རྐང་ཚ་རྫོང་གིས“བཅུ་ལྡན”བཟོ་སྐྲུན་ལག་བསྟར་བྱས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཇེ་མཐོར་བཏང་བ།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། ཁུལ་ཨུའི“བཅུ་ལྡན”བཟོ་སྐྲུན་བཀོད་སྒྲིག་དང་ཞིབ་བསྡུར་བྱས་ཏེ། “གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་བའི་ལོའི”བྱེད་སྒོ་ནན་ཏན་སྒོས་སྤེལ་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕན་འབྲས་ཡོད་པར་ཉམས་འདྲེས་བྱས་པ་དང་ཕན་ཚུན་ལ་སྐུལ་འདེད་བཏང་།


མ་དངུལ་སྣ་ཚོགས་སྒོར་ཁྲི528ཧྲག་བསྡུ་བྱས་ཏེ།  “བཅུ་ལྡན”བཟོ་སྐྲུན་རིམ་བཞིན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་ཁྲི27.17བཏང་ནས་ཡུལ་ཚོ་དང་གྲོང་རྡལ5ཡི་ཏང་གི་སློབ་གྲྭ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་དགེ་རྒན་དཔུང་སྡེ59བཙུགས་ཤིང་། བསྡོམས་པས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས28སྤེལ་བ་དང་མི་ཐེངས1342གསོ་སྦྱོང་ནང་ཞུགས་ཡོད། མ་དངུལ་སྒོར་ཁྲི12.65བཏང་སྟེ་ཡུལ་ཚོ་དང་གྲོང་རྡལ2ཀྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་བསྒྱུར་བཀོད་རིམ་སྤོར་བྱས་པ་དང་། སྒོར་ཁྲི3.25བཏང་ནས་ཡུལ་ཚོ་དང་གྲོང་རྡལ5ལ་དཔེ་དེབ2100ཉོ་སྒྲུབ་བྱས། སྒོར་ཁྲི80བཏང་ནས་ཉལ་ཁང61ཉམས་གསོ་བྱས་ཏེ་སྐྱིད་སྨོན་ཡུལ་ཚོའི་ཉལ་ཁང35གསར་དུ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། མ་དངུལ་སྒོར་ཁྲི80.44བཏང་ནས་ཟ་ཁང་སྨི་གྲུ་བཞི་མ100དང་། སྔོ་ཚལ་དྲོད་ཁང་སྨི་གྲུ་བཞི་མ100བསྒྱུར་བཀོད་བྱས་ཐོག  ལོག་དཀར་དང་པོ་ཚལ་སོགས་སྔོ་ཚལ་སྣ་ཁ10ལྷག་འདེབས་འཛུགས་བྱས། སྒོར་ཁྲི34བཏང་ནས་བརྙན་ལམ་ཚོགས་ཁང་སྨི་གྲུ་བཞི་མ45བསྒྱུར་བཀོད་བྱས་པ་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་དངུལ་རྩའི་སྨྱན་སྦྱོར་གྱི་ལས་སྒྲུང་ས་ཚིགས2བཙུགས་པ། སྐད་འཕྲིན་སྤྱི་སྟེགས5ཤར་གཏོང་བྱས་ཏེ་བསྡོམས་པས་ཆ་འཕྲིན1800ལྷག་ཁྱབ་བསྒྲགས་བྱས།  སྒོར་ཁྲི3བཏང་སྟེ་རྒྱུག་ཤར་གློད་ཆས་དང་སྒྲོག་ཙེ་སྤོ་ལོ།  ཕིང་ཕང་སྤོ་ལོའི་སྒྲོག་ཙེ་སོགས་ལུས་སྦྱོང་ཡོ་བྱད་རིགས5བཀོད་སྒྲིག་བྱས་ཡོད་པ་དང་། སྒོར་ཁྲི44བཏང་ནས་གསང་སྤྱོད་ཁང7དང་ཁྲུས་ཁང2བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ།  སྒོར་ཁྲི126.52བཏང་སྟེ་ཡུལ་ཚོ་དང་གྲོང་རྡལ5ལ་གཞུང་འཁོར་རེ་དང་། ད་ལྟ་ཡུལ་ཚོ་དང་གྲོང་རྡལ5ལ་གཞུང་འཁོར15ཡོད་པ་དང་། རྫོང་ཡོངས་ཀྱི་རང་བྱུང་སྡེ་བ14ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས། མ་དངུལ་སྒོར་ཁྲི117.5བཏང་སྟེ་ཡུལ་ཚོའི་ལོ་རྒྱུས་ཁང5དང་སྡེ་བའི་ལོ་རྒྱུས་ཁང13གསར་སྐྲུན་བྱས།  མ་དངུལ་སྒོར་ཁྲི259བཏང་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་གསར་སྐྲུན་ལས་གཞི1དང་། མ་དངུལ་སྒོར་ཁྲི42བཏང་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས3ཉམས་གསོ་བྱས། མ་དངུལ་སྒོར་ཁྲི1700བཏང་ནས་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རྫོང་དང་གྲོང་གསེབ(སྡེ་ཁུལ )ཀྱི་ཏང་འཛུགས་སྐྱོང་བྱ་བའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི387དོན་འཁྱོལ་བྱས་པ་དང་། གཞི་རིམ་གྱི་ཏང་སྐྱོང་གྲོན་དངུལ་འགན་སྲུང་གནད་དོན་ཐག་གཅོད་བྱས་ཏེ། ཏང་འཛུགས་སྐྱོང་བྱ་བའི་གྲོན་དངུལ་གཏོང་བ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བར་བྱས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བ་རྒྱུན་ལྡན་ངང་སྤེལ་བར་འགན་ལེན་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号