ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་གནའ་ཤུལ་མཚོ་བྱང་ཁུལ་སྲུང་སྐྱོབ་བེད་སྤྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཟླ6པའི་ཚེས25ཉིན། ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་གནའ་ཤུལ་མཚོ་བྱང་ཁུལ་སྲུང་སྐྱོབ་བེད་སྤྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས།  ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང《རྒྱལ་ཁབ་རིག་དངོས་ཤུལ་བཞག་ཅུས་ཀྱི་གསར་བརྗེའི་གནའ་ཤུལ་འགྲེམས་སྟོན་སྣེ་ཁྲིད་སྒྲིག་སྲོལ(2023)པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། ཉམས་མྱོང་དང་བྱེད་སྟངས་བརྗེ་རེས་བྱས་ནས་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཞུགས།  ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སུང་ཞུག་ཙུང་གིས་དུས་མཚམས་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་རིག་དངོས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གནའ་ཤུལ་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ་རང་འགུལ་ངང་གོ་གནས་འཕེལ་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་ལ།   “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་དམིགས་ཏེ་དྲིལ་སྒྲོག་སློབ་གསོ་བྱ་ཡུལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རིག་དངོས་གསོན་སྒྱུར་བེད་སྤྱོད་བྱ་རྒྱུ་སོགས་ཀྱི་ཐད་ཕན་འབྲས་ལྡན་པའི་བྱ་བ་གང་མང་ཞིག་བསྒྲུབས་ཡོད་ཟེར།    

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ད་ལོ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བ་དང་། ཁུལ་ཡོངས་ཀྱི་གོང་འོག་གིས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བ་དེ་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཀྱི“བཟོ་སྐྲུན་ཨང་དང་པོར”བརྩིས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་བྱ་བ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་བྱ་བའི་བསམ་ཕྱོགས་སྔར་བས་གསལ་པོ་བཟོས་ཏེ་མཚོ་བྱང་ཁུལ་ཁོ་ནར་ཡོད་པའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ་མཚོ་བྱང་ཁུལ་གྱི་གསར་བརྗེའི་རིག་དངོས་ཀྱི་གཞི་གྲངས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་། གསར་བརྗེའི་ར་བ་དང་ཁང་འཛུགས་སྐྲུན། གསར་བརྗེའི་རིག་གནས་སྔོག་འདོན། གསར་བརྗེའི་སྙིང་སྟོབས་ཞིབ་འཇུག་སོགས་གཙོ་གནད་བྱ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། གཉིས་ནས་འཆར་འགོད་དོན་འཁྱོལ་བྱ་རྒྱུར་སྔར་ལས་སྐུལ་འདེད་བཏང་ནས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་ལག་བསྟར་འཆར་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་གཉེར་སྐྱོང་གི་གསར་སྤེལ་ཇུས་འགོད་ཇུས་གཞི་མགྱོགས་མྱུར་སྒོས་བཟོ་འགོད་བྱེད་པ། བཟོ་གྲྭ18པ་དང་མཁའ་དམག་དཔུང་སྡེའི་གནས་ཡུལ16། མཚོ་དམག་དཔུང་སྡེའི་གནའ་ཤུལ1བཅས་ཀྱི་ལོ་རྒྱུས་དཔྱད་གཞིའི་གཏམ་རྒྱུད་སྔོག་འདོན་སོགས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་དམག་ཁོངས་ནས་ཕྱིར་ལོག་པ་དང་བེད་མེད་དུ་གྱུར་པའི་གོ་མཚོན་སྒྲིག་ཆས་ཞལ་འདེབས་ཀྱི་ཞིབ་མཆན་དོན་འཁྱོལ་ཧུར་ཐག་བྱས་ནས་སླར་གསོ་འགྲེམས་སྟོན་བྱ་བར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། གསུམ་ནས་ལས་གཞི་ལག་བསྟར་སྙན་ཞུ་སྔར་ལས་ཡག་པོར་བསྒྲུབ་སྟེ་རྡུལ་ཕྲན་མཁར་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་། གསར་བརྗེའི་ཉམས་ཞིབ། ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི། བཟོ་ལས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སོགས་ཁྱབ་ཁོངས་ལ་དམིགས་ནས་གསར་བརྗེའི་རྣམ་པ་སྒྱུར་བཀོད་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྦུག་ལམ་གྱི་སྒྲིག་བཀོད་ཆ་ཚང་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་དང་ཤར་ཕྱོགས་ཀྱི་དུང་སྒྲ་སོགས་ཀྱི་ལས་གཞི་དོན་འཁྱོལ་མགྱོགས་མྱུར་བྱས་ཏེ་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་སྒར་ཁ་རྟེན་གཞིའི་དུས་རིམ་གཉིས་པ་སོགས་ཀྱི་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། བཞི་ནས་དྲིལ་སྒྲོག་འོས་སྦྱོར་ལ་སྔར་ལས་ཤུགས་བསྣན་ཏེ་ཀྲུང་དབྱང་སྨྱན་སྦྱོར་དང་ཞིང་ཆེན་གྱི་སྨྱན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་རྡུལ་ཕྲན་མཁར་གསར་བརྗེའི་རིག་གནས་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་སྐད་གྲགས་ཆོད་ཚད་མུ་མཐུད་ཆེ་རུ་བཏང་སྟེ། 221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་སོ་སོ་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། དེ་སྔའི་མཁའ་དམག་དཔུང་སྡེ16བཅས་ཀྱི་གསར་བརྗེའི་གཏམ་རྒྱུད་དྲིལ་སྒྲོག་འོས་སྦྱོར་ཡག་པོ་བྱེད་དགོས། ལྔ་ནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྔོག་འདོན་ལེགས་སྒྲིག་སྔར་ལས་ཡག་པོ་བྱས་ཏེ་ཚན་ཞིབ་མི་སྣ་དང་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འགན་སྲུང་མི་སྣ་སོགས་མི་སྣ་རིགས་བཞིའི་དྲན་ཐོ་དང་ངག་ཐོག་ནས་བཤད་པའི་ལོ་རྒྱུས། རྣམ་ཐར་གཏམ་རྒྱུད་སྔོག་འདོན་དང་དངོས་པོ་བསྡུ་རུབ་སོགས་ཀྱི་བྱ་བ་མུ་མཐུད་ཆེ་རུ་བཏང་ནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཀྱི་འདེགས་སྐྱོར་ཟམ་མི་ཆད་པར་ཤུགས་བསྣན་ཏེ་མཚོ་བྱང་གི་གསར་བརྗེའི་ཡིག་ཚགས་འཐུས་ཚང་དུ་གཏོང་དགོས། དྲུག་ནས་གསར་བརྗེའི་ཉམས་ཞིབ་ལ་སྔར་ལས་ཤུགས་བསྣན་ཏེ་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཧ་ཨར་པིན་བཟོ་ལས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་དང་དེ་བཞིན་གུང་གཞོན་ཚོགས་པ་ཀྲུང་དབྱང་དང་། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་། ཀྲུང་གོ་ཉིང་རྡུལ་སྡེ་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་མཉམ་ལས་དམ་ཟབ་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ཞིབ་འཇུག་དང་འགྲེལ་བཤད་གཏིང་ཟབ་བྱེད་དགོས། “གསར་བརྗེ+N”ཉམས་ཞིབ་སློབ་ཚན་མ་ལག་འཛུགས་སྐྱོང་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཏང་གཤིས་སྤུས་ལེགས་སློབ་ཚན་ཁག་ཅིག་གཏོད་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ལག་ལེན་སློབ་ཚན་ཁག་ཅིག་གཏོད་པ། སྟོབས་ཤུགས་གཅིག་སྡུད་བྱས་ནས་ཡང་བསྐྱར་དཔེ་ཚོགས་དང་ཡུལ་སྣང་ཏང་གི་སློབ་ཚན་སོགས་བརྩམས་ཆོས་རྩེ་གྲ་ཁག་ཅིག་བཏོན་ཏེ་མི་སྔར་ལས་མང་བས་མཚོ་བྱང་གི་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་བྱེད་དགོས་ཟེར།    

སུང་ཞུག་ཙུང་གིས་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོས་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་མུ་མཐུད་ཤུགས་སྣོན་པ། སེམས་ནུས་ཡོད་རྒུས་རྟེན་གཞིའི་གནའ་ཤུལ་གྱི་རིག་དངོས་དོ་དམ་སྲུང་སྐྱོབ་དང་གསོན་སྒྱུར་བེད་སྤྱོད། ལས་གཞི་ལག་བསྟར། ལོ་རྒྱུས་རིག་དངོས་སྔོག་འདོན་ལེགས་སྒྲིག ཡུལ་སྐོར་ལྗོངས་ཁུལ་གཏོད་པ།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྔོག་འདོན་འགྲེལ་བཤད། གླེང་སྟེགས་འགན་སྒྲུབ་བམ་གཉེར་འགན་ཁུར་བ་སོགས་ཀྱི་གཙོ་གནད་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བ་འཕེལ་རྒྱས་གསར་པ་ཡོང་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།    

ཁུལ་གྱི་མགོ་ཁྲིད་ལི་ཞུ་ཀྲེན་དང་། ཚོ་ཅི་ཆང་། མ་རུའུ་ཞང་། ཞོ་རོས་ཞིན་བཅས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཀྲའོ་ཉིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཀུའུ་ཁྲིན་ཝེ། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号