མཚོ་བྱང་ཁུལ་གྱིས་ལས་བྱེད་པ་རྒན་པར་གནམ་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཤིས་ཚིག་ཕུལ།


ཡོས་ལོ་རྙིང་པ་ཕར་ལ་སྐྱེལ། འབྲུག་ལོ་གསར་པ་ཚུར་ལ་བསུ།   ཟླ1པོའི་ཚེས5ཉིན། མཚོ་བྱང་ཁུལ་གྱིས་ལས་བྱེད་པ་རྒན་པར་གནམ་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་ཟི་ལིང་དུ་བསྐྲུན་ཡོད་པའི་མཚོ་བྱང་ཁུལ་གྱི་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་སུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཤིས་ཚིག་ཕུལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བྱེད་སྒོར་ཕེབས། ཝང་ཡུང་ཁྲང་དང་། སི་ཅི་ཧྲིན། ཞུ་ཡུང་ཀུང་། ཁྲང་ལིན་སོགས་ཁུལ་གྱི་མགོ་ཁྲིད་དང་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྒན་པའི་འཐུས་མི70ལྷག་ཙམ་མཉམ་གཅིག་ཏུ་འཛོམས་ནས་གནམ་ལོ་གསར་བ་སྤྲོ་བས་བསུས་ཤིང་མཚོ་བྱང་འཕེལ་རྒྱས་ཀྱི་སྐོར་གླེང་ལ། ཚོགས་རའི་ནང་དུ་དགའ་ལྷང་ལྷང་གི་དུས་ཆེན་གྱི་རྣམ་པ་བཟང་བོ་ཞིག་མངོན་ཡོད། 



ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ལས་བྲལ་ལས་འཁྱུར་གྱི་བློ་མཐུན་རྒན་པ་དང་ཁོ་ཚོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས་ནས་བསྟན་དོན། 2023ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཏང་འཛུགས་སྐྱོང་། བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དྲིལ་སྒྲོག་བྱ་བ་བཅས་ལ་དམ་འཛིན་ནན་མོ་བྱས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མཚོ་སྔོན་གྱི་སྙིང་སྟོབས་ཀྱི་བཙན་ས་དང་དམངས་འཚོའི་བྱ་བ་དངོས། ཐོན་ཁུངས་དང་རྒྱུ་ནོར་ཕན་འབྲས་ཆེན་པོས་བེད་སྤྱོད་བྱེད་པ་སོགས་གཙོ་གནད་བྱ་བ་རབ་དང་རིམ་པར་དམ་འཛིན་བྱས་པས་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་སླར་གསོ་དང་བརྟན་པོའི་ངང་ཇེ་ལེགས་སུ་འཕེལ་ནས་དཔལ་འབྱོར་གྱི་དམིགས་ཚད་ཁ་ཤས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི30ཡིས་འབད་འཐབ་དང་། རྒྱ་ཆེའི་ལས་བྲལ་ལས་འཁྱུར་གྱི་མགོ་ཁྲིད་རྒན་པས་རྨང་གཞི་བརྟན་པོ་བཏིངས་པ་དང་ཐུགས་ཁུར་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་ཟེར།



ཤ་བོ་སྐྱབས་ཀྱིས་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས་སྐབས་རིམ་བྱུང་གི་མགོ་ཁྲིད་ཚན་ཁག་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་དམིགས་ཚད་ལ་དམིགས་ཏེ་རང་འགུལ་ངང་འགན་འཁྲི་འཁུར་བ་དང་དཀའ་སྤྱད་དངོས་སྒྲུབ། རྒྱུན་མཐུད་འབད་འཐབ་བཅས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་གཏོད་དགོས་ལ། རྒྱ་ཆེའི་ལས་བྲལ་ལས་འཁྱུར་གྱི་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ཚོས་མཚོ་བྱང་གི་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རོགས་རམ། རྒྱབ་སྐྱོར་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་རང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དབུལ་རྒྱུའི་རེ་བ་ཡོད་ཅིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་སྤྲོ་སེམས་ཆེན་པོ་དང་བརྩེ་སེམས་ཟབ་མོ་བཅངས་ནས་ལས་བྱེད་པ་རྒན་པའི་ཆབ་སྲིད་དང་འཚོ་བའི་གསོལ་ཐང་དོན་འཁྱོལ་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚང་མའི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་ནས་རྒྱ་ཆེའི་ལས་བྱེད་པ་རྒན་པ་ཚོའི་ཚེ་མཇུག་སྔར་ལས་སྐྱིད་པོ་ཡོང་བར་བྱས་ཏེ་རང་སྐྱོང་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ལེགས་པའི་སྒོ་ནས་ལོངས་སྤྱོད་བྱེད་དུ་འཇུག་དགོས་པ་ནན་གྱིས་བསྟན།




ཀྲང་ཧྲིང་ཡོན་གྱིས2024ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པ་དང་། “ལྔ་བཅུ་བཞིའི”མཇུག་མཐའི་ལོ་ཞིག་ཡིན་ལ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་བྱང་གསར་པ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས“མདུན་གྲལ་དུ་སྐྱོད་པ་གསུམ”ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་དགོས་པ་དང་། བབ་བསྟུན་འཆར་འགོད་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ་དང་བྱ་བ་གཅིག་ལ་གཅིག་མཐུད་ནས་སྒྲུབ་སྟེ་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན།


ཇ་སྟོན་ཚོགས་འདུའི་ཐོག ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་གསུང་བཤད་དང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཆེད་དོན་བརྙན་ཐུང་བསྟན་ནས2023ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་སོང་ཚུལ་ཁྱབ་བརྡ་བཏང་ལ། ཝང་ཀྲུང་ཧའེ་དང་། སངས་འབྲུག ཚའེ་ཅན་གོ ལི་ཧྲུན་པང་བཅས་བློ་མཐུན་རྒན་པ་བཞིས་ལས་བྱེད་པ་རྒན་པའི་ཚབ་བྱས་ཏེ་ཚོགས་ཆེན་ཐོག་གཏམ་བཤད་གནང་སྟེ་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་། ཁུལ་གྱི་མགོ་ཁྲིད་ཀྱིས་བློ་མཐུན་རྒན་པ་ཚོར་ལོ་སར་གྱི་དྲན་རྟེན་དངོས་པོ་གནང་ནས་ལས་བྱེད་པ་རྒན་པ་རྣམས་ལ་སྨོན་འདུན་བཟང་བོ་ཞུས། 



དེའི་རིང་། ཁུལ་མི་རིགས་གླུ་གར་ཚོགས་པས་ལས་བྱེད་པ་རྒན་པ་ཚོར་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཡིན་པའི་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号