2023ལོའི་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱེད་སྒོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་དུ་འཚོགས།

ཟླ10པའི17ཉིན།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད། དགུ་པའི་ཚེས་དགུའི་སྲོལ་རྒྱུན་དར་སྤེལ་གཏོང་། དག་སྣང་མཚོ་བྱང་པང་བར་རྐང་ཐང་བསྐྱོད”ཅེས་པ་བརྗོད་དོན་ཡིན་པའི2023ལོའི་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱེད་སྒོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་དུ་ཚོགས། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱེད་སྒོའི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁུལ་ཐད་གཏོགས་དང་དེ་བཞིན་འཇུ་ལག མདོ་ལ། རྐང་ཚ། མདའ་བཞི་བཅས་རྫོང་བཞིའི་འབྲེལ་ཡོད་འགན་འཁུར་བས་སོ་སོར་མཐོ་སར་འཛེག་པའི་བརྗོད་དོན་དང་གྲ་སྒྲིག་བྱས་པའི་གནས་ཚུལ། འགྲན་བསྡུར་ལམ་ཐིག བྱ་དགའི་དངུལ་དང་བདེ་འཇགས་འགན་ལེན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

མཚོ་བྱང་ཁུལ་གྱི་རྒྱབ་ཕྱོགས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མདུན་ཕྱོགས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལ་གཏད་ཡོད་ཅིང་། མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའིམཚན་སྙན་ལྡན་ལ། རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ” “ནོར་གནག་དང་བོད་ལུགསོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཡོད་པ་དང་། མཛེས་སྡུག་ལྡན་པའི་རི་ཆུའི་བར་ནས་མཚོ་བྱང་ཁུལ་གྱིས་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་ལ། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ལུས་རྩལ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཧུར་ཐག་སྒོས་དེའི་ནང་ཞུགས་པ་དང་ཞབས་ཞུར་བརྟེན་ནས་སྐྱེ་ཁམས་ཀྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ། དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོར་བཤད་པ་བཅས་བྱས་ཏེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་ཆས་རྟགས་བཏོད་དེ་ཕྱི་རོལ་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ལུས་རྩལ+”འཕེལ་རྒྱས་ཀྱི་རྣམ་པ་གཏོད་པ་དེ་ཡིན།

མ་རུའུ་ཞང་གིས་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་གནང་སྐབས། ཐེངས་འདིའི་རྐང་བགྲོད་འགྲན་བསྡུར་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སྐོང་འཐེན་བྱས་ཤིང་། ཆེད་དོན་ཚོགས་འདུ་ཚོགས་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། མཚོ་བྱང་ཁུལ་གྱི་དགུ་པའི་ཚེས་དགུའི་དུས་ཆེན་སྐབས་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་བྱེད་སྒོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་ཏེ《 2023ལོར་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེགས་པའི་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》པར་འགྲེམས་བྱས་ནས་བྱེད་སྒོའི་ཇུས་གཞི་བཟོས་པ་དང་ལས་འགན་ཁ་གསལ་བཏོན་པ། བྱེད་སྒོའི་འགྲོ་གྲོན་དོན་འཁྱོལ་བཅས་བྱས་ཏེ་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས་ཡོད་ལ། རྫོང་བཞིའི་སྲིད་གཞུང་གིས་དང་ལེན་ཧུར་ཐག་དང་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ཏེ་སྔ་མོ་ནས་ཇུས་འགོད་དང་། བྱེད་སྒོའི་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱེད་པ། བྱེད་སྒོའི་མགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱེད་པ། བདེ་འཇགས་འགན་ལེན་དང་དྲིལ་སྒྲོག་ཇུས་འགོད་སོགས་ཀྱི་ཐད་བྱེད་སྒོར་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། ལས་འགན་ལ་གཞིགས་ནས་ཕྱོགས་བསྡུས་མཐུན་སྦྱོར་དང་འགྲན་བསྡུར། དྲིལ་སྒྲོག རྒྱབ་ཕྱོགས་མཁོ་སྒྲུབ་དང་སྨན་བཅོས་འགན་ལེན་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ཏེ་ལས་འགན་ཁ་གསལ་དང་འགན་འཁྲི་ནན་སྒྲུབ་བྱས་ནས་བྱེད་སྒོ་ནན་ཏན་ངང་ཡག་པོར་སྒྲུབ་སྟེ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་སྟེང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད། དགུ་པའི་ཚེས་དགུའི་སྲོལ་རྒྱུན་དར་སྤེལ་གཏོང་། དག་སྣང་མཚོ་བྱང་པང་བར་རྐང་ཐང་བསྐྱོད་ཅེས་པ2023ལོའི་མཚོ་བྱང་ཁུལ་གྱི་མདོ་ལ་རི་བོ·མཚོ་སྔོན་པོར་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་སྤྱིའི་བརྗོད་དོན་ཡིན་ལ། དེའི་ཁྲོད། ཁུལ་ཐད་གཏོགས་ཀྱིསམདེལ་གཉིས་སྐར་གཅིགགི་སྙིང་སྟོབས་དར་སྤེལ་གཏོང་། མཚོ་སྔོན་པོ་སྨོན་ལམ་མཐོན་པོར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་ཁུལ་ཐད་གཏོགས་ཀྱི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད་པ་དང་། འཇུ་ལག་རྫོང་གིས“རི་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་བསྟར་བྱེད་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སེམས་ཉིད་ནགས་རར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་འཇུ་ལག་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད། མདོ་ལ་རྫོང་གིས་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་མདོ་ལའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད། རྐང་ཚ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས། མཚོ་སྔོན་པོ་ཆུ་མིག་ལྗོངས་ཁུལ་ལ་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་རྐང་ཚའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད། མདའ་བཞི་རྫོང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་། མཚོ་སྔོན་པོའི་བྱེ་མ་རྔ་རྡུང་ལ་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་མདའ་བཞིའི·དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད་ཅིང་། འགྲན་བསྡུར་གྱི་ལམ་དུམ་སོ་སོར་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་དང་། འཇུ་ལག་གི་ཀྱུ་ཡངས་ལུང་བ་ལྗོངས་ཁུལ། མདོ་ལའི་ཨ་མྱེས་སྟོང་སོ། རྐང་ཚའི་ཆུ་མིག་ཁུག མདའ་བཞིའི་བྱེ་མ་རྔ་རྡུང་མཚོ་གཟིགས་སྒར་འདེབས་རྟེན་གཞི་སོགས་ལྗོངས་ཁུལ་དུ་བཙུགས་ཡོད་པ་དང་། འགྲན་བསྡུར་ལམ་དུམ་སོ་སོའི་ཁོར་ཡུག་མཛེས་ཤིང་གནས་ཡུལ་ཡག་ལ། ས་ཆུ་འཕྲོད་པས་རྐང་ཐང་བྱེད་སྒོ་སྤེལ་བར་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ལེགས་ཆ་ལྡན་ཡོད།

མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ། ཤིན་ཧྭ་གསར་འགྱུར་ཁང་། ཤིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོའི་གསར་འགྱུར་ཁང་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཞིང་ཆེན་བརྙན་འཕྲིན་ཁང་། ནུབ་མཚོ་ཚོང་ཁྲོམ་ཚགས་པར། ཟི་ལིང་དགོང་དྲོ་ཚགས་པར། མདོ་ལ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། འཇུ་ལག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདོ་ལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདའ་བཞི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་སྨྱན་སྦྱོར་ལས་ཁུངས18ཀྱི་གསར་འགོད་པ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号