ཀྲུང་གུང་མཚོ་བྱང་ཁུལ་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།


ཟླ10པའི་ཚེས26ཉིན།   ཁུལ་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་མཚོ་བྱང་ཁུལ་གྱི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། བདེ་སྐྱིད། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་བྱང་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་དགོས་པའི་འབོད་སྐུལ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་གིས《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་དུས་རབས་གསར་པའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལས་བགོས་ཇུས་གཞི》གསལ་བཤད་གནང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་ཚོགས་འདུ་གཙོ་སྐྱོང་གནང་། 


ཤ་བོ་སྐྱབས་ཀྱིས་སྔར་ནས་ད་བར་ཁུལ་ཨུས་དམངས་ཆེན་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཆེན་གྱིས་ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། གོ་གནས་བསྐོ་འཐེན་དབང་ཆ་བཅས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་དམངས་ཆེན་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་ཁུར་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅིང་། རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མིས་བཅོས་སྒྱུར་དང་འཕེལ་རྒྱས་ལ་དམིགས་ནས་ཇུས་གཞི་འདོན་པ་དང་། ཐབས་ཇུས་བཟང་པོ་འདོན་པ། མང་ཚོགས་ལ་བདེ་སྐྱིད་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བཅས་བྱས་ཏེ་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་མངོན་པར་བྱས་ཡོད་པར་བསྟན།


ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་སྟངས་འཛིན་འཕྱུགས་མེད་བྱེད་པ།  དུས་རབས་གསར་པར་དམངས་ཆེན་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། བླང་བྱ་གསར་པ་བཅས་སྟངས་འཛིན་ཡང་དག་བྱེད་པ། དུས་རབས་གསར་པར་དམངས་ཆེན་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་ངོ་བོའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་བཅས་བྱས་ནས་གོ་བ་གཏིང་ཟབ་ལེན་པའི་ཁྲོད་རང་རྟོགས་ངང་དོན་འཁྱོལ་དང་། མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ཁྲོད་བསམ་ཤེས་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་དམངས་ཆེན་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན། 


ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་འགུལ་ངང་དམངས་ཆེན་བྱ་བ་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་ཞིབ་འཇུག་བྱེད་པ་དང་། འགན་ནུས་སྒྲུབ་གཞི་ཡང་དག་འཛིན་པ། བྱ་བའི་ཤུགས་སྣོན་ས་གནད་འཁེལ་འཚོལ་བ། འགན་འཁྲི་གསར་པ་ཁུར་པ་དང་བྱས་རྗེས་གསར་པ་བཞག་སྟེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སྤུས་ཚད་དེ་བས་མཐོ་བའི་ཐོག་ནས“ཁྲིམས་བཟང་འཛུགས་པའི”འགན་ལེན་བྱས་ཏེ་ཁྲིམས་འཛུགས་དང་ལག་བསྟར་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ནང་འདྲེས་པ། བཅའ་ཁྲིམས་ཁྱབ་གདལ་ནང་འཇུག་པ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། སྔར་བས་ནུས་ལྡན་གྱི“ལྟ་སྐུལ་ཤུགས་ཆེན”ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ལྟ་སྐུལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་དམ་འཛིན་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕན་ནུས་ལྡན་པའི་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། སྔར་ལས་ཕན་ནུས་ལྡན་པའི“ཆོད་དོན”བཞག་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། དོན་དག་གལ་ཆེན་ལ་མཐུན་སྦྱོར་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཏང་ཨུའི་ཐབས་ཇུས་དང་དམངས་ཆེན་གྱི་ཆོད་དོན། “སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག་ཁང་གཉིས”བཅས་ཀྱིས་དོན་འཁྱོལ་བྱེད་པའི་ལམ་ལུགས་སོ་སོ་འཐུས་ཚང་དུ་གཏོང་དགོས། སྔར་བས་གཏིང་ཟབ་པའི་སྒོ་ནས“དམངས་ཀྱི་གནས་ཚུལ་གྱི་ཆེད་དུ”མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེན་འཐུས་མིས་ནུས་པ་སྔར་ལས་ལེགས་པ་འདོན་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། འཐུས་མི་མི་དམངས་མང་ཚོགས་ཀྱི“བློས་ཐུབ་གྲོགས་པོ”དང་མང་ཚོགས་དང་ཏང་དང་སྲིད་གཞུང་བར་གྱི“འབྲེལ་ཟམ”ཞིག་ཏུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།          


ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་དམངས་ཆེན་གྱིས་དར་ཆ་གསལ་སྟོན་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དམངས་ཆེན་གྱི་བྱ་བ་སོ་སོ་ཏང་གི་མགོ་ཁྲིད་འོག་སྤེལ་རྒྱུའི་འགན་ལེན་བྱེད་དགོས་ཤིང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁུལ་ཡོངས་ཀྱི་དམངས་ཆེན་བྱ་བར་གཅིག་འདོམས་དང་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལས་ཁུངས་བཞིའི”སྐོར་གྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཏང་གིས་དམངས་ཆེན་བྱ་བར་མགོ་ཁྲིད་བྱེད་པའི་བྱ་བའི་ལམ་ལུགས་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས་ལ།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་ངོས་འཛུགས་སྐྱོང་དང་ལམ་སྲོལ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་དམངས་ཆེན་བྱ་བར་རྒྱབ་སྐྱོར་དང་འགན་ལེན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན།    


ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་རྫོང་རིམ་པ་དང་པོའི་བར་འཚོགས་ཤིང་། ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། མདོ་ལ་རྫོང་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ།  ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号