ཤ་བོ་སྐྱབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ལ་དྲིན་ལན་འཇལ་དགོས་པ་ནན་གྱིས་བསྟན།

ཟླ6པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་དང་མཚོ་སྔོན་པོའི་བྱང་ངོགས་ཀྱི་ལྗོངས་ཁུལ་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སྡེ་བ་རིམ་པའི་ཐོན་ལས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རིག་གནས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་ནས་ནན་གྱིས་བསྟན་དོན། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ལ་དྲིན་ལན་འཇལ་དགོས་པ་ནན་གྱིས་བསྟན།

དབྱར་ཟླ་དྲུག་པའི་རྐང་ཚའི་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བར་བསྐྱོད་སྐབས་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་གྱིན་པའི་སྔོ་ལྗང་འདེབས་འཛུགས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམངས་ཀྱི་སྡོད་ཁང་། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ལམ། ཆེ་ཞིང་གྲལ་དག་པའི་བཟོ་ཁང་སོགས་མིག་ལམ་དུ་འཆར་བ་དེ་ནི2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་ནས་ལོ3འགོར་བའི་རིང་དཀོན་ལོ་གོང་མ་སྡེ་བའི་རྣམ་པ་རྙིང་པ་གསར་པར་བརྗེ་བའི་མི་རྣམས་དགའ་འོས་པའི་འགྱུར་ལྡོག་རེད། སྡེ་མི་བསོད་ནམས་ཚེ་རིང་ཚང་གི་སྒོ་རའི་ནང་ཤ་བོ་སྐྱབས་ཀྱིས་སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་སྡེ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ཀྱི་མི་སེམས་འགུལ་བའི་དུས་སྐབས་ལ་ཕྱིར་དྲན་བྱེད་པའི་རྣམ་པར་ཉན་ནས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དང་བཀའ་སློབ་ནན་ཏན་ངང་བཤད། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ས་ཡིན་པའི་ཆ་ནས་ང་ཚོས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་ཡག་པོ་བྱས་ནས། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"ས་གནས་རང་གི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས་པའི"སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། རང་ངོས་ཀྱི་ལེགས་ཆར་དམིགས་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་པ་བརྒྱུད། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་མཐོ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་ཁྲིད་བྱེད་དགོས། "ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི"བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཡུལ་ཚོ་དང་སྡེ་བའི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་རོང་འབྲོག་མང་ཚོགས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། སྡེ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རོགས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། "དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་ཏན་ཏིག་གཏོང་པའི"བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་ནས་གང་ཐུབ་ཅི་ཐུབ་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། དབུལ་ཐར་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྒྲིག་སྲོལ་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་འབྱུང་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། "མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་མུ་མཐུད་ཡག་པོར་སྒྲུབ་དགོས་པའི"བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང"ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི"གཙོ་རྐང་དེར་དམ་པོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཡོད་ལ་ཁྱད་ཆོས་ཀྱང་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཚམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། མི་རིགས་སོ་སོ་སེ་འབྲུ་ལྟར་དམ་པོར་མཉམ་དུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། "ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་སྐོར"གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ངང་སྤེལ་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

སྒྲོག་འགྲེལ་ལ་ནན་ཏན་གྱིས་ཉན་རྗེས། སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་དང་། ཏང་ཡོན་རྒན་པ་ཕག་མོ་བཀྲ་ཤིས།  སྡེ་མི་ཚེ་རིང་དོན་འགྲུབ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་དྲིན་ཚོར་བསམ་པ་དང་བརྩེ་སེམས་མཚོན་པར་བྱས། ཚང་མས“ལོ་གསུམ་སོང་རྗེས་སྡེ་བ་མཛེས་སྡུག་ལྡན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་ཕྱིན་པ། དམངས་ཀྱི་ཡོང་སྒོ་མང་དུ་ཕྱིན་ནས་སྡེ་མིའི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་འཚོ་བ་སྔར་ལས་དར་རྒྱས་འགྲོ་བཞིན་ཡོད”པའི་ངོས་འཛིན་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་དེ་ནི་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་བློ་གཅིག་སེམས་གཅིག་གིས་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་བཤད།  

སྒྲོག་འགྲེལ་མཇུག་སྒྲིལ་རྗེས། ཤ་བོ་སྐྱབས་ཀྱིས་དཀོན་ལོ་གོང་མ་སྡེ་བའི་ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་ལྟེ་གནས་དང་། དེང་རབས་ཚན་རྩལ་འདེབས་གསོ་རྟེན་གཞི། སྦྲ་གུར་སྒར་ཁ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་སོགས་ལ་ལྟ་ཞིབ་བྱས་པར་མ་ཟད་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་དང་བརྗེ་རེས་གཏིང་ཟབ་གནང་ནས་དཀོན་ལོ་གོང་མ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡེ་བའི་མཉམ་སྡེབ་ཐོན་ལས་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་བརྟན་པོའི་ངང་སྐུལ་འདེད་བཏང་ནས་སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་ཕན་ལས་གཞི་ཁག་ཅིག་ལག་བསྟར་བྱས་ནས་སྡེ་མི་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཡོང་འབབ་བརྟན་པོའི་ངང་འཕར་ཐུབ་པ་བྱ་དགོས། འཛུགས་སྐྲུན་ལས་གཞིའི་བཟོ་སྐྲུན་ཞིབ་བཤེར་རྩིས་ལེན་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་བྱ་བ་ཏན་ཏིག་སྒོས་བསྒྲུབ་ནས་རང་ཡུལ་གྱི་གཉེར་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ཏེ་གཉེར་སྐྱོང་བྱེད་སྒོ་སྤེལ་དགོས། སྡེ་མིར་ལག་ཤེས་བཟོ་རྩལ་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཁྱད་ལྡན་ཐོན་རྫས་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ་སྡེ་མིས་ཡུལ་སྐོར་ལ་བརྟེན་ནས་ཟ་མ་ཟ་ཐུབ་པར་བྱེད་དགོས་ཟེར།    

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཉ་གཟིགས་སྟེགས་བུའི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་དང་། མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་དང་སྒར་ཁ་རྟེན་གཞིར་ལྗོངས་ཁུལ་གྱི་འགན་འཁུར་བ་དང་ལས་སྒྲུབ་མི་སྣ་དང་གླེང་མོལ་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ནན་གྱིས་བསྟན་དོན། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག གདུབ་གཅིག སྣེ་མང”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ནང་འདྲེས་པར་བྱས་ནས་གཉེར་སྐྱོང་འདུ་ཤེས་བསྒྱུར་བ་དང་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚུགས་གནས་མཐོ་བ་དང་ཆུ་ཚད་མཐོ་བའི་ལས་གཞི་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱས་ཏེ། “བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཉོ་རྩེད། ཐོན་ལས། སློབ་སྦྱོང་། ཉམས་ཞིབ”བཅས་ཀྱི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ་ཟ་སྡོད་སྣེ་ལེན་དང་ཁྲོམ་རའི་ཁོར་ཡུག ཐོན་རྫས་མཁོ་སྤྲོད་སོགས་ལེ་ལག་ཚང་བའི་ཞབས་ཞུ་སྔར་ལས་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཀྱི་ཞབས་ཞུ་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།       

ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སངས་འབུམ། ཁུལ་ཨུའི་གཞུང་ལས་ཁང་དང་རྐང་ཚ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号