ལེའོ་ཁྲིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་བྱང་དུ་ཡོང་ནས་མཚོ་སྐྱོར་བྱ་བར་རྟོག་ཞིབ་གནང་། 

ཟླ8པའི་ཚེས18ཉིན་ནས་ཚེས19ཉིན་བར། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཁྲང་ཕིང་འཁོར་དང་བཅས་པ་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་ཡོང་ནས་མཚོ་སྐྱོར་བྱ་བར་རྟོག་ཞིབ་གནང་།   ལེའོ་ཁྲིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་སྔ་རྗེས་སུ་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་དང་བོད་མཁར་བྱིས་སྙོར་ཁང་དུ་བསྐྱོད་དེ་ཡུལ་དངོས་ནས་བརྟག་ཞིབ་བྱས་ཤིང་། ལེའོ་ཁྲིན་གྱི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་འཚམས་འདྲི་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་གནང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལེའོ་ཁྲིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་རྐང་ཚ་རུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ལེའོ་ཁྲིན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་སྒེར་སེམས་མེད་པར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ནས་བསྟན་དོན། ཁ་གཏད་རོགས་སྐྱོར་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཧྲན་ཏུང་དང་མཚོ་བྱང་། ལེའོ་ཁྲིན་དང་རྐང་ཚ་བཅས་ཀྱིས་སྔར་ནས་བཟུང་ཁ་གཏད་རོགས་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཏང་སྲིད་མགོ་ཁྲིད་གཙོ་བོས་ཐེངས་མང་བོར་ཁ་གཏད་རོགས་སྐྱོར་བྱ་བར་དངོས་སུ་བཀོད་སྒྲིག་དང་འབྲེལ་གཏུག་ཧུར་ཐག དོན་འཁྱོལ་སྐུལ་འདེད་བཏང་བས“ཧྲན་ཏུང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཐུན་མོང་གི་ངོས་འཛིན་ཕྱོགས་གང་ཅིའི་ཐད་མཉམ་འདྲེས་བྱུང་ཡོད། ལོ་ངོ་བཅུ་བཞིའི་རིང་། ལེའོ་ཁྲིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཞིང་། རྐང་ཚ་རྫོང་ནི་ལེའོ་ཁྲིན་གྱི་རྫོང་དགུ་པར་བརྩིས་ནས“མཚོ་བྱང་ལ་དགོས་མཁོ་ཅི་ཡོད་ན་ལེའོ་ཁྲིན་གྱིས་དེ་ལྟར་སྐོང་བའི”ནུས་ཤུགས་གཅིག་སྒྲིལ་བྱས་ཏེ། མ་དངུལ་དངོས་གཏོང་བ་དང་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་པ། དམ་འཛིན་དངོས་སྒྲུབ་ཀྱིས་རོགས་སྐྱོར་བཅས་བྱས་ཏེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.7བཀོད་སྒྲིག་བྱས་ནས་ཐོན་ལས་འཕེལ་རྒྱས་དང་སློབ་གསོ་སློབ་ཁྲིད། སྨན་བཅོས་འཕྲོད་བསྟེན། ཚོང་འགུགས་མ་འདྲེན་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པས་རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་བསྣན་ཏེ་རྐང་ཚའི་ལོ་རྒྱུས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་མགྱོགས་ཤོས་དང་མང་ཚོགས་ལ་དངོས་ཕན་མང་ཤོས་ཐོབ་པའི་དུས་སྐབས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་ཟེར། ལེའོ་ཁྲིན་གྲོང་ཁྱེར་གྱིས་སྔར་བཞིན་རྐང་ཚའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཐོན་ལས་དང་ཤེས་ལྡན་མི་སྣ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་རྩིས་ནུས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་འཚོ་འགན་ལེན། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་གནས་གཉིས་དབར་འགྲོ་འོང་མཉམ་འདྲེས་དང་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཟེར།

ལི་ཁྲང་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ལེའོ་ཁྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་དང་གནས་གཏན་འཁེལ་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དྲག་པོ་དང་མི་རིགས་ས་ཁུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོར་བརྟེན་ནས་བྱ་བ་སོ་སོ་ཏན་ཏིག་སྒོས་བསྒྲུབས་པས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་ས་གནས་གཉིས་དབར་བརྩེ་བ་ཟབ་མོ་ཆགས་ཡོད། མ་འོངས་པར། ལེའོ་ཁྲིན་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་ཁ་གཏད་རོགས་སྐྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུ་དེ་རང་གི་ལས་འགན་དང་འགན་འཁྲི་ཞིག་ཏུ་བརྩིས་ནས“རྐང་ཚར་དགོས་མཁོ་ཅི་ཡོད་ན་ལེའོ་ཁྲིན་གྱིས་དེ་ལྟར་སྐོང་བར”གཞི་ཚུགས་ཏེ་ཐོན་ཁུངས་གཅིག་སྡུད་དང་སྲིད་ཇུས་གཅིག་སྡུད། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་མུ་མཐུད་ཤུགས་སྣོན་པ་དང་། རོགས་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཐོན་ལས་མཉམ་ལས་གསར་གཏོད་དང་ངལ་ལས་སྦྲེལ་མཐུད། ཤེས་ལྡན་མི་སྣ་བརྗེ་རེས་བཅས་བྱས་ཏེ་ས་གནས་གཉིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་བྱ་བར་ཕན་འབྲས་དེ་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཟེར།

རྟོག་ཞིབ་སྐབས། ཕྱོགས་གཉིས་ཀྱིས2024ལོའི་ལེའོ་ཁྲིན་གྲོང་ཁྱེར་དང་རྐང་ཚ་རྫོང་གི་ཁ་གཏད་རོགས་སྐྱོར་གྱི་ཏང་སྲིད་མཉམ་འབྲེལ་ཚོགས་འདུ་འཚོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号