏང་ནས་མུ་མཐུད་དུ་རོགས་སྐྱོར་གྱི་མཛའ་གཅུགས་ཟབ་ཏུ་གཏོང་བ་དང་། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱ་རྒྱུའི་རེ་བ་ཡོད་པར་བསྟན། 

      ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་ལས་འཛིན་པའམ་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཏུང་མིན་ཅུན་དང་། སྤྱི་གཉེར་པའི་ལས་རོགས་དང་འཐབ་ཇུས་འཕེལ་རྒྱས་པུའི་པུའུ་ཀྲང་ཞུའེ་ཧྥེ། ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་གམ་གཞུང་ལས་ཁང་གི་ཀྲུའུ་རིན་ཙིན་ཀང་།  ཏང་ཚོགས་ལས་དོན་པུའི་པུའུ་ཀྲང་ཝང་ཝུན་ཧའེ། གཏེར་ལྔའི་ས་ནོར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ལིག་པོ། ཏང་ཙུའུ་ཡི་རྩ་འཛུགས་པུའི་པུའུ་ཀྲང་ཡོན་ཧོ། གཏེར་ལྔའི་འཕེལ་རྒྱས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུང་ཡུས་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཚོ་ཅི་ཆང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག  དེ་བཞིན་མདོ་ལ་རྫོང་གི་འགན་འཁུར་བློ་མཐུན་བཅས་ཟབ་ཞུགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号