ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱ་སྐྱེད་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།    

ཟླ6པའི་ཚེས21ཉིན་གྱི་སྔ་དྲོར། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱ་སྐྱེད་ཚོགས་འདུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།  ཁུལ་ཡོངས་ཀྱི་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ་བྱ་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་དེའི་དགོངས་པའི་ཡང་སྙིང་དང་སྲོག་ཤིང་གི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དགོངས་དོན་ཧུར་ཐག་གིས་རྟོགས་པ་དང་ཉིང་བཅུད་ཁོང་དུ་ཆུད་པ། མཐའ་གསལ་མཐིལ་རྟོགས་ཧུར་ཐག་བཅས་བྱས་ཏེ་དྲིན་ཚོར་གྱི་བསམ་པ་དང་བརྩེ་སེམས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ལེའུ་གསར་པ་འབྲི་དགོས་ཟེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་། ལྷག་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ལ་ཉེ་བའི་དུས་སྐབས་གལ་ཆེན་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛུབ་ཁྲིད་གནང་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ཤིང་། མཚོ་སྔོན་འཕེལ་རྒྱས་ལ་དམིགས་བསལ་གྱི་ཐུགས་ཁུར་བྱེད་པ་དང་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་སྒོས་མངོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་དགོངས་པ་གཏིང་ཟབ་པས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད་ཟེར།   

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ཤིང་།  ཁུལ་ཨུའི"243"གྱི་འཕེལ་རྒྱས་བཀོད་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གནས་བབ་གསར་བ་དང་དམིགས་ཚད་གསར་བ། བླང་བྱ་གསར་བ་བཅས་ལ་བསམ་གཞིག་གཏིང་ཟབ་བྱས་ནས་དེའི་ནང་སྙིང་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱེད་དགོས། “རང་ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཤུགས་ཆེན་བྱེད་པའི"བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་མཚོ་བྱང་གི་ཐོན་ཁུངས་རང་སྤུས་དང་ནུས་རྒྱུའི་ཆ་རྐྱེན། སྐྱེ་ཁམས་ལེགས་ཆར་བརྟེན་ནས་རྨང་གཞི་ཡོད་པ་དང་ཁྱད་ཆོས་ཡོད་པ། མངོན་མེད་སྟོབས་ཤུགས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པའི་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་བསྟར་བྱེད་དགོས། “སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་།    མཚོ་བྱང་གི་དམིགས་བསལ་སྐྱེ་ཁམས་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་ནས“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ནས“སྐྱེ་ཁམས་རིན་ཐང”རྣམ་པའི་འོག་གི་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས“རི་སྔོ་ཆུ་དང་ནི་གསེར་རི་དངུལ་རི་ཡིན་པའི”ལམ་བུ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས།     “དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་རྒྱུའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ལས་ཞུགས་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། རྒན་གསོ་སོགས་ཀྱི་གནད་དོན་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། "མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་མུ་མཐུད་ཡག་པོར་སྒྲུབ་དགོས་པའི"བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་གཞིག་གཏིང་ཟབ་དང་བྱེད་ཐབས་གསར་གཏོད། རྨང་གཞི་བརྟན་གཏོང་བཅས་བྱས་ཏེ། ཆོས་ལུགས་འཚམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་དོན་གཉེར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། 221རྟེན་གཞིའི་གནའ་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་གཤིས་བློ་སྦྱོང་སྦྱོང་བརྡར་ཁྲོད་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གསར་བརྗེའི་ཐོན་ཁུངས་ལ་གསོན་ཤུགས་བསྩོལ་བ་དང་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་རིམ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཏང་ཨུའི(ཏང་ཙུའུ)ཚོགས་འདུ་འཚོགས་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས། གསུང་བཤད་ཀྱི་དགོངས་དོན་ཏང་རྩ་འཛུགས་ཚང་མ་དང་ཏང་ཡོན་ལས་བྱེད་པ་ཚང་མའི་ཁྲོད་མགྱོགས་མྱུར་བརྒྱུད་སྒྲོག་བྱས་ཏེ། སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱ་བ་སེམས་ལ་ཟུག་པ་དང་། གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཁག་དང་ཏང་གི་སློབ་གྲྭས་གསུང་བཤད་ཀྱི་དགོངས་དོན་དེ་ལས་བྱེད་པ་གསོ་སྦྱོང་གི་སློབ་ཁྲིད་ཀྱི་ནང་དོན་དུ་བཅུག་ནས་རྣམ་པ་མང་པ་དང་རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་བྱེད་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་གསར་འགྱུར་དྲིལ་སྒྲོག་དང་གཅིག་སྡུད་སྒྲོག་འགྲེལ། རིགས་པའི་གཞུང་ལུགས་ཞིབ་འཇུག་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། སྨྱན་སྦྱོར་གསར་པ་བརྒྱུད་སྒྲོག་བྱེད་ཤུགས་དང་ཕྱི་ཕྱོགས་ལ་དྲིལ་སྒྲོག་མཚམས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་ཡོངས་དང་ཁྱབ་རྒྱ་ཆེ་བའི་དྲིལ་སྒྲོག་བྱས་ཏེ། སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་དགོས། ཁུལ་རིམ་པའི་མཉམ་འབྲེལ་རྫོང་སོ་སོའི་མགོ་ཁྲིད་ཀྱིས་སྔོན་ལ་གསུང་བཤད་ཀྱི་དགོངས་དོན་ཁོང་དུ་ཆུད་པ་དང་མིག་སྔའི་བྱ་བ་སོ་སོ་དང་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་གཞི་རིམ་དང་མཉམ་འབྲེལ་ཡུལ་ཚོ། གྲོང་རྡལ་དུ་བསྐྱོད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་བྱང་གི་ས་གཞི་ཆེན་མོར་ཁྱབ་པར་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号