ཁུལ་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་དང་གནོད་འགོག་གེགས་སེལ་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཟླ7པའི་ཚེས2ཉིན། ཁུལ་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་དང་གནོད་འགོག་གེགས་སེལ་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་འབྲུབ་འགོག་ཐན་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ད་ལོའི་ཁུལ་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ནས་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཁུལ་ཡོངས་ཀྱི་ཆུ་རྒྱས་པའི་དུས་སྐབས་གཙོ་བོའི་གནམ་གཤིས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ཅུང་ཞན་པ་དང་། དྲོད་ཚད་ཅུང་མཐོ་བ། ཆར་ཞོད་ཅུང་ཆེ་བ། དུས་ཚིགས་ནང་ཆར་ཆུ་འབབ་པའི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ཅུང་ཆེ་བ། ཐན་ཞོད་མཉམ་དུ་བྱུང་བ་དང་ཐན་ཞོད་མྱུར་གསིར་གྱི་དོན་རྐྱེན་ཐོན་སླ་བ། ཐལ་དྲགས་པའི་ཆར་པ་འབབ་པའི་གནམ་གཤིས་ལས་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་ལོག་ཐོན་པ། སེར་བ་སོགས་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཅུང་ཆེ་བ། གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་གནས་བབ་ཛ་དྲག་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི"ལོ་བཅུ་ལ་ལྟ་བ་དང་། ལོ་གསུམ་ལ་བསམ་བློ་གཏོང་བ། ལོ་ད་ལོའི་བྱ་བ་ཡག་པོ་སྒྲུབ་པ"བཅས་ཀྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། དོགས་ཟོན་ཆེན་པོ་རྒྱུན་འཁྱོངས་བྱེད་པ། "དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི"འགན་འཁྲིའི་བསམ་པ་བཅངས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་གནོད་འགོག་གནོད་སེལ་གྱི་བྱ་བ་སོ་སོ་ལེགས་པར་བསྒྲུབས་ཏེ་བདེ་འཇགས་ངང་འབྲུབ་གེགས་ལས་གཡོལ་བར་འགན་ལེན་ཏན་ཏིག་བྱ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱན་འཁྱོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་གནོད་འཚེའི་གནས་ཚུལ་ལ་བསྐྱར་སྐོར་དབྱེ་ཞིབ་ནན་ཏན་བྱས་ཏེ། གནས་སྲིད་པའི་ཉེན་ཁར་སྔོན་དཔག་དེ་བས་ཆ་ཚང་དང་དཀའ་ངལ་ཡོད་པའི་གནད་དོན་ལ་ཚོད་དཔག་དེ་བས་གང་ལེགས་བྱེད་པ། དོགས་ཟོན་བྱ་ཐབས་དེ་བས་ཞིབ་ཕྲ་བཟོས་ནས་ཆར་ཆུ་རྒྱས་པའི་དུས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་གང་ལེགས་བྱེད་དགོས། མཉམ་འབྲེལ་གྲོས་མོལ་དང་ཕྱོགས་བསྡུས་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་མཐར་ཐུག་གི་སྔོན་བརྡ་གཏོང་བར་ཤུགས་སྣོན་དགོས་ལ། གསང་སྡོམ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ཐེངས་གྲངས་མང་དུ་གཏོང་བ། གནོད་འཚེའི་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་ཤ་གཅོད་དགོས།" བརྡ་རྒྱག་དགོས་རིགས་ལ་བརྡ་རྒྱག་པ་དང་། སད་དགོས་རིགས་སད་པའི"ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། གནོད་འཚེ་སྔོན་འགོག་དང་ཁ་གཏད་འཇལ་བའི་གནད་ལ་འཁེལ་ཚད་དང་གོ་ཆོད་ཡུན་ཚད་མཐོ་རུ་གཏོང་གང་ཐུབ་བཅས་བྱེད་དགོས། མི་འབོར་འདུས་ཚད་ཆེ་བའི་ས་ཁུལ་དང་ཐོན་ལས་འདུས་ཚད་ཆེ་བའི་ས་ཁུལ། ཞོད་གཤོང་ས་ཁུལ། ཆུ་ལམ་ཡུར་བུ། ཆུ་མཛོད་བཅས་དང་ཁང་རྙིང་ཉེན་ཅན། སྤྱིལ་ཁྱིམ་ཁུལ། སློབ་གྲྭའི་ཁང་པ་སོགས་གཙོ་གནད་ས་ཁོངས་དང་གཙོ་གནད་གནས་ས། ལྷུ་ཚིགས་ཞན་ས་བཅས་ལ་དམིགས་ནས་དྲ་འཐེན་རྣམ་པའི་རྩད་ཞིབ་ཁྱོན་ཡོངས་ནས་བྱས་ཏེ་གནད་དོན་རྒྱུས་ལོན་བྱུང་ཚེ་མགྱོགས་མྱུར་བཅོས་སྐྱོང་དང་། སྔ་མོ་ནས་བརྩོན་ལེན་དང་ཆུང་ས་ནས་དམ་འཛིན་བྱེད་དགོས། ལས་རིགས་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་ལས་འགན་ཁག་བགོས་ཁ་གསལ་དང་བྱ་བའི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་སྔོན་ཇུས་བཟོ་བཅོས་ལ་ཤུགས་བསྣོན་པ། མཁོ་བསྟུན་ནང་སྦྱོང་ལ་ཤུགས་སྣོན་པ་དང་ཐག་གཅོད་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས་དམག་གྲབས་གྲ་སྒྲིག་དང་འགོག་སྲུང་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། "1+10"ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང"རིམ་པ་ལྔའི་འགན་ལེན"གྱི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་ཐོན་སྲིད་པའི་ས་གཤིས་ཀྱི་གནོད་འཚེ་དུས་ཐོག་ཏུ་རྒྱུས་ལོན་དང་ཐག་གཅོད་བྱེད་དགོས། ཆུ་རྒྱས་པའི་དུས་ཀྱི་ལས་རེས་དང་འབྲེལ་གཏུག་སྦྲེལ་མཐུད། ཆ་འཕྲིན་གོང་འབུལ་བཅས་ཀྱི་བྱ་བའི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ་ཉེན་ཁའི་གནས་ཚུལ་རྒྱུས་ལོན་བྱུང་མ་ཐག་དུས་ཚོད་དང་པོར་གོང་འབུལ་དང་ཐག་གཅོད་ནུས་ལྡན་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། "སྒྲ་དང་བརྙན་ཤེལ། ཚགས་པར། དྲ་བ། སྤྱོད་སྣེ། སྐད་འཕྲིན"བཅས་ཀྱི་སྨྱན་སྦྱོར་ཡོངས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་རྣམ་པ་མང་པོའི་ཐོག་ནས་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ་མང་ཚོགས་ཀྱི་འབྲུབ་འགོག་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་འབྲི་ཆུ་སློབ་ཆེན་སའི་གོ་ལའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེན་ཉིང་ཧྲིན་ཆེད་མངགས་གདན་དྲངས་ནས་མཚོ་བྱང་ཁུལ་གྱི་ཆུ་ལོག་ས་གཤིས་ཀྱི་གནོད་འཚེ་དང་རང་འགུལ་ངང་ཁ་གཏད་གཅོག་ཐབས་ཐད་ཆེད་དོན་ཟུར་ཁྲིད་བྱས། ཉེ་དུས་ཀྱི་འབྲུབ་འགོག་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཚུལ། ཆར་ཆུ་རྒྱས་པའི་དུས་ཀྱི་གནམ་གཤིས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མདོ་ལ་རྫོང་མི་དམངས་སྲིད་གཞུང་། ཁུལ་ཆུ་བེད་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་བྱ་བའི་སྙན་སེང་ཞུས་པ་དང་འཇུ་ལག་རྫོང་མི་དམངས་སྲིད་གཞུང་། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས།

ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་ཁུལ་དུ་ཚོགས་ར་གཙོ་བོ་བཙུགས། རྫོང་སོ་སོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། ཀརྨ་ཚེ་རིང་། ལི་ཞན་རུང་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号