ཞིང་ཆེན་སྲིད་གཞུང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་ཐའེ་ཝན་གྱི་ཚོང་བ་དང་ཁེ་ལས་རྩ་འཛུགས་བྱས་ནས་མཚོ་བྱང་དུ་ཡོང་སྟེ་བརྟག་ཞིབ་བྱས།

ཟླ2པའི་ཚེས28ཉིན། ཞིང་ཆེན་སྲིད་གཞུང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཞའོ་ལི་ཡིས་སྐམ་ས་ཆེན་མོར་ཡོད་པའི་ཐའེ་ཝན་ཚོང་པ15རྩ་འཛུགས་བྱས་ནས་མཚོ་བྱང་ཁུལ་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བརྟག་ཞིབ་ཚོ་ཆུང་དང་མཇལ་འཕྲད་གནང་བ་དང་། མཚོ་བྱང་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་བློ་བརྗེ་རེས་གནང་།



དེའི་རྗེས་འཚོགས་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ཡག་པོ་དང་། ཕུན་སུམ་ཚོགས་པོའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ས་གནས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཁྱབ་པར་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་བསམ་ཚུལ་བཤད་ལ། ཐེངས་འདིའི་ཐའེ་ཝན་ཚོང་བ་དང་ཁེ་ལས་ལ་བརྟག་ཞིབ་བྱེད་པའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། “ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་ཞིང་ཆེན་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་འབྲེལ་གཏུག་སྔར་བས་ཤུགས་སྣོན་པ་དང་། ཞབས་ཞུ་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཉིས་ཕན་གཏིང་ཟབ་ཏུ་གཏོང་བ། གནས་འཕྲོད་ལས་འཚམ་གྱི་འཕེལ་རྒྱས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་པ། ཐའེ་ཝན་ཚོང་པ་ཐའེ་ཝན་ཁེ་ལས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང“མཚོ་བྱང་ལྔའི”འཛུགས་སྐྲུན་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་ཧུར་ཐག་བཅས་བྱེད་དགོས་པ་ནན་གྱིས་བསྟན། 



ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་མཚོ་བྱང་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཐད་འགྲེལ་བཤད་ཞིབ་ཕྲ་གནང་ལ། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱི་ཡུལ་སྐོར་ཆས་རྟགས་ཀྱི་རིན་ཐང་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། མཛེས་ལྗོངས་ཁུལ་གྱི་ཚད་གཞི་ཇེ་མཐོ་དང་སྤུས་ཚད་ཇེ་མཐོར་གཏོང་བའི་ཕན་འབྲས་མངོན་གསལ་དོད་པ། ཡུལ་སྐོར་ལམ་ཐིག་གི་མ་ལག་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཐུས་སྒོ་ཚང་དུ་ཕྱིན་པ། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ཚོད་ལྟའི་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བཅས་བྱས་ཡོད་པ་ནན་གྱིས་བསྟན་པ་དང་། མཚོ་བྱང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཁྲོད་འབྲེལ་ཡོད་བྱ་དགའི་ཁ་གསབ་མ་དངུལ་གྱི་རོགས་སྐྱོར་དང་། ས་ཆ་མཁོ་སྤྲོད་ལ་ཤུགས་སྣོན་པ། ཁྲལ་བསྡུའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་འགན་ལེན་ཡག་པོ་བྱེད་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ངོ་སྤྲོད་བྱས།



བརྟག་ཞིབ་ཚོ་ཆུང་གི་ཁེ་ལས་པས“མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་རིག་གནས་སྔོག་འདོན་དང་། དྲ་གྲགས་ས་ཆ་གཏོད་པ། རིག་གནས་ཡུལ་སྐོར་དུས་ཆེན་དང་ཕྱི་རོལ་གྱི་རོལ་དབྱངས་དུས་ཆེན། མཐོན་པོ་སྒང་གི་གསར་བརྗེའི་མཛེས་ལྗོངས་ཁུལ་གཏོད་པ། མཚོ་བྱང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ། ལུས་རྩལ་འགྲན་བསྡུར་ཆེ་གྲས་རྩ་འཛུགས་བྱེད་པ་སོགས་བརྗོད་དོན་དུ་བཟུང་སྟེ་བཞུགས་མོལ་བརྗེ་རེས་བྱས་པས་ཚང་མས་གསར་གཏོད་ལས་གཏོད་ཀྱི་ས་གཞི་དེར་སྤྲོ་སེམས་ཆེན་པོ་དང་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། མཚོ་བྱང་གི་ཚོང་གཉེར་ཁོར་ཡུག་ལེགས་པ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པ། ཐོན་ཁུངས་ཀྱི་རང་གཤིས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་དམ་འཛིན་བྱས་ཏེ་བཀོད་པ་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号