ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས།

ཟླ8པའི་ཚེས19ཉིན། ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ལ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་འཕེལ་རྒྱས་ཀྱི་དཀའ་གནད་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཁུལ་ཡོངས་ཀྱི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་།  ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ལྷན་གྱི་ཀྲུའུ་རིན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ན་ནིང་ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ཚུན། ཡན་ལག་དམག་ཁུལ་དང་ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེ་སོ་སོ། རྫོང་མི་དམངས་དྲག་ཆས་པུའུ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གསར་འབྱེད་གསར་གཏོད་དང་དམ་འཛིན་ཏན་ཏིག་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པའི་ཐད་བློ་བརྟན་འགྱུར་མེད་ངང་དར་ཆ་བསྒྲེངས་པ་དང་།  དམག་འཁྲུག་ལ་རོགས་སྐྱོར་བྱེད་པའི་ཐད་ལྷག་བསམ་རྣམ་དག་གིས་ལས་འགན་ཁུར་བ། ཁྲིམས་ལྟར་དམག་སྐྱོང་བའི་ཐད་སྐུལ་འདེད་གཏིང་ཟབ་གཏོང་བ། ཞབས་ཞུའི་འཕེལ་རྒྱས་ཐད་འགན་འཁྲི་མངོན་པ། གཉིས་བཀུར་བྱ་བའི་ཐད་ཆས་རྟགས་གཏོད་པ་བཅས་བྱས་པས་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ཐད་རྣམ་པ་གསར་པ་བཏོད་ཡོད་ཟེར།     

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་རིམ་པ་སོ་སོའི་ཏང་ཨུའི་ལས་འགན་གལ་ཆེན་ཞིག་ཡིན། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་པོར་ཁུར་དགོས། ‍མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་གསོ་སྐྱོང་བྱ་ཡུལ་དང“མཐོ་སྒང”གི་སྙིང་སྟོབས་རྒྱུན་འཛིན་བྱ་ཡུལ། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གིས་ཁྲག་བཏོན་དམར་འཛིང་བྱེད་ས་བཅས་ཡིན་པས། ངེས་པར་དུ་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱ་རྒྱུ་ཨང་དང་པོར་བཞག་ནས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་དགོས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལམ་ལུགས་སོ་སོ་དོན་འཁྱོལ་དང་ལག་བསྟར་ཡག་པོ་བྱེད་དགོས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་འཁྲི་དེ་ཆབ་སྲིད་ཀྱི་མགོ་ཁྲིད་དང་བསམ་བློའི་མགོ་ཁྲིད། རྩ་འཛུགས་ཀྱི་མགོ་ཁྲིད། དམག་དོན་གྱི་མགོ་ཁྲིད་སོགས་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་པ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བར་མགོ་ཁྲིད་དང་མཛུབ་ཁྲིད་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། གཉིས་ནས་དམག་འཁྲུག་ལ་རོགས་སྐྱོར་བྱེད་པའི་གྲ་སྒྲིག་ལ་དམིགས་ཏེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དམག་སྦྱོང་དང་དམག་གྲབས་ཀྱི་གྲ་སྒྲིག་དམ་འཛིན་ནན་མོ་བྱས་ཏེ། སེམས་ཤུགས་ཡོད་ཚད་དམག་འཁྲུག་གི་ཕྱོགས་སུ་གཅིག་བསྡུ་དང་། བྱ་བ་ཡོད་ཚད་དམག་འཁྲུག་གི་ཕྱོགས་སུ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམངས་དམག་འཛུགས་སྐྱོང་དམ་འཛིན་ནན་མོ་བྱས་ནས་འཐབ་འཛིང་ནུས་ཤུགས་ཀྱི་རྩ་བའི་ཚད་གཞི་གཅིག་པུ་དེ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་གསར་པ་དང་ཁྱབ་ཁོངས་གསར་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་མཁོ་བསྟུན་རོགས་སྐྱོར་སྟོབས་ཤུགས་འཛུགས་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། སྐུལ་སློང་གི་གྲ་སྒྲིག་དམ་འཛིན་ནན་མོ་བྱས་ཏེ་ལས་ཆོད་ཆེ་བ་དང་བདེ་བླག་གི་མཁོ་སྤྲོད་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དམག་འཐབ་དང་མཁོ་བསྟུན། ཞི་འཐབ་གཞི་གཅིག་ཏུ་འགྱུར་བའི་སྐུལ་སློང་མ་ལག་མགྱོགས་མྱུར་འཛུགས་དགོས། དམག་བསྡུའི་བྱ་བར་དམ་འཛིན་ནན་མོ་བྱས་ནས་བསྡུ་ལེན་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དམག་བསྡུའི་རྣམ་པ་གསར་གཏོད། གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕུགས་བསམ་ལྡན་པའི་ན་གཞོན་དང་དམག་དཔུང་སྟོབས་ལྡན་གྱི་ཤེས་ལྡན་མི་སྣ་དམག་སྒར་དུ་ཏན་ཏིག་བསྡུ་དགོས། གསུམ་ནས་དམག་དཔུང་སྟོབས་ལྡན་དང་འགོག་སྲུང་སྲ་བརྟན་ལ་དམིགས་ཏེ་གཉིས་བཀུར་མཉམ་སྐྲུན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང“མཐོ་སྒང”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་ཡག་པོ་བཏང་ནས་ནུབ་ལམ་དམག་དཔུང་དང221རྟེན་གཞིའི་བཅའ་སྡོད་སྲུང་སྐྱོབ་དཔུང་སྡེ། ཧན་ཐའེ་དམངས་དམག་སོགས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་ཤུགས་ཆེན་བྱས་ཏེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི། “མཐོ་སྒང”གི་སྙིང་སྟོབས་སློབ་གསོའི་ལྟེ་གནས་སོགས་སློབ་གསོའི་ལུས་རྩལ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གསར་བརྗེའི་གཞི་རྒྱུ་དང་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས“ཐོས་བསམ་མཚོ་བྱང”དང“རྒྱལ་སྲུང་འཆད་སྟེགས་ཆེན་མོ”“བརྒྱད་གཅིག”དམག་བཙུགས་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་ཡག་པོར་གཉེར་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་དམག་བཀུར་གྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྲུང་སྐུལ་སློང་དང་མ་འོངས་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་གྱུར་བཀོད་སྒྲིག་ནང་བཅུག་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྱོང་ཕན་ཚུན་མཉམ་འདྲེས་མཉམ་སྤེལ་དང་དུས་མཉམ་དུ་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ་བཅའ་སྡོད་བྱ་ཡུལ་གྱི་དམག་དཔུང་དང་རྒྱ་ཆེའི་དཔོན་དམག་གི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེས་རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་དང་སྲིད་ཁྲིམས། དམག་ཁྲིམས་བཅས་ཀྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་ཉེན་སེལ་རོགས་སྐྱོབ། སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་འཛུགས་སྐྲུན་སོགས་བྱ་བ་སོ་སོའི་ནང་ཧུར་ཐག་སྒོས་ཞུགས་ནས་ཕ་བོང་ལྟར་སྲ་ཞིང་བརྟན་པའི་དམག་སྲིད་དམག་དམངས་ཀྱི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཤིང་། 2023ལོར་བཅའ་སྡོད(ཉེན་རྟོག་པ)དཔུང་སྡེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཕུལ་བའི་དཀའ་ངལ་དང་གནད་དོན་ཐག་གཅོད་དང་རྒྱབ་སྐྱོར་བྱ་རྒྱུར་སྤྲད་པའི་བྱ་བ་སྒྲུབ་པའི་གནས་ཚུལ་དང2024ལོར་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་ཁྱབ་བརྡ་བཏང་། མཚོ་བྱང་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ལི་ཞང་གིས2024ལོར་ཁུལ་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱས་ཚུལ་གྱི་སྙན་ཞུ་ཕུལ་ལ། འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་རྫོང་བཅས་ཀྱི་མི་དམངས་དྲག་ཆས་པུའུ་ཏང་ཨུའི་ཧྲུའུ་ཅི་དང་པོས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བའི་ལས་འགན་སྙན་ཞུ་ཕུལ་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ལིག་ཏུང་གིས་ལས་འགན་སྙན་ཞུ་ཕུལ་བར་དཔྱད་བརྗོད་གནང་།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་སུང་ཞུག་ཙུང་། སངས་འབུམ། སི་ཅི་ཧྲིན། ཧོ་པིན། ཚོ་ཅི་ཆང་། ལི་ཞན་རུང་བཅས་ཚོགས་འདུར་ཕེབས་པ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུའི་རྒྱུན་ཨུ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན།  རྫོང་སོ་སོའི་དྲག་ཆས་པུའི་གཙོ་དཔོན། ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号