ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་པ།

ཟླ2པའི་ཚེས21ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུ་ཐེངས63པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་བྱ་བར་བཀོད་སྒྲིག་གནང་པ།

ཚོགས་འདུའི་ཐོག ཟླ1པོའི་ཚེས31ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་གསན་སྐབས་ཀྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན།  ཁུལ་གྱི་ཏང་ཙུའུ་ལས་ཁུངས5ཡིས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་བྱ་བའི་བཀོད་སྒྲིག་ལ་དམིགས་ཏེ་གཙོ་གནད་བྱ་བར་དམིགས་པ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།   《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》གི་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།  ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཐད་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་བེད་སྤྱོད་ཡག་པོ་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞི”རྒྱུན་འཁྱོངས་བྱས་ནས་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་པ་དང་བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཟེར།         

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་དུས་རབས་ཀྱི་ནང་དོན་དང་སྲོག་ཤིང་གི་ཡང་སྙིང་། ངོ་བོའི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་བྱ་བ་ཁག་དོན་འཁྱོལ་ཞིབ་ཚགས་དང་ཐོན་ལས་གླིང་ཁུལ10ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་པ་དང་། མཚོ་བྱང་གི་ལྗང་མདོག་བཟོ་ལས་མ་ལག་བསྐྱར་དུ་འཛུགས་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཚོང་འདྲེན་མ་འགུག་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་ཁུལ་ཡོངས་ཀྱི་གཙོ་གནད་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ནང་ཞུགས་རྒྱུར་བརྩོན་ལེན་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་ཀྱི་ཁག་ཐེག་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། “ཞིང་གསུམ”སོགས་ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་པ་དང་། ཁེ་ལས་ལ་རོགས་སྐྱོར། དཀའ་ངལ་སེལ་བའི་རྒྱུན་རྣམ་ཅན་གྱི་བྱ་བ་སྤེལ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་སྒོས་གཏོད་དགོས། སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་སྟེ་ཧྲན་ཏུང་དང་ཀྲུང་དབྱང་ཁེ་ལས་ལ“གཉེན་ཉེའི”མཉམ་ལས་གཉིས་ཕན་གྱི“བྱ་བ་ཆེན་པོ”ཡག་པོར་སྒྲུབ་པ་དང་གཏན་འཁེལ་ཟིན་པའི་མཉམ་ལས་བྱ་བ་དོན་འཁྱོལ་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར2024ལོའི་ཁུལ་ཡོངས་ཀྱི་སྒྱུར་བཅོས་ཀྱི་གཙོ་གནད་བྱ་བ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ལེགས་སྒྲུབ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་དང་སྐྱེ་ཁམས་ཁ་གསལ། མ་འཇོག་དང་མ་དངུལ་མཉམ་བསྡུའི་སྒྲིག་གཞི།   ནོར་ཁྲལ་སྒྲིག་གཞི་སོགས་ཕྱོགས་བསྡུས་སྒྱུར་བཅོས་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་འབྲེལ་ཡོད་སྒྱུར་བཅོས་ཀྱི་ལས་འགན་མགྱོགས་མྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་བསྟན་དོན། 《ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》གིས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་སྒྲིག་སྲོལ། བྱ་བའི་འགན་འཁྲི། ནང་དོན། རྣམ་པ་གཙོ་བོ། འགན་ལེན་དང་ལྟ་སྐུལ་སོགས་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་རྒྱུ་དེ་ནི་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་བའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། 《སྲོལ་ཡིག》གི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས《མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་དགུ》ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་མངའ་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གསར་བརྗེའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱེད་དགོས་པ་དང་། གསར་བརྗེའི་ཚོགས་ར་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསར་བརྗེའི་ཏང་གི་ལོ་རྒྱུས་སློབ་ཚན་གསར་སྤེལ་བྱེད་པ།  བརྗོད་དོན་དྲིལ་སྒྲོག་གལ་ཆེན་བྱེད་པ། གསར་བརྗེའི་ཚོགས་པའི་ཞིབ་འཇུག་གསོ་སྦྱོང་དང་སློབ་སྦྱོང་སྒྲིག་འཛུགས་བྱེད་པ་སོགས་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་མཚོ་བྱང་གི་སྙིང་སྟོབས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མ་ལོ་སར་གུང་གསེང་རིང་གི་རྣམ་པ་ལས་གང་མགྱོགས་བུད་ནས་བསམ་བློ་དང་སེམས་ཤུགས་བྱ་བའི་སྟེང་སྒྱུར་ཐུབ་པར་བྱེད་དགོས་སྟེ། གཅིག་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་འགན་འཁྲི་འཁུར་ཕོད་པ་བྱས་ནས་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་ཏེ་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ལས་མགོ་རྩོམ་དགོས། གཉིས་ནས་བྱ་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་པ། ནུས་ཤུགས་ཡོད་རྒུས་དུས་ཆེན་རྗེས་ཀྱི“དམག་འཐབ་དང་པོ”ཡག་པོ་རྒྱག་པ་བཅས་བྱས་ནས“མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པའི”འགན་ལེན་བྱེད་དགོས།གསུམ་ནས་གཙོ་གནད་ལས་གཞི་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱི་འགན་གཙང་མཉམ་འབྲེལ་གྱི་ལམ་ལུགས་མུ་མཐུད་ཁྱབ་གདལ་བཏང་སྟེ་རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་སྟོན་ཕྱོགས་དང་མ་དངུལ་གཏོང་ཕྱོགས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་ལས་གཞི་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞིའི་ནང་འཇུག་རྒྱུར་བརྩོན་ལེན་བྱེད་དགོས། བཞི་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁུལ་རིམ་པའི་མགོ་ཁྲིད་དང་སྡེ་ཁག་གི་ཚོང་འགུགས་མ་འདྲེན་བྱ་བའི་ལམ་སྲོལ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས་ལས་རིགས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་ལེགས་སུ་བཏང་སྟེ་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་དང་འགལ་ཟླའི་མངོན་མེད་རྐྱེན་ངན་ཚབས་ཆེན་ཚོད་འཛིན་དང་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ནས་ཉེན་ཁའི་གནད་དོན་སྣ་ཚོགས་ཐོན་མ་ཐག་ནས་ཐག་གཅོད་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས། དྲུག་ནས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་སྒྲོག་འགྲེལ་བྱ་བར་དམ་འཛིན་ཡག་པོ་བྱས་ནས་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་དང་སྒྲོག་འགྲེལ་ཇུས་གཞི་འཆར་ཟིན་འགོད་རྒྱུ་དམ་འཛིན་བྱས་ཏེ་ཁུལ་ཨུས་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་ཚོགས་རྒྱུར་གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་ཐོག་མཉམ་དུ་འབྲེལ་ཡོད་སྲིད་གཙང་ཉེན་ཟོན་སློབ་གསོའི་བརྙན་ལ་བལྟས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号