ཤ་བོ་སྐྱབས་ཀྱིས་རྩོམ་པ་པོ་ལུང་རིན་ཆེན་དང་མཇལ་འཕྲད་གནང་པ།

ཟླ6པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཀྲུང་གོ་ནགས་ལས་སྐྱེ་ཁམས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན་དང་མཇལ་འཕྲད་གནང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང221རྟེན་གཞིའི་མཁའ་དམག་སྲུང་དམག་དཔུང་སྡེའི་ལོ་རྒྱུས་གཏམ་རྒྱུད་སྔོག་འདོན་བྱ་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་གནང་།

ཤ་བོ་སྐྱབས་ཀྱིས་ཀྲུའུ་ཞི་ལུང་རིན་ཆེན་གྱིས་བཅིངས་འགྲོལ་དམག་མཁའ་དམག་སྲུང་དམག་དཔུང་སྡེའི་ལོ་རྒྱུས་གཏམ་རྒྱུད་གཙོ་རྐང་དུ་བྱེད་པའི་གསར་རྩོམ་བསམ་ཕྱོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁོང་གིས་མཚོ་བྱང་གི་གསར་བརྗེའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་མཚོ་བྱང་གི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་དུ་ཀྲུང་གོ་གསར་པའི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་དང་པོ་ལེགས་གྲུབ་བྱུང་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་སའི་ས་ཆ་ཞིག་རེད། གསར་བརྗེ་ནི་མཚོ་བྱང་གི་གཤིན་ས་འདིའི་རྗེས་ཤུལ་ཟབ་མོ་ཞིག་ཡིན་ཞིང་། ཚན་རྩལ་ལས་སྒྲུབ་པ་དང་བཅིངས་འགྲོལ་དམག རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་གནས་འདིར་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བཞག་ཡོད་ལ། ལྷག་པར་དུ་མཚོ་དམག་དང་སྐམ་དམག མཁའ་དམག་གསུམ་གྱིས་མཚོ་སྔོན་པོའི་ཁེ་ཐུའུ་གྲུ་ཁར་རོང་འབྲོག་མང་ཚོགས38བསྐྱབས་པ་དང་སྨོན་ལམ་མཐོན་པོ་མཁའ་དམག་སྲུང་དམག་གིས221རྟེན་གཞི་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་རྒྱ་ཁྱབ་ཏུ་དར་ཁྱབ་བྱུང་ནས་མཚོ་བྱང་གི་བུ་བུ་མོ་ཚོས་མི་རབས་ནས་མི་རབས་བར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་ལྕག་བསྩལ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་བཏོད་དེ་ཚོགས་སྦྱོང་ཐོན་ལས་གཅིག་སྡུད་ངང་འཕེལ་རྒྱས་བཏང་སྟེ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གསར་སྤེལ་ཤུགས་ཆེན་བྱས་ནས་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གཏམ་རྒྱུད་སྔོག་འདོན་བྱས་ཡོད། ཀྲུའུ་ཞི་ལུང་རིན་ཆེན་གྱིས་རྩོམ་རིག་གསར་རྩོམ་གྱི་ཟུར་ཚད་ཐོག་ནས་གཤིན་ས་འདི་རུ་དར་ཁྱབ་བྱུང་བའི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་བྱས་ཏེ་མཚོ་བྱང་གི་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱེད་རོགས་བྱས་ནས་མཚོ་བྱང་གི་རྩོམ་རིག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ་མུ་མཐུད་དུ་མཚོ་བྱང་གི“གསར་བརྗེའི་མིང་བྱང”གང་སར་ཁྱབ་ཏུ་འཇུག་པའི་རེ་བ་ཡོད་ལ། མཚོ་བྱང་ཁུལ་གྱིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས་ཀྲུའུ་ཞི་ལུང་རིན་ཆེན་གྱི་གསར་རྩོམ་ཚོགས་པའི་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུ་ཡིན་པར་བཤད། 

ལུང་རིན་ཆེན་གྱིས་མཚོ་བྱང་ནི་གསར་བརྗེའི་གཤིན་ས་ཞིག་ཡིན་ལ་གསར་རྩོམ་གྱི་ས་ཆ་གཤིན་པོ་ཞིག་ཀྱང་ཡིན། སྨོན་ལམ་མཐོན་པོ་མཁའ་དམག་སྲུང་དམག་དཔུང་སྡེས་གཡུལ་ས་བརྟན་སྲུང་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་རྒྱུས་ལོན་གཏིང་ཟབ་དང་། མཚོ་བྱང་གི་གསར་བརྗེའི་གཏམ་རྒྱུད་སྔར་ལས་སྔོག་འདོན་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་རྩོམ་རིག་གི་རྣམ་པའི་ཐོག་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་རྒྱུ་ཡིན་ཞིང་། ཕུལ་བྱུང་རྩོམ་པ་པོ་རྣམས་མཚོ་བྱང་དུ་བཅར་འདྲིར་བསྐྱོད་དེ་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། མཚོ་བྱང་འདི་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་རྩོམ་རིག་གསར་རྩོམ་གྱི་བཙན་ས་ཞིག་ཏུ་བསྐྲུན་རྒྱུ་ཡིན་པར་བཤད།

ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་གནའ་ཤུལ་གཞུང་ལས་ཁང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་ནང་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号