ཤ་བོ་སྐྱབས་རྐང་ཚ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་གི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ1པོའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་གི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་རྐང་ཚ་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་ཞིབ་བཤེར་བསུ་བའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་གཏམ་བཤད་དང་རྐང་ཚ་རྫོང་གི་བྱ་བ་སྤེལ་པའི་གནས་ཚུལ་གྱི་སྙན་ཞུར་གསན་ཏེ་ནན་གྱིས་བསྟན་དོན། རྐང་ཚ་རྫོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པའི་ས་ཆ་ཡིན་པས་ཐེངས་འདིའི་ཞིབ་བཤེར་བསུ་བའི་བྱ་བའི་ཁྲོད་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་གནད་དོན་ཁྲིད་སྟོན་དུ་འཛིན་པ་དང་དམིགས་འབེན་ཁྲིད་སྟོན་དུ་འཛིན་པ། མཇུག་འབྲས་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་ལས་སྒྲུབ་ལས་གཏོད་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་སྒྱུར་ནས་རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་དཔྱད་དཔོག་དང་ལེན་བྱེད་པའི་གྲ་སྒྲིག་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་། དེ་མིན་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་ཟེར།


ཤ་བོ་སྐྱབས་ཀྱིས་འགན་འཁྲིའི་ཐད་ཡང་བསྐྱར་ནན་དུ་གཏོང་བ་དང་། ཞན་ཆའི་སྟེང་ཡང་བསྐྱར་ཤུགས་སྣོན་པ། དཔྱད་གཞིའི་ཡིག་རིགས་ཐོག་ཡང་བསྐྱར་ཞིབ་ཚགས་སུ་གཏོང་བ། གཞི་གྲངས་ཀྱི་ཐད་སླར་ཡང་གནད་ལ་འཁེལ་བར་བྱེད་པ། གྲ་སྒྲིག་གི་ཐད་སླར་ཡང་ཞིབ་ཚགས་སུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཤིང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཞིབ་བཤེར་བསུ་བའི་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད་དེ། གཅིག་ནས“རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱེད་པའིབྱ་བའི་འགན་འཁྲི་དང་མགོ་ཁྲིད་ལས་བྱེད་པའི“1+10གཞི་རིམ་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང་དེ་བཞིན་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཡུལ་ཚོ(གྲོང་རྡལ)དང་སྡེ་བར་འགན་གཙང་ལེན་གྱི་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་བྱ་བ་སྤེལ་ནས་ནུས་ཤུགས་ཡོད་རྒུས་ཞིབ་བཤེར་བསུ་བའི་བྱ་བ་སོ་སོ་ཡག་པོར་སྒྲུབ་དགོས། གཉིས་ནས་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་གི་གཙོ་གནད་དང་ཞིང་ཆེན་དང་གྲོང་གསེབ་ཅུས་ཀྱིས་གཤམ་སྤེལ་བྱས་པའི་ཡིག་ཚགས་དཔྱད་ཡིག་གི་མཛུབ་ཁྲིད་དཀར་ཆག་ལ་དམ་པོར་དམིགས་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཡིག་ཚགས་དཔྱད་ཡིག་གྲ་སྒྲིག་བྱེད་པ་དང་། ཕྱོགས4ཡི་ནང་དོན27གྱི་དམིགས་ཚད46ལ་དམིགས་ནས་བཟོས་ཟིན་པའི་ཡིག་ཚགས་ཀྱི་དཔྱད་ཡིག་ལ་ཡང་བསྐྱར་ཞིབ་བསྡུར་དང་ཡང་བསྐྱར་ལེགས་སྒྲིག ཡང་བསྐྱར་ཞིབ་བཤེར་བཅས་བྱས་ཏེ་རྩིས་ཁྲའི་དཔྱད་ཡིག་དང་ཡུལ་དངོས་ཕན་འབྲས་ཚད་མཐོའི་གཅིག་གྱུར་དང་ཕན་ཚུན་ར་སྤྲོད་ཐུབ་དགོས། ལྷག་པར་ཡུལ་གཞན་དུ་གནས་སྤོ་དང་ལས་གནས་བརྟན་སྲུང་། འཐུང་ཆུ་ཉེན་མེད་སོགས་ཀྱི་ཞན་ཆར་དམིགས་ནས་གནས་ཚུལ་མཐིལ་རྟོགས་དང་ཆད་ལུས་ཞིབ་བཤེར་དང་ཆད་གསབ་སྔར་ལས་ལྷག་པར་བྱས་ཏེ་ཞིབ་བཤེར་བསུ་བའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། གསུམ་ནས་ཕྱོགས་སྡོམ་དང་ཕྱོགས་བསྡུས་ནན་ཏན་བྱས་ཏེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་མགོ་ཁྲིད་ལམ་སྲོལ་དང་སྲིད་ཇུས་ལེགས་སྒྱུར། བྱ་བའི་བྱེད་ཐབས། དངོས་ཡོད་ཕན་འབྲས། དམིགས་བསལ་ཁྱད་ཆོས་སོགས་གང་ལེགས་མངོན་པར་བྱས་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བའི་ཁྲོད་ཐོན་པའི་མི་སེམས་འགུལ་བའི་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱེད་དགོས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྡེ་བརྒྱད་པའི་རྗེས་ཤུལ་གྱི་གསར་བརྗེའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་ཡག་པོར་བཤད་དེ་གྲུབ་འབྲས་གསལ་པོ་བཤད་པ་དང་གནས་ཚུལ་གསལ་པོ་བཤད་དགོས། བཞི་ནས་ཚད་མཐོའི་འགན་འཁྲིའི་བསམ་པའི་ཐོག་ནས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་སྦྲེལ་མཐུད་འབྲེལ་གཏུགས་སོགས་ཞབས་ཞུའི་བྱ་བ་སོ་སོ་ཡག་པོར་སྒྲུབ་སྟེ་ཞིབ་བཤེར་ཚན་ཆུང་གིས་བྱ་བ་སྤེལ་རིང་སྦྲེལ་མཐུད་བདེ་བླག་དང་ཞིབ་བཤེར་བློ་ཡིད་ཚིམ་པོ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་ཞིབ་ཕྲའི་འགན་འཁུར་ནས་ཞན་ཆ་དང་མི་འདང་སའི་ཁ་གསབ་ཇེ་མགྱོགས་སུ་བཏང་སྟེ་གནད་དོན་བཅོས་སྒྲིག་གི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།


ཚོགས་འདུ་གྲོལ་རྗེས། ཤ་བོ་སྐྱབས་ཀྱིས་ཐོན་ལས་དར་སྤེལ་གཏོང་བའི་བྱ་བར་དམིགས་ནས་ཡུལ་དངོས་སུ་རྐང་ཚ་རྫོང་གི་ཕྱུགས་ལས་ཐོན་རྫས་ལས་སྣོན་གཉོར་སྐྱོང་གླིང་གི་སློག་པ་ལས་སྣོན་ས་ཚིགས་དང་བལ་དཀར་ཁ་བཏགས་ཐོན་སྐྱེད་སྒྲུབ་རིམ་ལ་གཟིགས་ཞིབ་གནང་ཞིང་། མཚོ་སྔོན་པོའི་ཞིང་རའི་སྣུམ་འཚག་བཟོ་གྲྭའི་ཐོན་སྐྱེད་གཉེར་སྐྱོང་གི་ད་ལྟའི་གནས་ཚུལ་དང་རྐང་ཚ་རྫོང་གི་རྟའི་རིག་གནས་ཐོན་ལས་རྟ་གྲུག་རུ་ཁག་གི་སྦྱོང་བརྡར་གནས་ཚུལ་ལ་རྒྱུས་ལོན་གནང་སྟེ། རྐང་ཚ་རྫོང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རོང་འབྲོག་མང་ཚོགས་ལ་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ལས་རིགས་གཉེར་རྒྱུར་སྐུལ་ལྕག་བྱས་ཏེ་ནོར་ལུག་གི་མགོ་རུས་དང་རྩིད་བལ་ལས་སྣོན་གྱི་ཁེ་ལས་སྐྱེད་སྲིང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རོང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་དགོས་པ་དང་། རྟ་གྲུག་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འགྲན་བསྡུར་བྱེད་སྒོ་དང་ཆེད་དོན་འཁྲབ་སྟོན་སྤེལ་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཡིད་སེམས་འགུག་ཤུགས་མཐོ་རུ་གཏོང་དགོས། མཚོ་སྔོན་པོ་ཞིང་རའི་སྣུམ་འཚག་བཟོ་གྲྭས་ཧྲན་ཏུང་གི་རོགས་སྐྲུན་སྒྲིག་ཆས་ཡག་པོ་སྤྱད་དེ་བྱ་གླིང་རྟགས་ཅན་གྱི་ལོག་དཀར་སྣུམ་གྱི་ཆས་རྟགས་ཡག་པོ་བཏོད་དེ་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།


ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ལི་ཞུ་ཀྲེན། ཀརྨ་ཚེ་རིང་། ཧ་ཝུན་ཞིག རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་གི་ལས་བགོས་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号