2024ལོའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཡིག་སྒྱུར་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་མཚོ་བྱང་ཁུལ་དུ་འཚོགས།

ཟླ7པའི་ཚེས3ཉིན། 2024ལོའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཡིག་སྒྱུར་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་མཚོ་བྱང་ཁུལ་དུ་འཚོགས། མགོ་རྩོམ་མཛད་སྒོའི་ཐོག མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའོ་ཝེར་ཅང་གིས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་དང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞན་རུང་ཚོགས་འདུར་ཞུགས་ལ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གི་ཀྲུའུ་རིན་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཁྲོད། མཚོ་བྱང་ནི་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། “མདོ་ལ་རི་ཡི་ཕྱུག་པ་དང་རྐང་ཚ་མཚོ་ཡི་ཕྱུག་པའི”མཚན་སྙན་ལྡན། དར་གོས་ཚོང་ལམ་གྱི་ལྷོ་རྒྱུད་དང་ཞིན་ཅང་བོད་ལྗོངས་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས27སྐྱེ་འཕེལ་དང་འཚོ་གནས་བྱས་ནས་སྣ་མང་མཉམ་གནས་ཀྱི་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་། གནས་འདི་ནི་གེ་སར་སྒྲུང་གི་སྙན་པ་འཕུར་ས་དང་། ཚངས་དབྱངས་རྒྱ་མཚོ་དང་ཁྲང་ཡའོ་སོགས་སྙན་ངག་པ་གྲགས་ཅན་གྱི་སྙན་ངག་བརྩམས་ཆོས་ཀྱི་ཞིང་སར་གྱུར་ཡོད། གསུང་རབ་གྲགས་ཅན་གྱི་རོལ་དབྱངས<<རྒྱང་ཐག་རིང་པའི་གནས་དེ་ན>>དང<<གསེར་བུམ་ལྟ་བུའི་རི་བོ་ཆུང་ཆུང>>ཞེས་པ་འདི་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དར་ཁྱབ་བྱུང་ལ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རླབས་པོ་ཆེ་འབྱུང་གནས་དང་དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱེད་པའི་གནས་མཆོག་ཀྱང་ཡིན་པས་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས་ཞིང་ཆེན་ཡོངས་སུ་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས་སྔོན་ལ་བཟོས་པ་དང་། མཚོ་བྱང་ཁུལ་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་དང་མདོ་ལ་བོད་ཡིག་དྲ་བ། ཁུལ་སྲིད་གཞུང་བོད་ཡིག་ཐེམ་སྒོའི་དྲ་ཚུགས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཡིག་སྤྱི་སྟེགས་སོགས་ཤར་གཏོང་བྱས་ཏེ། “མདོ་ལ་བོད་ཡིག་ཚགས་པར”གྱི་སྐད་འཕྲིན་སྤྱི་སྟེགས་ལ་ལྟ་ཀློག་བྱེད་མཁན་ཁྲི7.1ལྷག་ཟིན་པས་མཚོ་སྔོན་གྱི་ཁུལ་དྲུག་གི་མདུན་གྲལ་དུ་སླེབས་ནས་བགས་ཆགས་ཟབ་མོ་བཞག་ཡོད། 《མཚོ་བྱང་སྲིད་དོན》ཞེས་པའི་བོད་ཡིག་དཔར་གཞི་ཁུལ་ཡོངས་སུ་ཁྱབ་པ་དང་།《གུང་ཁྲན་ཏང་གི་བསྒྲགས་གཏམ།》དང《མའོ་ཙེ་ཏུང་གི་སྙན་ཚིག》《མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གེ་སར་རིག་གནས།》《མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་།》སོགས་བོད་ཡིག་དཔར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚན་ཆུང་དགོན་སྡེར་བསྐྱོད་པའི་བྱེད་སྒོའི་ཤུགས་རྐྱེན་ཆེན་པོ་བྱུང་ནས་བོད་སྐད་ཡིག་བྱ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་བསྟན་དོན། བོད་སྐད་ཡིག་གི་བརྡ་ཆད་གསར་པ་ཡིག་སྒྱུར་དང་། ཞིབ་བཤེར་གཏན་འབེབས་དང་ཚད་ལྡན་དུ་གཏོང་པའི་བྱ་བ་འདིས་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཡང་དག་དང་ཁྱབ་གདལ་གཏོང་རྒྱུར་དཔེ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ལ། བོད་རིགས་མང་ཚོགས་ཚོས་ཏང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུར་དེ་བས་ཕན་ཐོགས་ཡོད། མཚོ་བྱང་ནི་བོད་འབྲེལ་ས་ཁུལ་དང་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཁུལ་ཐོག་མ་ཡིན་པའི་ངོས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་མི་རིགས་བྱ་བའི་གཙོ་ཐིག་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་པ། སྐྱེ་ཁམས་དཔལ་ཡོན་གྱི་ལག་ལེན་ལ་ཤུགས་སྣོན་པ་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་པ། གསར་བརྗེའི་ཉམས་ཞིབ་སྤེལ་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་བསམ་པའི་བཙན་ས་བསྐྲུན་པ། མགོ་ཁྲིད་དང་ཆེད་མཁས་པས་སྔར་རྒྱུན་བཞིན་མཚོ་བྱང་གི་བོད་སྐད་ཡིག་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུའི་རེ་བ་ཡོད་ཟེར།

པའོ་ཝེར་ཅང་གིས་བླང་བྱ་བཏོན་དོན། ཆེད་མཁས་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་ཐད་ཤུགས་སྣོན་པ་དང་ལེགས་སུ་གཏོང་པའི་སྐོར་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་གཙོ་ཐིག་ལྟེ་བར་འཛིན་པ་བཅས་བྱས་ཏེ། མི་རིགས་སྐད་ཡིག་ཡིག་སྒྱུར་ཚད་ལྡན་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རྒྱུན་མཐུད་ངང་བསྐྲུན་པ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།

མགོ་རྩོམ་མཛད་སྒོའི་རྗེས་སུ། པེ་ཅིན་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱི་ཆེད་མཁས་པ30ལྷག་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ཁོངས་གཏོགས་ཀྱི་ལས་བྱེད་པས་བོད་སྐད་ཡིག་གི་བརྡ་ཆད་གསར་པའི་ཡིག་སྒྱུར་བྱ་བ་ཞིབ་བསྡུར་དང་བརྗེ་རེས་བྱས་པར་མ་ཟད། སྨོན་ལམ་མཐོན་པོ་སོགས་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞིར་ལྟ་སྐོར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号