ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོན་པོ་སྒང་དང་བྱེ་མ་གསེར་ལྡན། ཁེ་ཐུའུ་བྱེ་བཅོས་ས་ཚིགས་ལྗོངས་ཁུལ་འཛུགས་སྐྲུན་བྱ་ཡུལ་དུ་གཞུང་དོན་སྤེལ་བའི་ཚོགས་འདུ་འཚོགས།


   ཟླ4བའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་དང་བྱེ་མ་གསེར་ལྡན། ཁེ་ཐུའུ་བྱེ་བཅོས་ས་ཚིགས་ཀྱི་ལྗོངས་ཁུལ་འཛུགས་སྐྲུན་གྱི་ཡུལ་དངོས་སུ་གཞུང་དོན་སྤེལ་བའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་འབྲེལ་ཡོད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་སྒྲིག་བྱས།

   མཐོན་པོ་སྒང་ལྗོངས་ཁུལ་དུ་ལྗོངས་ཁུལ་གྱི་འཛུལ་སྒོའི་སྒར་སྡོད་རྟེན་གཞིའི་ས་ཆ་འདེམས་པར་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། ལྗོངས་ཁུལ་གྱི་ཆུ་དང་གློག འཕྲིན་གཏོང་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བའི་སྙན་ཞུར་ནན་ཏན་ངང་གསན། ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་ལྗོངས་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་ཤུགས་སྒྲིལ་རོགས་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་མཐོན་པོ་སྒང་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་དང་ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། སྒར་སྡོད་རྟེན་གཞིའི་ས་ཆ་བསྡུ་བའི་འགྲོ་ལུགས་གཉེར་རྒྱུ་དང་ས་ཆ་ཁོད་སྙོམས་གང་མགྱོགས་ལེགས་སྒྲུབ་བྱས་ཏེ་མཐོན་པོ་སྒང་ལྗོངས་ཁུལ་གྱི་འཛུལ་སྒོའི་ཤར་ཕྱོགས་གཙོ་བོར་བྱས་ནས་ཕྱི་རོལ་གྱི་སྒར་སྡོད་ཐོན་རྫས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་ཕྱི་རོལ་གྱི་སྒར་སྡོད་ཐོན་རྫས་འགྲེམས་ཚོང་ཚོགས་འདུ་གྲ་སྒྲིག་ཡག་པོ་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་ནས་ཆུ་བེད་དང་གློག་འདོན་སྡེ་ཁག་གིས་མཐོན་པོ་སྒང་ལྗོངས་ཁུལ་ལ་གློག་གཏོང་བ་དང་ལྗོངས་ཁུལ་གྱི་འཛུལ་སྒོ་དང་སྒར་སྡོད་རྟེན་གཞི་ནས་ཆུ་དང་གློག་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། མཚོ་སྔོན་པོའི་བྱང་ངོས་དང་མཐོན་པོ་སྒང་ལྗོངས་ཁུལ་གྱི་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་དང་རྩྭ་ཐང་ཞན་འགྱུར་སླར་གསོ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁུལ་ལྕགས་སྒྲོམ་ཀུང་སི་དང་སྤོ་སྒུལ། གློག་འཕྲིན། སྦྲེལ་མཐུད་བཅས་གཉེར་སྐྱོང་ཚོང་ལས་ཆེ་གྲས་གསུམ་གྱིས་མཐོན་པོ་སྒང་ལྗོངས་ཁུལ་གྱི་འཕྲིན་གཏོང་སྦྲེལ་གནས་འཛུགས་སྐྲུན་གང་མགྱོགས་ལེགས་འགྲུབ་བྱས་ཏེ། འཕྲིན་གཏོང་དྲ་རྒྱ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་བཏང་ནས་ཟླ་ལྔ་བའི་ཟླ་མཇུག་ཏུ་ལྗོངས་ཁུལ་ཡོངས་སུ་ཁྱབ་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་དང་རྫོང་མི་རིགས་ཆོས་ལུགས་སྡེ་ཁག་གིས་མཐོན་པོ་སྒང་གི་དར་ལྕོག་སོགས་ཀྱི་སྒྲིག་བཀོད་ཚད་ལྡན་བཅོས་སྒྲིག་བྱས་ནས་ཞིབ་ཕྲའི་བསམ་འཆར་དང་གྲོས་མགོ་འདོན་དགོས། མདའ་བཞི་རྫོང་གིས་མང་ཚོགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ་མཚོ་སྐོར་མཐའ་སྐོར་དང་མཐོན་པོ་སྒང་ལྗོངས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཧུར་ཐག་བྱ་དགོས། མཐོན་པོ་སྒང་ལྗོངས་ཁུལ་གྱི་འཛུལ་སྒོའི་ཕྱི་རོལ་གྱི་ཁང་པའི་ཕྱི་ངོས་སུ་དཀར་རྩི་བྱུགས་པ་དང་། ལྕགས་དྲ་བསྐོར་བ།  སྒེར་གྱིས་གང་བྱུང་དུ་འཛུགས་བསྐྲུན་བྱེད་པ་སོགས་ཕྱོགས་བསྡུས་བཅོས་སྒྲིག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། མཐོན་པོ་སྒང་ལྗོངས་ཁུལ་དང་འབྲེལ་བའི་སྡེ་བ3གྱི་འབྲོག་ཁྱིམ24ལ་མཉམ་ལས་ཁང་བཙུགས་པ་བརྒྱུད་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱ་རྒྱུར་སྐུལ་ལྕག་བཏང་ནས། མང་ཚོགས་སྐུལ་སློང་བྱས་ཏེ་ལྗོངས་ཁུལ་མཐའ་འཁོར་གྱི་ལྕགས་དྲ་གོ་རིམ་ལྡན་པའི་ངང་བཤིག་དགོས། མང་ཚོགས་གཅིག་སྡུད་གཅིག་གྱུར་གྱིས་ཕྱུགས་འཚོ་བ་དང་ངལ་རྩོལ་ནུས་ཤུགས་ལྷག་མ་ལྗོངས་ཁུལ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་ལ་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གིས་སྒར་སྡོད་རྟེན་གཞི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྒར་སྡོད་རྟེན་གཞི་འཛུགས་སྐྲུན་གྱི་བསམ་ཕྱོགས་འཆར་འགོད་གཏིང་ཟབ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་སྒར་སྡོད་ཐོན་ལས་འཕེལ་རྒྱས་བཏང་ནས་ད་ལོར་རྫོང་སོ་སོས་ཉུང་མཐར་ཡང་སྒར་སྡོད་རྟེན་གཞི་གཅིག་རེ་བསྐྲུན་དགོས། སྒར་སྡོད་རྟེན་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དང་རྫོང་དྲིལ་སྒྲོག་སྡེ་ཁག་གིས་ཇུས་འགོད་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཕྱི་རོལ་གྱི་སྒར་སྡོད་ཐོན་རྫས་འགྲེམས་ཚོང་དྲིལ་སྒྲོག་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་ལྷག་པར་དུ་མི་སྒེར་གྱི་སྨྱན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བྱེད་སྒོའི་རྣམ་པ་བཟང་པོ་ཏན་ཏིག་གཏོད་དགོས། རྐང་ཚ་རྫོང་དང་མདའ་བཞི་རྫོང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་ལས་གཞིའི་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱས་ནས་ཁེ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་དང་། བྱེ་མ་གསེར་ལྡན། དགོ་དམར་སྲུང་སྐྱོབ་ཁུལ། མཚོ་འཁྱིལ་གྱི་གསེར་ཉ་ཡར་འགྲོ་ལྟ་ཞིབ་ཚད་ལེན་ས་ཚིགས། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། ཆུ་ཁོལ་ཉམས་ལེན་ཁུལ་སོགས་མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས6གི་ལས་གཞི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། བྱ་བའི་བཀོད་གཏོང་ལ་ཤུགས་སྣོན་པ་དང་ཉིན་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་ལས་འགན་སོ་སོ་དུས་བཀག་ནང་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

   དེ་དང་ཆབས་ཅིག་ཁུལ་ཀྲུང་བོད་ལུགས་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་བེད་སྤྱོད་སྐུལ་འདེད་བྱ་བར་སླར་ཡང་བཀོད་སྒྲིག་བྱས་ནས། མདའ་བཞི་རྫོང་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། གཏན་འབེབས་ཀྱི་དུས་བཀག་ནང་ཁམས་གསོ་ལྟེ་གནས་ལས་གཞིའི་སྤྱི་ཡོངས་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱས་ནས་ཁམས་གསོ་ལྟེ་གནས་ཀྱི་བོད་ལུགས་གསོ་རིག་གི་ལུམས་དང་མཐོ་གནོན་གསོ་རླུང་མཛོད། སྨན་སྤྱོད་གསོ་རླུང་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་གང་མགྱོགས་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་རྩ་འཛུགས་པུས་སྤྱི་འདོམས་འཆར་འགོད་བྱས་ཏེ་ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པ་དང་གཞི་རིམ་ལས་བྱེད་ལས་བཟོ་བའི་གསོ་སྦྱོང་དང་ཁམས་གསོའི་འཆར་གཞི་བཟོས་ནས་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་གི་ཁམས་གསོ་ལྟེ་གནས་སྤྱོད་ཚད་ནུས་ལྡན་མཐོ་རུ་གཏོང་དགོས། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁུལ་ཀྲུང་བོད་ལུགས་གསོ་རིག་ཁམས་གསོ་ལྟེ་གནས་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་དང་གསོ་སྦྱོང་སོགས་ཚོགས་པ་སྔར་བས་མང་བོ་ཁུལ་ཀྲུང་བོད་ལུགས་གསོ་རིག་ཁམས་གསོ་ལྟེ་གནས་སུ་ཁམས་གསོ་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་དགོས་པའི་བླང་བྱ་བཏོན།

   བྱེ་མ་གསེར་ལྡན་གྱི་ལྗོངས་ཁུལ་དང་ཁེ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་དུ་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྙན་ཞུར་གསན་རྗེས། གོང་གསལ་གྱི་གནས་གཉིས་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་ཁྲོད་མདའ་བཞི་རྫོང་གི་དམིགས་བསལ་གཉེར་སྐྱོང་ས་ཚིགས་དང་འབྲེལ་བ་ཡོད་པ་དང་། བྱ་བའི་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་ཡིན་པ། དུས་ཚོད་ཐུང་ལ་ལས་འགན་ལྕི་བས་མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“དལ་མི་རུང་བ”དང“སྒུག་མི་རུང་བ” “འགོར་འགྱངས་བྱེད་མི་རུང་བ”བཅས་ཀྱི་བསམ་པའི་རྣམ་འགྱུར་ཐོག་ནས་ལྗོངས་ཁུལ་གཏོད་པའི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བ་དང་ད་ལྟ་དང་མ་འོངས་བ་འབྲེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྗོངས་ཁུལ་གྱི་ཕྱོགས་བཞིའི་མཐའ་མཚམས་གང་མགྱོགས་གཏན་འཁེལ་བྱེད་པ་དང་། ལྗོངས་ཁུལ་གྱི་ཁྱད་ཆོས་དང་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་དང་དངོས་ཐོག་བདེན་འཚོལ་གྱིས་འཆར་འགོད་བྱེད་པ། གཉེར་སྐྱོང་གི་ནང་དོན་གཏན་འཁེལ་བྱེད་པ་དང་། དུས་མགོའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོ་ཡག་པོར་བསྒྲུབས་ཏེ་འབྲེལ་ཡོད་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུས་ནས་གྲ་སྒྲིག་བྱེད་དགོས། མཚོ་སྔོན་པོའི་མཚོ་མཆོད་བྱེད་སྒོ་འཆར་འགོད་དང་གྲ་སྒྲིག་ཡག་པོ་བྱེད་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་སྒོ་དུས་བཀག་ལྟར་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་པ་དང་། ལུགས་མཐུན་ངང་མཚོ་མཆོད་བྱེད་པར་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུར་ཞབས་འདེགས་ཞུ་དགོས། ཁུལ་དང་རྫོང་གི་ལས་ཁུངས་སོ་སོས་མཉམ་ལས་བྱས་ཏེ་ལྗོངས་ཁུལ་གྱི་རིགས་སོ་སོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆའི་གནད་དོན་ལ་དམ་པོར་དམིགས་ནས་ལས་གཞིའི་མ་དངུལ་དོན་འཁྱོལ་བྱེད་པ་ཇེ་མགྱོགས་སུ་བཏང་ནས་ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཐག་གཅོད་ཏན་ཏིག་བྱས་ཏེ་ལྗོངས་ཁུལ་གཏོད་པར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་བཏོན།

   ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཨ་ཁྱུང་། སུན་ཞུག་ཙུང་། དབྱིན་མའོ་ཝུན། མ་རུའུ་ཞང་། ཞའོ་རུའེ་ཞིན། རྫོང་བཞིའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཁུལ་འཕྲིན་གཏོང་དང་གློག་ཤུགས་སོགས་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། མདའ་བཞི་རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号