ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་སྤྲིང་བའི་ཤིས་འཕྲིན།

ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བ་རྣམས་ལ།

དགེ་རྒན་དུས་ཆེན་ཐེངས40པ་རེ་བ་དང་འཛུམ་གྱིས་བསུ་བའི་དུས་འདིར། ང་ཚོས་ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། སློབ་གསོའི་བྱ་གཞག་ཐད་དཀའ་སྤྱད་འབད་འབུངས་བྱེད་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། མཚོ་བྱང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་བ་ཡིན།
ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དམིགས་བསལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱིས་པ་གསོ་སྐྱོང་ལེགས་པོ་བྱེད་པ་དང་སློབ་སྦྱོང་ལ་ཕུལ་བྱུང་སློབ་གསོ་ཡོད་པར་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སློབ་གསོའི་གནད་ས་དང་འགག་སའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ། མཐོ་འབྲིང་དཀྱུས་མའི་སློབ་གྲྭ་སྟོབས་ལྡན་དུ་གཏོང་བའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ལས་རིགས་སློབ་གསོ་མཉམ་འདྲེས་སྣ་མང་འཕེལ་རྒྱས་གཏོང་ཆེད། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་པ། གཟབ་ནན་གྱིས་སློབ་གསོ་སྐྱོང་བ། བློ་རྩེ་གཅིག་སྒྲིམ་གྱིས་མི་གཞི་སྐྱོང་བ་བཅས་བྱས་ནས་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་རིམ་པ་བཞིན་གསོ་སྐྱོང་བྱས་པས། དགེ་རྒན་གྱི་ལས་གཅེས་ལས་བཀུར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་གཤིས་རྒྱུད་དང་། དཔའ་ངར་ཆེན་པོས་འབད་འཐབ་དང་གསར་འབྱེད་གསར་གཏོད་བྱེད་པའི་དུས་རབས་ཀྱི་འགན་འཁྲི་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུས་བ་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུས་བ་ཡིན།
སློབ་གསོ་ནི་མཚོ་བྱང་འཕེལ་རྒྱས་གཏོང་བའི་མཛེས་པའི་མ་འོངས་པ་ཡིན་ལ་མཚོ་བྱང་མི་དམངས་ཀྱི་རེ་བ་བཅོལ་སའང་ཡིན། མིག་སྔར། རང་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་དང་ཏག་ཏག་འཁེལ་ཡོད་པས། ང་ཚོར་དུས་དང་རྣམ་པ་ཀུན་ཏུ་གསར་གཏོད་ཀྱིས་ཕྱུག་པའི་ཤེས་ལྡན་མི་སྣ་དང་བྱང་ཚད་མཐོ་བའི་ངལ་རྩོལ་པ་གང་མང་ཞིག་དགོས་པར་མ་ཟད། ཀུན་སྤྱོད་བླ་ན་མེད་པ་དང་ལས་སྒོ་བྱང་བ། སྒྲིག་གཞི་ཚང་བ། གསོན་ཤུགས་ལྡན་པའི་ཆེད་ལས་དང་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་དེ་བས་ཀྱང་མཁོ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་དེ་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས་དགེ་རྒན་ལ་ཕན་པའི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། དགེ་རྒན་གྱི་གནས་བབ་དང་གསོལ་ཐང་མཐོ་རུ་གཏོང་བ།    དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱས་ནས་དགེ་རྒན་ནི་སྤྱི་ཚོགས་ཀྱིས་བརྩི་བཀུར་མཐོ་ས་དང་ཀུན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།    ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད།    ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པ་བཅས་བྱས་ནས། བླ་ན་མེད་པའི་བསམ་ཚུལ་དང་དཔེ་བཟང་གི་གཏམ་སྤྱོད་ལ་བརྟེན་ནས་ཤེས་བྱ་བརྒྱུད་སྒྲོག་བྱེད་མཁན་དང་རིག་པའི་བློ་སྒོ་འབྱེད་མཁན། མི་གཤིས་ཀྱི་རྩ་བ་རྡུང་མཁན། ཀུན་སྤྱོད་ཀྱི་མིག་དཔེ་སྟོན་མཁན་བཅས་བྱས་ཏེ། སློབ་མར་ཡོན་ཏན་སྩོལ་བ་དང་ཁྱིམ་བདག་གི་སེམས་བདེ་བ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྤུས་ཚད་མཐོ་བའི་སློབ་གསོའི་བྱ་བ་ཡག་པོ་གཉེར་ཆེད་ལེགས་སྐྱེས་གསར་བ་སྔར་ལས་མང་དུ་དབུལ་རྒྱུའི་རེ་བ་ཡོད།
མཇུག་མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་གཟུགས་པོ་བདེ་ཐང་། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི། ཤ་བོ་སྐྱབས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། ཀྲང་ཧྲིང་ཡོན། 

2024ལོའི་ཟླ9པའི་ཚེས9ཉིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号