རྐང་ཚ་རྫོང་གིས་“གསུམ་གསུམ”རྣམ་པས་སྡེ་བར་སོང་ནས་ལས་འགན་འཁུར་བའི་འདེམས་སྐོང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་རོགས་འདེགས་བྱས།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་འདེམས་སྐོང་སློབ་མ་སྡེ་བར་སོང་ནས་ལས་འགན་ཁུར་བའི་བྱ་བ་ལེགས་པོར་སྒྲུབ་པ་དང་།“གསུམ་གསུམ”རྣམ་པས་སྡེ་བར་སོང་ནས་ལས་འགན་ཁུར་བའི་འདེམས་སྐོང་སློབ་མ་གཞི་རིམ་དུ་རྐང་ཚུགས་ཏེ་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་། 

“ཤུགས་དྲག་གསུམ”འབུར་ཐོན་དུ་བྱས་ཏེ། ལས་འགན་གྱི་རྩལ་ནུས་སྦྱོང་བརྡར་བྱས། ལས་གནས་སྔོན་གྱི་གསོ་སྦྱོང་དང་། གཅིག་བསྡུས་གསོ་སྦྱོང་། བགྲོ་གླེང་བརྗེ་རེས་སོགས་ཀྱི་རྣམ་པས། འདེམས་སྐོང་སློབ་མའི་ཏང་གི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ། འདེམས་སྐོང་སློབ་མའི་གཞི་རིམ་ལས་སྒྲུབ་ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་བཏང་། ད་ལྟའི་བར་དུ། བའདེམས་སྐོང་སློབ་མ16ཁུལ་རིམ་པ་ཡན་གྱི་རིགས་སོ་སོའི་གསོ་སྦྱོང་ཁྲོད་ཞུགས་པར་འོས་སྦྱོར་བྱས་པ་དང་། འབྲེལ་ཡོད་ཆེད་དོན་གསོ་སྦྱོང་དུས་སྐབས3ལ་སྤེལ་བ་དང་། འདེམས་སྐོང་སློབ་མ80ལ་ཁེབས། སྔ་རྗེས་སུ་འདེམས་སྐོང་སློབ་མ22སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅིའི་ལག་རོགས་སམ། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལག་རོགས་བྱེད་པར་མངགས་པ་དང་། སྡེ་བ་རིམ་པའི་གཙོ་གནད་བྱ་བའི་ཁྲོད་ཞུགས་པར་བྱས།

“དོ་སྣང་གསུམ”འབུར་ཐོན་དུ་བྱས་ཏེ།“ཚོགས་ཁྲིད་རོགས་སྐྱོར”འཛུགས་སྒྲུབ་བྱས།“རྫོང་རིམ་པའི་མགོ་ཁྲིད་དང་ཤང་དང་གྲོང་རྡལ་ཏང་སྲིད་ཀྱི་མགོ་ཁྲིད་དང་པོ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི”དང་འདེམས་སྐོང་སློབ་མའི་རོགས་ཁྲིད་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། སྡེ་བའི་གནས་ཚུལ་རྟོག་ཞིབ22མཛུབ་སྟོན་བྱས་ཏེ་ལེགས་འགྲུབ་བྱས་པ་དང་། རྒྱལ་ཁབ་གནས་ཚུལ་རྟོག་ཞིབ་སྙན་ཞུ16བྲིས། འདེམས་སྐོང་སློབ་མའི་ཐེངས་གཅིག་རང་བཞིན་གྱི་བདེ་འགོད་འགྲོ་གྲོན་སྒོར3000དོན་འཁྱོལ་བྱས་པ་མ་ཟད། འདེམས་སྐོང་སློབ་མར་མི་ལུས་གནོད་འཚེའི་ཉེན་སྲུང་ཉོས་པ་དང་། ཆེད་དོན་འགྲོ་གྲོན་སྤྱད་དེ་རྒྱལ་ཁབ་ཀྱི་གནས་ཚུལ་རྟོག་ཞིབ་ཐེངས22ལ་སྤེལ་བ་དང་། མང་ཚོགས་མི་ཐེངས180ལ་ཞབས་ཞུ་བྱས།

“གནད་དུ་ཐིངས་པ་གསུམ”འབུར་ཐོན་དུ་བྱས་ཏེ། རྒྱུགས་ལེན་དཔྱད་ཞིབ་ཀྱི“བཀོད་འདོམས”བྱ་བ་བེད་སྤྱོད་བཟང་བོ་བྱས། ཉེ་བའི་ལོ་ཤས་རིང་། ཁྱོན་འདེམས་སྐོང་སློབ་མ་19བསྐོ་འཐེན་བྱས། འདེམས་སྐོང་སློབ་མ་སྡེ་བར་སོང་ནས་མིང་ཐོ་འགོད་པ་དང་། སྙན་སེང་ཞུ་བ། ལས་སྒྲུབ་དངོས་ཟིན། གནང་ཞུ་སོགས་ཀྱི་སྒྲིག་སྲོལ་གཟབ་ནན་སྒོས་ལག་བསྟར་བྱས་པ་དང་། འདེམས་སྐོང་སློབ་མ་སྡེ་བར་སོང་ནས་ལས་འགན་ཁུར་བའི་གནས་ཚུལ་ལ་ལྟ་སྐུལ་བྱས། སྒེར་ལ་གླེང་མོལ་དང་། ཡུལ་དངོས་སུ་རྟོག་ཞིབ། རྒྱུ་ཆར་བལྟ་བ་སོགས་ཀྱི་རྣམ་པས། སྡེ་བར་སོང་ནས་ལས་འགན་ཁུར་བའི་འདེམས་སྐོང་སློབ་མའི་རྒྱུགས་ལེན་དཔྱད་ཞིབ་བྱ་བ་ལེགས་པོར་སྒྲུབས། ད་ལྟ་ཆེད་དོན་རྒྱུགས་ལེན་དཔྱད་ཞིབ་མི16ལེགས་འགྲུབ་བྱས་པ་དང་། རྒྱུགས་ལེན་དཔྱད་ཞིབ་ཀྱི་འབྲས་བུ་ཚང་མ་ཚད་ལྡན་ཡིན་པ་མ་ཟད། རྒྱུགས་ལེན་དཔྱད་ཞིབ་འབྲས་བུ་དེ་འདེམས་སྐོང་སློབ་མའི་བསྐོ་འཐེན་དང་གསོ་སྐྱོང་སློབ་གསོ། དོ་དམ་ལྟ་སྐུལ་གྱི་གཞི་འཛིན་སར་འཛིན་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号