མཚོ་བྱང་ཁུལ་གྱི2023ལོའི་ལོ་འཁོར་མོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།    


   ཟླ4བའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་མཚོ་བྱང་ཁུལ་གྱི2023ལོའི་ལོ་འཁོར་མོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་། རིག་གནས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལས་གཞིའི་མ་དངུལ་བསྡུ་སྒྲིལ་གྱི་བྱ་བར་ཆེད་དོན་ཞིབ་འཇུག་བྱས།

   ཤ་བོ་སྐྱབས་ཀྱིས་ཁུལ་བཟོ་འཕྲིན་དང་རིག་གནས་ཡུལ་སྐོར། ནོར་སྲིད། འགྲིམ་འགྲུལ། སྡོད་ཁང་འཛུགས་སྐྲུན། རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་། མཚོ་བྱང་ཞིང་ལས་འཕེལ་རྒྱས་དངུལ་ཁང་སོགས་སྡེ་ཁག་དང་ཁེ་ལས་ཀྱི་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་བླང་བྱར་དམ་པོར་དམིགས་ཏེ། མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་ལས་གཞི་ཇུས་འགོད་དང་འཛུགས་སྐྲུན་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ལས་གཞིའི་ཚོགས་སྐྲུན་པ་དང་། ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་སྡོད་མི་ཐུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་འགོར་འགྱངས་བྱེད་མི་རུང་བའི་ཉེན་ཁའི་བསམ་པ། སྒུག་མི་ཐུབ་པའི་འགན་ཁུར་བསམ་པ་བཅས་རྒྱུན་འཁྱོངས་བྱས་ཏེ་བསམ་ཕྱོགས་གཏན་འཁེལ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་དང་ཕྱོགས་སོ་སོའི་འགན་ཁུར་ནན་དུ་བཏང་ནས། སྲིད་ཇུས་ཀྱི་བླང་བྱ་སོ་སོ་ཁོང་དུ་ཆུད་པར་བྱས་ཏེ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་གསར་གཏོད་ཀྱི་ཐབས་ལམ་ཐད་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་སྤྱད་དེ་མ་དངུལ་བསྡུ་སྒྲིལ་བྱ་བ་བདེ་བླག་ངང་སྤེལ་ཐུབ་པ་དང་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ལས་གཞི་དོན་འཁྱོལ་དང་ལས་འགན་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།    

   ཤ་བོ་སྐྱབས་ཀྱིས་གོ་སྐབས་དམ་འཛིན་དང་བསམ་བློ་བཅིངས་འགྲོལ། ཧུར་ཐག་སྒོས་བརྩོན་ལེན་བཅས་བྱས་ཏེ། “གལ་ཆེ་ཆུང་དང་དལ་བྲེལ། མཉམ་འདྲེས་ཐུབ་པ། སྔོན་ལ་སྒྲུབ་སླ་བ་དང་རྗེས་སུ་སྒྲུབ་དཀའ”བའི་རྩ་དོན་ལ་གཞིགས་ནས་རིག་གནས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བ་ཡག་པོར་བསྒྲུབ་སྟེ་གཙོ་གནད་ཐོག་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ལྟ་ལྗོངས་སྟེགས་བུ་དང་། མཁའ་དམག་གི་རྗེས་ཤུལ། སྒར་སྡོད་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པ་དང་། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་ཡན་ལག་བཟོ་གྲྭ་དང་པོ་དང་ཡན་ལག་བཟོ་གྲྭ་གསུམ་པ། ཡན་ལག་བཟོ་གྲྭ་བཞི་བའི་ཁུལ། ཡན་ལག་བཟོ་གྲྭ་བདུན་པའི་ཁུལ་གྱི་ཐོག་ཁང་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། ཁུལ་ཀྲུང་བོད་གསོ་རིག་སྨན་རྫས་ཁམས་གསོ་ལྟེ་གནས་ཀྱི་སྒྲིག་ཆས་ཉོ་སྒྲུབ་སོགས་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་བསྡུ་སྒྲིལ་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་བ་སྣོན་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་དང་འགྲིམ་འགྲུལ་མ་འཇོག་སྤྱི་གཉེར་ཁང་སོགས་ལས་གཞིའི་བྱེད་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ལས་གཞིར་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོ་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལ་སྤྱི་འདོམས་བྱེད་པ། གཞུང་ཁོངས་རྒྱུ་ནོར་གཙང་བཤེར་དང་འོས་འཚམ་གྱིས་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། གཞུང་ཁོངས་རྒྱུ་ནོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་ཡོང་གང་ཐུབ་བཅས་བྱས་ནས་ཁྲིམས་འཛིན་སྡེ་ཁག་གིས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདོན་ཚོགས་པ་བརྒྱུད་རིམ་ཧྲིལ་བོར་ཞུགས་པར་རྩ་འཛུགས་མཛུབ་ཁྲིད་བྱས་ཏེ་མ་དངུལ་བསྡུ་སྒྲིལ་བྱ་བ་སོ་སོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ནས་ས་གནས་ཀྱི་བུ་ལོན་གྱི་ཁུར་བོ་ཡང་དུ་གཏོང་གང་ཐུབ་བྱེད་དགོས། “དངུལ་བླངས་ནས་བྱ་བ་སྒྲུབ་པ”དེ“དོན་དག་ག་ཚོད་སྒྲུབ་པར་དངུལ་ག་ཚོད་སྤྲོད་དགོས་པའི”བསམ་ཕྱོགས་ལ་འགྱུར་ལྡོག་བཏང་སྟེ་སྡེ་ཁག་སོ་སོས་དངོས་ཐོག་བདེན་འཚོལ་དང་ལས་གཞིའི་མ་དངུལ་དགོས་མཁོའི་གསལ་ཐོ་མགྱོགས་མྱུར་སྒོས་ལེགས་སྒྲིག་བྱས་ནས་ཞིང་ལས་འཕེལ་རྒྱས་དངུལ་ཁང་སོགས་དངུལ་རྩའི་ཁེ་ལས་ཀྱི་ལས་གཞིའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དང་རྗེས་འདེད་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་བྱ་བའི་ལྡོག་སྐུལ་ལམ་སྲོལ་ཆགས་པར་བྱས་ནས་སྔ་མོ་ནས་སྦྲེལ་མཐུད་དང་སྔ་མོ་ནས་མིང་རྟགས་འགོད་པ། སྔ་མོ་ནས་ཞིབ་མཆན་འགོད་པ། སྔ་མོ་ནས་མ་དངུལ་གཏོང་བ་བཅས་བྱས་ཏེ་ལས་གཞི་གལ་ཆེན་བདེ་བླག་ངང་སྤེལ་རྒྱུར་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་དང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྦྲེལ་མཐུད་མཐུན་སྦྱོར་ཡག་པོ་ཡོང་བར་བྱས་ནས་མ་དངུལ་བསྡུ་སྒྲིལ་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་མ་དངུལ་བསྡུ་སྒྲིལ་ལས་གཞི་སྔ་མོ་ནས་ལས་མགོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཕྱོགས་བསྡུས་ཞབས་ཞུ་ཚོགས་པ་བཙུགས་ནས་དངུལ་རྩའི་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བའི་ཕན་འབྲས་ཆེ་རུ་གཏོང་བ། བྱ་བའི་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ། བྱ་བའི་འགན་འཁྲི་ནན་དུ་གཏོང་བ། བྱ་བའི་ལས་འགན་ཁ་གསལ་བཟོ་བ། དུས་ཚོད་ཀྱི་ལྷུ་ཚིགས་ལ་ཤུགས་སྣོན་པ་བཅས་བྱས་ནས་ལས་འགན་སོ་སོ་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན། 


   ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་པ་དང་མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས་དྲུག་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་དམ་འཛིན་དང་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་སྒོས་མཚོ་སྐོར་བྱང་ངོས་ཀྱི་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ་དང་། ལྗོངས་གནས་ཀྱི་སྤུས་ཚད་རིམ་སྤོར་བྱེད་དགོས་ཤིང་། ཉེ་དུས་ཀྱི་སློབ་སྦྱོང་དང་རྟོག་ཞིབ་གྲུབ་འབྲས་གཏིང་ཟབ་སྒོས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱས་ནས་ཀུའེ་ཀྲིག་དང་སི་ཁྲོན། ཡུལ་ཤུལ། ཞི་ཧྲོང་པན་ན་སོགས་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་དམ་པོར་དམིགས་ནས་གསར་གཏོད་དང་ཧེ་བག བསམ་ཕྱོགས། བྱ་ཐབས་བཅས་བཙལ་ནས་སློབ་སྦྱོང་གི་གྲུབ་འབྲས་མཚོ་བྱང་ཁུལ་གྱི་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཚོད་དམ་འཛིན་བྱས་ཏེ་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་དང་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་སྙིང་སྟོབས་ཀྱི་བརྗོད་དོན་འགྲེམས་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་སོགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལྟ་སྐོར་ས་ཚིགས་ཇེ་རྒྱས་ཇེ་ལེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་དགོས། དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས་འཕྲིན་གཏོང་དང་སྨན་བཅོས། བདེ་འཇགས་སོགས་ཀྱི་འགན་ལེན་བྱ་ཐབས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། ཟ་སྡོད་འགྲོ་སྐྱོད་ཉོ་རྩེད་སོགས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཞིབ་འཇུག་འཆར་འགོད་གཏིང་ཟབ་བྱས་ཏེ། སྨྱན་སྦྱོར་སྣ་ཚོགས་སྤྱད་དེ་ཐབས་ལམ་མང་བོ་དང་ཕྱོགས་ཡོངས་ནས་དྲིལ་སྒྲོག་འོས་སྦྱོར་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་རྣམ་པ་བཟང་བོ་ཞིག་གཏོད་དགོས། བྱ་བའི་བསམ་ཕྱོགས་གསར་གཏོད་དང་མཚོ་བྱང་མགྲོན་ཁང་ལ་དོ་དམ་དང་གཉེར་སྐྱོང་གང་ལེགས་བྱས་ཏེ་ཞབས་ཞུའི་སྤུས་ཚད་དང་སྣེ་ལེན་ནུས་པ་ཆེ་རུ་བཏང་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བས་རྡུལ་ཕྲན་མཁར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པའི་ཡིད་དབང་བཀུག་ནས་གསོན་ཤུགས་འཕེལ་བར་བྱེད་དགོས། ཟི་ལིང་གི་མཚོ་བྱང་ལས་བྱེད་རྒན་པའི་ཞབས་ཞུའི་ལྟེ་གནས་ཀྱི་ཚད་ལྡན་དོ་དམ་དང་ལམ་ལུགས་འཐུས་ཚང་། ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བར་ཤུགས་སྣོན་པ་དང་། གསར་གཏོད་ཀྱི་བྱེད་ཐབས་དེ་བས་མང་བ་འཚོལ་ཞིབ་བྱེད་པ། ལས་སྟེགས་དང་གཞི་རྟེན་དེ་བས་མང་བ་གཏོད་པ། ཞབས་ཞུའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། མིག་རྒྱང་རིང་བའི་འཕེལ་རྒྱས་ལ་དམིགས་ཏེ་ཧྲན་ཏུང་ཞིང་ཆེན་དང་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་སྦྲེལ་མཐུད་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་པ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་རིག་གནས་ཡུལ་སྐོར། སྨན་བཅོས་ཁམས་གསོ་སོགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བསམ་ཕྱོགས་གཏོད་རྒྱུར་དོ་སྣང་བྱེད་པ་དང་ད་ཡོད་ཀྱི་སྒྲིག་བཀོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་གཟུགས་པོར་བརྟག་དཔྱད་དང་ལུགས་བཅོས་སོགས་ཀྱི་ལས་སྒོ་སྣུར་སྲིང་དང་རྒྱ་ཆེར་བཏང་སྟེ་ཁམས་གསོ་ལྟེ་གནས་ཀྱི་ནང་དོན་སྔར་ལས་ཇེ་ལེགས་སུ་བཏང་ནས་ཁམས་གསོ་ལྟེ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
   ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་དང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཨུའི་ཏང་གི་སློབ་གྲྭ  ཁུལ་འཕེལ་སྒྱུར་དང་བཟོ་འཕྲིན། ནོར་སྲིད། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག མཚོ་བྱང་ཞིང་ལས་འཕེལ་རྒྱས་དངུལ་ཁང་སོགས་སྡེ་ཁག་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号