མདའ་བཞི་རྫོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དངོས་སྒྲུབ་ཟབ་སྤེལ་ཐུབ་པར་རོགས་ཤུགས་བཏོན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུའི་ལས་བྱེད་པ་རྒན་པ་ཅུས་ཀྱིས་དུས་རབས་གསར་པའི་ལས་བྱེད་རྒན་པའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པར་རྐང་བཙུགས་པ་དང་། “དམིགས་པ་གསུམ”རྒྱུན་འཁྱོངས་བྱེད་པ། ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ་སྡེ་ཁུལ་བཅོས་སྐྱོང་ཁྲོད་ཞུགས་པར་རྩ་འཛུགས་དང་སྣེ་ཁྲིད་པ་བཅས་བྱས་ཏེ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དངོས་སྒྲུབ་ཟབ་སྤེལ་ཐུབ་པར་རོགས་ཤུགས་བཏོན།

ནུས་པ་འདོན་སྤེལ་བྱེད་པར་དམིགས་ཏེ་རྒན་པའི་ནུས་པ་བཏོན། “ཀྲི་པུའུ་ཆུང་ཆུང་གིས་ཕན་ནུས་ཆེན་པོ་འདོན་སྤེལ་དང་བློ་མཐུན་རྒན་པས་འོས་འགན་གསར་པ་ཕྲག་ཏུ་འཁུར་བ”རྒྱུན་འཁྱོངས་དང་། སྟེགས་བུ་ཧུར་ཐག་གིས་བསྐྲུན་པ་དང་ཐེག་བྱད་གསར་སྐྲུན་བྱེད་པ། སྡེ་ཁུལ་སོ་སོས་ཏང་ཡོན་རྒན་པའི་གདོང་མཆོང་རུ་ཁག་སྒྲིག་བཀོད་བྱེད་པར་སྐུལ་འདེད་གཏོང་བ། བློ་མཐུན་རྒན་པའི་དང་བླངས་ཞབས་ཞུ་རྒྱ་ཆེར་སྤེལ་བ། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་མདའ་བཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“རྒན་པོའི་སྟོབས་ཤུགས”འབུལ་བར་སྔར་ལས་སྣེ་ཁྲིད་པ་བཅས་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་ནུས་པ་བཏོན།

ཐོན་ཁུངས་གཅིག་སྒྲིལ་ལ་དམིགས་ཏེ་རྒན་པའི་བྱེད་སྟངས་གསར་པ་མངོན། ཚད་ཆེས་ཆེ་བའི་སྒོ་ནས“རྒན་པོའི་འཇོན་མི་མཛོད”ཀྱི་དང་བླངས་ཞབས་ཞུ་རུ་ཁག་དང་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་སོགས“རྒན་འབྲེལ”རྩ་འཛུགས་ཀྱི་གསོན་ཤུགས་གསར་པ་འདོན་སྤེལ་དང་། འཇོན་མི་རྒན་པོས་ནུས་པ་འདོན་པར་འཚམ་པའི་དང་བླངས་ཞབས་ཞུ་ལས་གཞི་གསར་སྐྲུན། རིགས་སོ་སོའི་དང་བླངས་ཞབས་ཞུ་དཔུང་སྡེ10ལྷག་སྒྲིག་འཛུགས་བཅས་བྱས་ཏེ། “དགེ་མཚན་གསབ་རེས་དང་ཐོན་ཁུངས་མཉམ་རོལ། རོགས་ལས་གསར་སྐྲུན། མཉམ་དུ་སྐུལ་འདེད་གཏོང་བ”ཡི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་འདོན་པའི་རྣམ་པ་གསར་པ་གསར་སྐྲུན་བྱས། སྤུས་འདེགས་རྒྱ་སྐྱེད་ལ་དམིགས་ཏེ། རྒན་པའི་གསོན་ཤུགས་གསར་པ་བསླང་བ་དང་། “ཁ་བརྡ”དང“མཁས་པ་འདུ་འཛོམས་གྲོས་ཚོགས” “བྱ་བ་སྒྲུབ་ཐབས‘ཆུང་ཆུང་དྲུག’”སོགས་ཀྱི་ཡུན་ཕན་ནང་རྐྱེན་བཙུགས་པ་དང་། སྡེ་ཁུལ་གྱི་ལས་བྱེད་པ་རྒན་པ་དང་དགེ་རྒན་རྒན་པས“མི་དང་ལས་ཀར་ཆ་རྒྱུས་ཡོད་པའི”དགེ་མཚན་འདོན་སྤེལ་བྱས་ཏེ། “ཁ་བརྡ་ཉིན་མོ”གཏན་འཁེལ་བྱེད་པ་དང་། “ཁ་བརྡ་བྱེད་ས”གསར་སྐྲུན་བྱེད་པ། “ཁྱིམ་དུ་སོང་ནས་ཁ་བརྡ་བྱེད་པ”དང“རྐུབ་སྟེགས་སྟེང་ཙོག་ནས་ཁ་བརྡ་བྱེད་པ” “བསིལ་ཁང་ནས་ཁ་བརྡ་བྱེད་པ”བཅས་བརྒྱུད་དེ“མཉམ་འགུལ”བྱེད་ས་གསར་པ་སྟོབས་ལྡན་དུ་བཏང་། ད་ལོ་ནས་བཟུང་། “མཁས་པ་འདུ་འཛོམས་གྲོས་ཚོགས”ཀྱི་གྲོས་ཚོགས་བྱ་འགུལ་ཐེངས26སྤེལ་བ་དང་། “ཁ་བརྡ”ཐེངས30བྱས་ཏེ། སྡོད་དམངས་དང་ཏང་ཡོན་དང་མང་ཚོགས400ལྷག་ཞུགས་པར་མ་ཟད། བསམ་འཆར་དང་བསམ་ཚུལ24འཚོལ་སྡུད་བྱས་པ་དང་། ཚུར་སྣང་བྱུང་བའི་གནད་དོན24རྗེས་འདེད་དངོས་འབེབས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号