ཤ་བོ་སྐྱབས་ཀྱིས2023ལོའི་མདའ་བཞི་ས་ཁུལ་གྱི་རྒྱལ་ཁོངས་ལྗང་སྒྱུར་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་།


   ཟླ4བའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་ལྗོངས་ཁུལ་གྱི་འཛུལ་སྒོ་དང་། མཚོ་སྐོར་ཤར་ལམ་གྱི་གཞོགས་གཉིས། མདའ་བཞི་རྫོང་བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་ཡི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་ལས་གཞི་ཁུལ་གྱི་མཐའ་འཁོར་དུ་བསྐྱོད་དེ་ཡུལ་དངོས་སུ2023ལོའི་རྒྱལ་ཁོངས་ལྗང་སྒྱུར་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་བྱ་རྒྱུ་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཇུས་འགོད་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ2023ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་སྤུས་ཚད་མཐོན་པོས་སྒྲུབ་དགོས་པ་ནན་གྱིས་བསྟན།

   ཤ་བོ་སྐྱབས་ཀྱིས་བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་ཡི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་ལས་གཞི་ཁུལ་གྱི་འོས་འགན་སྡོང་འཛུགས་ས་ཚིགས་ཀྱི་གྲ་སྒྲིག་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་། 2023ལོའི་འོས་འགན་སྡོང་འཛུགས་བྱ་བ་དེ་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པ་དང་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས། བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་དཔེ་སྟོན་ལ་གཞི་ཚུགས་ཏེ་འོས་འགན་སྡོང་འཛུགས་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོ་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་དགོས་པ་དང་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་ཡན་ལག་བཟོ་གྲྭ་གསུམ་པ་དང་བཞི་བ། བདུན་པ་བཅས་ལ་དམིགས་ཏེ། མཐོན་པོ་སྒང་ལྗོངས་ཁུལ་གྱི་འཛུལ་སྒོའི་མཐའ་འཁོར་དང་མཚོ་སྐོར་ཤར་ལམ་ལམ་རྒྱུད། བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས། ཡུལ་བབ་དང་བསྟུན་པ་དང་སྔ་མོ་ནས་བཀོད་སྒྲིག་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ་བཅས་ཀྱི་ཐོག་ནས་འཆར་འགོད་ཇུས་འགོད་དང་སྡོང་ཕྲུག་འདེམས་པ། ལག་རྩལ་མཛུབ་ཁྲིད། ཆུ་འདྲེན་པ། འགན་ལེན་བྱ་བ་སོགས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཁོར་ཡུག་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འགན་འཁྲིའི་ལས་ཁུངས་སོ་སོས་ལས་འགན་ས་ཁོངས་དང་ས་ཁོངས་དབྱེ་འབྱེད། ས་ཚིགས་དབྱེ་འབྱེད་སོགས་དུས་མགོའི་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབས་ནས་རྒྱལ་ཁོངས་ལྗང་འགྱུར་གྱི་མགོ་རྩོམ་མཛད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་དུས་ཚོད་གཅིག་སྡུད་ཐོག་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་དགོས། སྡོང་ཕྲུག་ལ་ཆུ་འདྲེན་པ་དང་དུས་མཇུག་གི་དོ་དམ་སྲུང་སྐྱོང་། མ་དངུལ་འགན་ལེན་སོགས་ཀྱི་བྱ་བ་སྔ་མོ་ནས་འཆར་འགོད་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཕུགས་ཕན་དོ་དམ་སྲུང་སྐྱོབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་ཕན་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།

   ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་། དབྱིན་མའོ་ཝུན། མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ནགས་ཚལ་དང་རྩྭ་ཐང་། སྐྱེ་ཁམས། རྒྱལ་ཁོངས་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན། མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号