མཚོ་བྱང་ཁུལ་གྱིས2023ལོའི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར2.4ལྷག་དོན་འཁྱོལ་བྱས་འདུག


ཞིང་ཆེན་ནོར་སྲིད་ཐིང་གིས2023ལོའི་ཞིང་ལས་ཀྱི་འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྔ་སྣུར་དུ་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བརྡ་སྦྱོར་ལས་རྒྱུས་ལོན་པ་ལྟར་ན།  མཚོ་བྱང་ཁུལ་གྱིས་2023ལོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི24135དོན་འཁྱོལ་བྱས་ཤིང་།  《མཚོ་བྱང་ཁུལ་གྱི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི(2021-2025ལོ་བར)》ལྟར་རྫོང་སོ་སོ་ལ་དབྱེ་འབྱེད་བགོ་བཤའ་བྱས་འདུག   དེ་ཁྲོད། འཇུ་ལག་རྫོང་ལ་སྒོར་ཁྲི་266908དང་།  མདོ་ལ་རྫོང་ལ་སྒོར་ཁྲི9301.43དང་། རྐང་ཚ་རྫོང་ལ་ལ་སྒོར་ཁྲི8510.3དང་། མདའ་བཞི་རྫོང་ལ་སྒོར་ཁྲི3654.46བཅས་ཡིན་ལ།  ཁུལ་ཡོངས་སུ་རོང་འབྲོག་དུད་ཚང49761ལ་ཕན་པ་ཐོབ་པ་དང་། དུད་ཚང་རེར་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་སྒོར4800ལྷག་མང་དུ་ཕྱིན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号