ཁུལ་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི2024ལོའི་ལོ་འཁོར་མོའི་ཚོགས་འདུ་ཐེངས་དང་པོ་དང་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཟླ6པའི་ཚེས24ཉིན། ཁུལ་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི2024ལོའི་ལོ་འཁོར་མོའི་ཚོགས་འདུ་ཐེངས་དང་པོ་དང་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད"ཞིང་གསུམ"བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་སྦྲེལ་མཐུད་ནུས་ལྡན་བྱ་བའི་བརྙན་ལམ་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་སྦྲེལ་མཐུད་ནུས་ལྡན་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་སྦྲེལ་མཐུད་བྱ་བའི་གནས་ཚུལ་ཁྱབ་བརྡ་བཏང་ཞིང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་བཀོད་སྒྲིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་སླེབས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཞིབ་འཇུག་དང་བཀོད་སྒྲིག སྐུལ་འདེད་བཏང་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་གིས་བཏོན་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། གནད་འཁེལ་དངོས་སྒྲུབ་ཀྱིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་རྒྱུགས་ལན་ཞིག་དབུལ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པ་བྱ་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་གིས་བཏོན་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པའི་གཟབ་ནན་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་བྱེད་དགོས། འགན་འཁུར་དངོས་སྒྲུབ་ཀྱིས་བཅོས་སྒྲིག་གི་འགན་འཁྲི་ཡང་བསྐྱར་ནན་དུ་གཏོང་བ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི"དཔེ་དེབ་གཅིག་དང་གསལ་ཐོ་གཅིག མིག་མངས་འགྲིག་སྐོར་གཅིག"གི་བླང་བྱ་ལྟར། ཁུལ་རིམ་པའི་མགོ་ཁྲིད་ཀྱིས"1+10"ཡིས་གཞི་རིམ་ལ་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང"4+1+N"ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་ལག་བསྟར་ནན་མོ་བྱས་ནས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱ་བ་སོ་སོ་ཡག་པོར་སྒྲུབ་དགོས། ཚད་གཞི་དང་རེའུ་མིག་ལྟར་བཅོས་སྒྲིག་དོན་འཁྱོལ་ཐད་སླར་ཡང་ཤུགས་བསྣན་ཏེ"སྐབས་ཐོག་དམ་འཛིན"དང"ཕུགས་ལ་དོ་དམ"། "སྐབས་ཐོག་བཅོས་སྒྲིག"དང"ཕུགས་ཕན་སྲོལ་འཛུགས"ཟུང་འབྲེལ་བྱས་ཏེ་སྐབས་འཕྲལ་གྱི་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་རྩ་བ་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་བསྐྱར་དུ་མི་ཐོན་པ་བྱེད་དགོས། གཙོ་གནད་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་ཤུགས་སླར་ཡང་ཆེ་རུ་གཏོང་བ་དང"བཟོ་སྐྲུན་ཁྲི་སྟོང"གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཧུར་ཐག་གཏོང་བ་དང་གནས་སྦྲེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གཞི་འཛུགས་སྐྲུན་དང་རྒྱུ་ནོར་དོ་དམ་ལ་ཤུགས་བསྣན་ཏེ། རོང་འབྲོག་མང་ཚོགས་ལ་ངེས་པ་དོན་གྱིས་སྔར་ལས་ལྷག་པའི་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ"འགན་ལེན་གསུམ"དང་འཐུང་ཆུའི་བདེ་འཇགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་ཡག་པོ་བྱས་ཏེ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་བརྟན་པོའི་ངང་སེལ་དགོས། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ལས་ཞུགས་འགག་སྒྲོལ་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་གཉེར་སྐྱོང་རང་བཞིན་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་སྤོ་སྒྱུར་རང་བཞིན་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡུལ་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ཡུལ་སྤོས་མང་ཚོགས་ཀྱི་ཐོན་ལས་ལས་ཞུགས་རོགས་སྐྱོར་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་དགོས། ལས་གཞི་འཛུགས་སྐྲུན་དང་མ་དངུལ་གཏོང་སྤྲོད་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་གོ་རིམ་གྱི་བླང་བྱར་སླེབས་པའི་འགན་ལེན་བྱེད་དགོས། ཐོན་ལས་ལས་གཞིའི་རྒྱུ་ནོར་དོ་དམ་འཁོར་སྐྱོད་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ལས་གཞིའི་རྒྱུ་ནོར་རྒྱུན་མཐུད་ངང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་རྨོ་ཞིང"ཞིང་མིན་ཅན"དང"འབྲུ་མིན་ཅན"ནན་འགོག་བྱས་ནས་འབྲུ་སྣུམ་གྱི་རྒྱ་ཁྱོན་དང་ཐོན་ཚད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་འཕེལ་རྒྱས་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་བཅོས་སྒྲིག་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་བཅོས་སྒྲིག་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་གནད་དོན་བཅོས་སྒྲིག་ལ་ལས་འཕྲོ་མི་འཇོག་པ་དང་མཛོད་གཙང་མཐིལ་རྟོགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག མཚོ་བྱང་ཁུལ་གྱི་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་བྱ་བའི་ཇུས་གཞིར་གྲོས་ཞིབ་བྱས་པ་དང་། 2023ལོའི་ལོ་འཁོར་མོའི་ཁུལ་ཡོངས་ཀྱི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་གནས་ཚུལ་ཁྱབ་བརྡ་བཏང་ཞིང་། འཇུ་ལག་རྫོང་དང་རྐང་ཚ་རྫོང་། མདོ་ལ་རྫོང་མཁར་དམར་གྲོང་རྡལ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། 

ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་དང་ཡུལ་ཚོའི(གྲོང་རྡལ)རིམ་པ་དང་པོར་འཚོགས། ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ལའེ་མིན། སི་ཅི་ཧྲིན། ཧི་པིན། ཝང་ཞིང་ཧོས། ཀརྨ་ཚེ་རིང་། ཁྲང་ལིན་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།

གཡང་འབུམ་ཚེ་རིང་གིས་བསྒྱུར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号