ཤ་བོ་སྐྱབས་མཐོན་པོ་སྒང་སྒར་འདེབས་རྟེན་གཞི་དང་བྱེ་མ་རྔ་རྡུང་། ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།


   ཟླ4བའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཐོན་པོ་སྒང་སྒར་འདེབས་རྟེན་གཞི་དང་བྱེ་མ་རྔ་རྡུང་། ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་སྐབས་འགན་འཁྲི་ཏན་ཏིག་འཁུར་བ་དང་དམིགས་འབེན་ལས་འགན་ལ་དམ་འཛིན་བྱེད་པ། དུས་ཚོད་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་ནན་གྱིས་བསྟན།

   མཐོན་པོ་སྒང་ལྗོངས་ཁུལ་གྱི་འཛུལ་སྒོར་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་མཚོ་སྔོན་པོ་མཐོན་པོ་སྒང་སྒར་འདེབས་རྟེན་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བརྟག་ཞིབ་བྱས་ནས། ཕྱི་རོལ་གྱི་ཐོན་རྫས་འགྲེམས་འཚོང་ཚོང་འདུས་གྲ་སྒྲིག་དང་བཀོད་སྒྲིག་འཛུགས་སྐྲུན། ཆུ་གློག་ཤར་གཏོང་། ཉེ་འཁོར་གྱི་རྩྭ་འདེབས་ལྗང་སྒྱུར་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སྒར་འདེབས་ཁང་འཁོར་ནང་བུད་ནས་དེའི་བྱེད་ནུས་རྒྱུས་ལོན་བྱས་ཏེ་ལྗོངས་ཁུལ་གྱི་སྒོ་ཆེན་འཛུགས་སྐྲུན་ལ་གཟིགས་ཞིབ་ནན་ཏན་བྱས་པ་དང་། ཁུལ་འགྲིམ་འགྲུལ་དང་ཆུ་བེད། ནགས་རྩྭ། ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་དང་མདའ་བཞི་རྫོང་གིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་རྗེས། དུས་རིམ་དང་པོའི་བྱ་བར་ཁས་ལེན་དང་གདེང་འཇོག་གང་ལེགས་གནང་། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་རྒྱུ་དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་སྒྲིག་གནང་བའི“གནས་བཞིའི”འཐབ་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག མིག་སྔར་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་གཞིའི་གཙོ་གནད་ལས་གྲྭ་བཅས་ཡིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། བྱ་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལས་གཞི་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཤིང་། ཕྱི་རོལ་སྒར་འདེབས་ཐོན་རྫས་འགྲེམས་འཚོང་ཚོང་འདུས་གྲ་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་སྒར་འདེབས་ཐོན་རྫས་འགྲེམས་འཚོང་གང་མགྱོགས་སྒོས་རྩ་འཛུགས་དང་འགྲེམས་སྟོན་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་། ཆུ་གློག་ཤར་གཏོང་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ནས་རྩྭ་འདེབས་ལྗང་སྒྱུར་གྱི་བྱ་བ་ཡག་པོར་སྒྲུབ་དགོས། གློག་དང་འཕྲིན་གཏོང་ལམ་ཐིག་ལུགས་མཐུན་ངང་ལེགས་སྒྲིག་བྱས་ཏེ་ལྗོངས་ཁུལ་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་དགོས།  དེང་རབས་ཀྱི་སྟབས་བདེ་ཞིང་བདེ་འཇགས་ཐད་བློས་འགེལ་ཆོག་པ། བེད་སྤྱོད་མཛེས་སྡུག་ལྡན་པ། ས་ངོས་མཛེས་ལྗོངས་ཆགས་ཚུལ་བཅས་ཀྱི་བླང་བྱ་ལྟར་ལྗོངས་ཁུལ་གྱི་སྒོ་ཆེན་འཛུགས་པར་དམ་འཛིན་ཡག་པོ་བྱེད་དགོས། ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱ་བ་ཡག་པོར་བསྒྲུབ་ནས་ལྗོངས་ཁུལ་གྱི་བགྲོད་ལམ་དང་འཕྲིན་གཏོང་སྒྲིག་བཀོད། མཁའ་དམག་གི་རྗེས་ཤུལ་སླར་གསོ་སོགས་ཀྱི་ལས་གཞི་གང་མགྱོགས་སྒོས་སྐྲུན་མགོ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན། བྱེ་མ་རྔ་རྡུང་དུ་ལྗོངས་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་གནས་ཚུལ་ལ་རྒྱུས་ལོན་གནང་རྗེས། མདའ་བཞི་རྫོང་གིས་ཞིང་ཆེན་གྱིས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གཏོད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལྗོངས་ཁུལ་གྱི་འཆར་འགོད་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་ཉམས་ལེན་དང་བྱེ་ཐང་བེད་སྤྱོད། ཞག་སྡོད་བཟའ་བཏུང་སོགས་ཀྱི་ཐད་ཇུས་འགོད་ཞིབ་ཚགས་བྱེད་དགོས་པར་མ་ཟད། མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱས་ནས་ད་ལོའི་ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་ཆེད་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ལ།  དེ་དང་ཆབས་ཅིག ཡན་ལག་བཟོ་གྲྭ་གསུམ་པ་དང་ནུབ་མཚོ་གྲོང་རྡལ་ཉེ་འཁོར་གྱི་ཁྲོམ་ལམ་ཆེ་ཆུང་། མཚོ་སྐོར་ཤར་ལམ་གཞོགས་གཉིས་སུ་སྡོང་འཛུགས་ལྗང་སྒྱུར་བྱེད་པའི་བྱ་བར་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན།    

   ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུལ་དངོས་ནས་གཞུང་དོན་སྤེལ་ཚུན་དུ་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། སྨན་དོན་མི་སྣ་དང་སྨན་བཅོས་སྒྲིག་ཆས་བེད་སྤྱོད་དང་གོམ་སྟབས་རྗེས་མའི་བྱ་བའི་ཐད་བརྗེ་རེས་བྱས་ཏེ་ཡུལ་དངོས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ལ། འབྲེལ་ཡོད་བསམ་འཆར་དང་གྲོས་གཞིར་ཉན་ནས་ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་གསེད་བཀྲོལ་བྱས་ཏེ་དུས་རིམ་རྗེས་མའི་བྱ་བ་ཡང་བསྐྱར་བཀོད་སྒྲིག་བྱས། ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་བེད་སྤྱོད་གཏོང་བའི་ཐད་རིམ་པ་སོ་སོའི་མགོ་ཁྲིད་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་བྱས་ཏེ་ཁུལ་སྲིད་གཞུང་གི་ལས་བགོས་འགན་འཁུར་གྱི་ཁུལ་དཔོན་གཞོན་པ་ཚན་གཙོ་དང་འབྲེལ་ཡོད་ཁུལ་དཔོན་གཞོན་པ་ནང་དུ་ཞུགས་པ་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་བགོས་འགན་འཁུར་བློ་མཐུན་གྱིས་ཞིབ་ཕྲའི་བྱ་བར་སྐུལ་འདེད་གཏོང་བའི་བྱ་བའི་ཆེད་དོན་འཛིན་གྲྭ་འཛུགས་པ་དང་། མདའ་བཞི་རྫོང་གིས་མི་སྣ་སྐོང་འཐེན་བྱས་ཏེ་དེའི་ནང་ཞུགས་ནས་བྱ་བ་སོ་སོར་གཅིག་འདོམས་མཐུན་སྦྱོར་བྱེད་དགོས། རིགས་སོ་སོའི་སྨན་བཅོས་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱས་ནས་བོད་ལུགས་སྨན་ལུམས་དང་མཐོ་གནོན་གསོ་རླུང་། སྨན་བཅོས་ལ་མཁོ་བའི་གསོ་རླུང་མཁོ་འདོན་སོགས་ཀྱི་སྒྲིག་ཆས་གང་མགྱོགས་སྒོས་སྤྱོད་ཐུབ་པ་བྱས་ནས་ཧྲན་ཏུང་གི་མཚོ་སྐྱོར་ཆེད་མཁས་པ་དང་ཤེས་ལྡན་མི་སྣ། ཁུལ་ཐད་གཏོགས་དང་མདའ་བཞི་རྫོང་གི་སྨན་བཅོས་སྒྲིག་གཞིའི་སྟོབས་ཤུགས་གང་ལེགས་སྒོས་བེད་སྤྱོད་བྱས་ཏེ་གཟུགས་པོར་བརྟག་དཔྱད་དང་ཁམས་གསོ་སོགས་འབྲེལ་ཡོད་ལས་གཞི་ལག་བསྟར་བྱེད་དགོས།       མི་ཤུགས་དང་རྒྱུ་ཤུགས། དངོས་ཤུགས་བཅས་ཀྱི་ཐོན་ཁུངས་སྣ་ཚོགས་སྔར་ལས་བསྡུ་སྒྲིལ་བྱས་ནས་ཁུལ་མ་བུ་བདེ་སྲུང་ཁང་དང་ཁྲག་སྦྱིན་ས་ཚིགས། མདའ་བཞི་རྫོང་སྨན་ཁང་གི་ཁམས་གསོ་ཚན་ཁག་བཅས་ཁམས་གསོ་ལྟེ་གནས་སུ་སྤར་ནས་བྱ་བ་སྒྲུབ་སྟེ་མོ་ནད་ཚན་ཁག་སྟོབས་ཆེར་གཏོང་བ་དང་ཐོན་ཁུངས་ཆེས་ཆེར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི་ལས་བྱེད་པ་བཅས་ལ་གསོ་སྦྱོང་གི་འཆར་གཞི་བཟོ་བ་དང་།  ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་བྱེད་པའི་གཟུགས་པོར་བརྟག་དཔྱད་བྱེད་པའི་འཆར་གཞི་བཟོས་ཏེ། ཁུལ་ཡོངས་ཀྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་གྲམ་དམར་བོ་ཚོགས་པ། ནད་ཡམས་ཚོད་འཛིན། སྨན་ཁང་། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་འཕྲོད་བསྟེན་ཁང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་ཁམས་གསོ་ལྟེ་གནས་སུ་བསྐྱོད་དེ་སློབ་སྦྱོང་བྱས་ནས་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་སྤྱོད་ཚད་ཆེ་རུ་གཏོང་དགོས། ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་བཟའ་བཏུང་དང་གསོལ་མགྲོན་ཁང་གི་དོ་དམ་བྱེད་སྟངས་ལ་སློབ་སྦྱོང་བྱས་ནས་དྭངས་གཙང་དང་སྐྱིད་སྣང་ལྡན་པའི་བྱ་བའི་ཁོར་ཡུག་ཅིག་གཏོད་དགོས།  མི་སྣའི་ཟས་སྡོད་དང་འགྲོ་སྐྱོད། གཞུང་ལས་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་བྱ་བ་དང་འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་དགོས།  དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཀྲུང་བོད་གསོ་རིག་ཁམས་གསོའི་ལྟེ་གནས་སྔར་བས་བེད་སྤྱོད་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ་ཟུང་འབྲེལ་བྱས་ཏེ་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ལས་རིགས་སོ་སོས་མཐོ་སྒང་ཁམས་གསོ་བདེ་སྲུང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱས་ཏེ། རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དང་གསོ་སྦྱོང་སོགས་ཀྱི་ཚོགས་པ་དེ་བས་མང་བ་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་ཁམས་གསོ་བྱེད་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས་པ་ནན་གྱིས་བསྟན།

   ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་དང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་འགྲིམ་འགྲུལ། ཆུ་བེད། ནགས་རྩྭ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། བཟོ་འཕྲིན། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་།  རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོ་སོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号