ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་དམིགས་འབེན་གཏན་འཁེལ་དང་ཁྱད་ཆོས་འབུར་ཐོན་ཡོང་བར་བྱས་ཏེ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་གནས་ཐིག་འཚོལ་བ་དང་འགན་ཁུར་འཁུར་ཤུགས་ཆེ་རུ་བཏང་སྟེ་ལེགས་སྐྱེས་དབུལ་དགོས་པ་ནན་གྱིས་བསྟན།



ཟླ3པའི་ཚེས1ཉིན། ཁུལ་གྱི་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་གྱི་བླང་བྱ་གཞིར་བཟུང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་བསྐྱོད་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་སྡེ་ཁུལ་གྱི་བྱ་བ་སྒྲུབ་ཚུལ། སློབ་གྲྭའི་སློབ་གསོ་སློབ་ཁྲིད། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ལ། དམིགས་འབེན་གཏན་འཁེལ་དང་ཁྱད་ཆོས་འབུར་ཐོན། གནས་ཐིག་གནད་འཁེལ་འཚོལ་བ། མུ་མཐུད་འབད་འཐབ་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་གནས་ཐིག་འཚོལ་བ་དང་འགན་ཁུར་འཁུར་ཤུགས་ཆེ་རུ་བཏང་སྟེ་ལེགས་སྐྱེས་དབུལ་དགོས་པ་ནན་གྱིས་བསྟན།  

 


རྐང་ཚ་རྫོང་ཡའོ་ཁྲུས་ཞང་ཧོས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཤ་བོ་སྐྱབས་ཀྱིས་ཁེ་ལས་གཉེར་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསམ་འཆར་དང་གྲོས་གཞིར་གསན་ལ། ས་གནས་སོ་སོས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། སེམས་ཤུགས་ཡོད་རྒུ་བཏོན་ནས་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བར་རོགས་རམ་བྱེད་དགོས་ཤིང་།  ཁེ་ལས་ཀྱིས་ཐོན་རྫས་ཀྱི་རིག་གནས་ཟུར་སྣོན་རིན་ཐང་མང་དུ་བཏང་ནས་ཁུལ་ཡོངས་ཀྱི་རིག་གནས་བྱེད་སྒོའི་ནང་ཧུར་ཐག་སྒོས་ཞུགས་ཏེ་ཁྱོན་ཡོངས་ཀྱི་ཁྲོད་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    



མཁར་ཤར་སྡེ་ཁུལ་དུ་ཤ་བོ་སྐྱབས་སྡོད་དམངས་དོན་གཅོད་ཚོམས་ཆེན་དང་མི་དམངས་ཀྱི་དོན་བརྗོད་ཚོམས་ཆེན་སོགས་སུ་བསྐྱོད་དེ་སྡེ་ཁུལ་གྱི“ཚོམས་ཆེན་གཉིས་དང་ས་ཚིགས་བཞི”འཛུགས་སྐྲུན་བྱས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་བ་དང་། ཞབས་ཞུ་དེ་སྡེ་ཁུལ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་མང་ཚོགས་ཀྱི་འགལ་བ་སེལ་བ་དང་། དོགས་གཞི་དང་དཀའ་གནད་ལ་ལན་འདེབས་པ། སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ་ཁྱིམ་མཚེས་ལ་དྲོད་ཁོལ་ལྡན་པ་དང་དོ་དམ་གནད་ལ་འཁེལ་བའི“སྡོད་དམངས་ཁྱིམ་ཚང”ཞིག་ཧུར་ཐག་གིས་སྐྲུན་དགོས་ལ། སྡེ་ཁུལ་གྱི“སེ་འབྲུའི་ཁྱིམ་གཞི”སྐྲུན་རྒྱུར་དམིགས་ནས་སྡེ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྐྱིད་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། དམངས་ཆེན་དང་སྲིད་གྲོས་ཀྱི་ཁྱིམ་ཚང་ཡག་པོ་བསྐྲུན་ནས་དམངས་ཀྱི་འདོད་བློ་གཅིག་སྒྲིལ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་ནན་གྱིས་བསྟན།



འོམ་ཆུ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཤ་བོ་སྐྱབས་ཀྱིས་སློབ་གྲྭའི་སློབ་ཁྲིད་སྒྲིག་བཀོད་དང་། དགེ་རྒན་གྱི་དཔུང་ཁག སློབ་ཚན་བཀོད་སྒྲིག འཛིན་གྲྭའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ། བྱིས་པ་ཚོས་བཤད་པའི་གསར་བརྗེའི་གཏམ་རྒྱུད་ལ་ནན་ཏན་ངང་ཉན་པ་དང་། སློབ་གསོའི་བྱ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཤིང་། ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་གྲྭའི་དོ་དམ་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ་དང་། སློབ་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་གཅིག་གྱུར་དཔྱད་ཞིབ་དང་སློབ་མའི་གཅིག་གྱུར་རྒྱུགས་ལེན་ལ་སྐུལ་འདེད་བཏང་སྟེ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་གཉེར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། མི་རིགས་ཀྱི་ཁྱད་ཆོས་དང་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་བསམ་བློའི་སློབ་གསོ་དེ་སློབ་གཉེར་སློབ་ཁྲིད་ཀྱི་གོ་རིམ་ཡོངས་སུ་དཀྱུས་གཅིག་ཏུ་ལག་བསྟར་བྱེད་དགོས། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཀུན་སྤྱོད་དང་མཛེས་དཔྱོད་སློབ་གསོའི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱེད་སྒོ་སྔར་ལས་མང་བ་སྤེལ་ནས། གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་ནན་གྱིས་བསྟན།



དཀོན་ལོ་གོང་མ་སྡེ་བ་རུ་ཤ་བོ་སྐྱབས་སྔ་རྗེས་སུ་གུར་སྒར་དང་དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་ལས་གཞི་ལས་སྐྲུན་བྱ་ཡུལ་དང་། ཕྱུགས་ནོར་གཡང་འཕེལ་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། ཚ་ཆེན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅས་སུ་ཕེབས་ནས་ཡུལ་དངོས་ནས་བརྟག་ཞིབ་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་གཉེར་སྐྱོང་། འཕེལ་རྒྱས་འཆར་འགོད་དང་དེ་བཞིན་དེར་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཤ་བོ་སྐྱབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡིད་ལ་བརྟན་པོར་བཅངས་པ་དང་ཀྲུང་དབྱང་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་སོ་སོ་ཡག་པོར་སྒྲུབ་པ་བཅས་བྱེད་དགོས་ལ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་པ་དང་སྡེ་བའི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ལ་ཡོང་སྒོ་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས་གུར་སྒར་དང་དེང་རབས་ཚན་རྩལ་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་སྟེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་རྒྱུར་སྒུལ་ནུས་གསར་བ་སྣོན་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་དེ་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ནས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་ཅན་དང་ཆས་རྟགས་ཅན། རིག་ནུས་ཅན་བཅས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་ནན་གྱིས་བསྟན། དེའི་རིང་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་དགེ་རྒན་ཆེ་མོ་ཧོའུ་ཧྲེང་ཀྲེན་གྱིས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བསམ་བློ་བརྗེ་རེས་བྱས་ཏེ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།


རྫོང་རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་རོང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་མི་རིགས་ཀྱི་ཡིན་པ་གང་ཞིག་དེ་བཞིན་གྱིས་ཁྱད་ཆོས་ལྡན་པ་དང་ཡུལ་སྐོར་བའི་ཡིད་དབང་འཕྲོག་སླ་བོ་ཡོད། ས་གནས་སོ་སོས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་། ཡུལ་དེ་གའི་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པ། འཚེམ་དྲུབ་དང་བོད་ལྭ། རྡོ་བརྐོས། བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་ཀྱི་གསོ་སྦྱོང་བྱེད་ཤུགས་དང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།


ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། རྐང་ཚ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་ཕེབས་རོགས་གནང་།    




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号