ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཤིང་གསུང་བཤད་གནང་།


   ཟླ5བའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས41པ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བྱ་བའི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

   ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་ཞབས་ཞུ་གསར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཅས་ལག་བསྟར་བྱ་རྒྱུར་དམིགས་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས་ཤིང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་ཀྱིས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་རྒྱུ་གཙང་མ། མཐོ་སྒང་བོད་ལུགས་གསོ་རིག་སྨན་རྫས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་དགོས་ལ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ“སྲིད་ཐོན་སློབ་ཞིབ”མཉམ་འདྲེས་གཏིང་ཟབ་ཀྱི་ལག་རྩལ་གསར་གཏོད་མ་ལག་བཙུགས་ནས་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཕྱོགས་བསྡུས་བེད་སྤྱོད་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཁམས་གསོ་ལྟེ་གནས་དེ་གཟུགས་པོར་བརྟག་དཔྱད་བྱེད་པའི་ལྟེ་གནས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཁུལ་མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་དེ་སྨན་ཁང་དུ་བསྒྱུར་ནས་ཁམས་གསོ་དང་སྨན་བཅོས། གཟུགས་པོར་བརྟག་དཔྱད་བྱེད་པ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ལྟེ་གནས་ཤིག་ཏུ་ཆགས་རྒྱུའི་བརྩོན་ལེན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡུལ་བབ་དང་བསྟུན་ནས་འོས་ཤིང་འཚམ་པའི་སྡོང་བོའི་རིགས་བདམས་ཏེ་སྡོང་འཛུགས་ལྗང་སྒྱུར་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྡོང་ཕྲུག་བཙུགས་རྗེས་ཀྱི་དོ་དམ་སྲུང་སྐྱོབ་དང་ཆུ་གཏོང་བར་ཤུགས་སྣོན་པ། སྐྱེས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔར་ལས་ལེགས་སུ་གཏོང་དགོས་ཟེར།

   ཚོགས་ཐོག་ཏུ་སྤྱི་ཁྱབ་ཞི་ཅིན་ཕིང་གི་འབྲེལ་ཡོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དམིགས་ཚད་ལས་འགན་ཁོང་དུ་ཡང་དག་ཆུད་པ། སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོར་གྲ་སྒྲིག་གང་ལེགས་བྱེད་དགོས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་གཏོང་བའི་ཨུ་ཡོན་ཚོགས་འདུ་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུ་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ཏེ། བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་འཛིན་པ་དང་གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གཞུང་ཁོངས་ཁེ་ལས་བཅོས་སྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་བཀོད་པ་དང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ལ་དབང་བའི་མ་རྩ་ལུགས་མཐུན་ངང་འཁོར་རྒྱུག་དང་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་བྱེད་དགོས།《མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་ལ་སྐུལ་ལྕག་བྱེད་ཐབས》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་འགུལ་སྐྱོད་ཏན་ཏིག་སྤེལ་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས་ཟེར།

   ཚོགས་ཐོག་ཏུ་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་མཐོ་རུ་བཏང་ནས་ཞིབ་བཤེར་བརྟག་དཔྱད་བྱེད་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་ལ་མཛུབ་ཁྲིད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་ཡོངས་བསྒྲགས་ཁྱབ་བརྡ་བཏང་བ་དེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་བཟང་བོ་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་ངོ་རྒོལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པའི་རྣམ་འགྱུར་གསལ་བོ་གང་ལེགས་སྒོས་མཚོན་ཡོད་པར་བསྟན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནི་དུས་ཡུན་རིང་བོར་ཕན་ནུས་ལྡན་པའི་སྒྲིག་ལམ་འགྱུར་མེད་དང་འགྱུར་མེད་ཀྱི་ཚད་གཞི་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། མིག་སྔའི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་རྒོལ་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་དགོས་གཏུག་རང་བཞིན་སྔར་ལས་ངོས་འཛིན་གསལ་བོ་བྱས་ཏེ། བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱ་དགོས། དོན་རྐྱེན་དཔྱད་གཞིར་འཛིན་པ་དང་། རྩ་དོན་ནན་མོ་དང་བྱེད་ཐབས་ནན་མོ། ཁོར་ཡུག་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ། ཏང་གཤིས་ཏང་སྲོལ་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་སྲོལ་བཟང་བོར་བརྟེན་ནས་སྤྱི་ཚོགས་ཀྱི་དམངས་སྲོལ་ལ་སྣེ་ཁྲིད་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ཟ་འཐུང་གི་སྤྱོད་ངན་བཀག་འགོག་ནན་མོ་བཅས་བྱས་ཏེ་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་འཁྱོངས་ལྷོད་མེད་ངང་བརྟན་དུ་གཏོང་བ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་ལ་དམིགས་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ། སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད། ཡ་མེད་སྒྲིག་འགལ་གྱི་གནད་དོན་བཅས་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་། གོམ་པ་གང་ཡང་ཕྱི་སྣུར་མི་བྱེད་པ། བྱུང་མ་ཐག་རྡུང་རྡེག་གཏོང་བ་དང་བསྐྱར་འབྱུང་གཏན་འགོག་བྱེད་པ། མངོན་མེད་གཞན་འགྱུར། ངལ་དུབ་དང་དམག་འཁྲུག་ལ་སུན་སྣང་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

   ཚོགས་ཐོག་ཏུ་རིམ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྟག་དཔྱད་ཞིབ་འཇུག་ཆེན་མོའི་ལག་བསྟར་ཇུས་གཞིའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ“243”འཕེལ་རྒྱས་ཀྱི་རྣམ་པ་དང“མཚོ་བྱང་ལྔའི”དམིགས་ཚད་ལ་དམ་པོར་དམིགས་པ། ཁུལ་ཨུའི་བཀོད་སྒྲིག་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་ལ་དམ་པོར་དམིགས་པ། གནད་དོན་ལ་དམིགས་པ། སྲིད་ཇུས་ཀྱི་གོ་སྐབས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་དཀའ་གནད་སེལ་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཐོན་ལས་གཞན་སྒྱུར། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཚམ་མཐུན། དམངས་འཚོ་ལེགས་བཅོས། འདུ་ཤེས་འཛིན་སྟངས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་གཙོ་གནད་བྱ་བའི་ཁྱབ་ཁོངས་སུ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དར་སྲོལ་ཤུགས་ཆེར་སྤེལ་བ། མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང “4+1+N”འབྲེལ་གཏུག་བྱེད་འགན་གཙང་ལེན་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ལམ་སྲོལ་ལ་སྐུལ་འདེད་གཏོང་བ། འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྒྲིག་འཛུགས་ལག་བསྟར་བྱེད་པ། དམིགས་ཚད་དང་ངེས་གནས་སྔར་ལས་ཁ་གསལ་བཟོས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོ་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན།

   ཚོགས་ཐོག་ཏུ་ཞིང་ཆེན་གྱི་ཁ་གཏད་མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་རྒྱུན་འཁྱོངས་ཀྱིས་ཁ་གཏད་མཚོ་སྐྱོར་ལས་སྟེགས་དང་སྲིད་ཇུས་ཡག་པོ་སྤྱད་དེ་ཁ་གཏད་རོགས་སྐྱོར་དེ་བས་གཏིང་ཟབ་པ་དང་དེ་བས་རྒྱ་ཆེར་བཏང་སྟེ་ཆབ་སྲིད་དང་བྱ་བ། འཚོ་བ་བཅས་ཀྱི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པར་དེ་བས་དོ་ཁུར་དང་གཅེས་སྐྱོང་བྱས་ནས་མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣས་མཚོ་བྱང་དུ་བློ་གཅིག་སེམས་གཅིག་ངང་བྱ་གཞག་གཏོད་ཐུབ་པ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བྱེད་པ་དང་། དམར་དམག་ནུབ་ལམ་དམག་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། འཇུ་ལག་ཧན་ཐའེ་དམངས་དམག་ལན་དང་མདོ་ལའི་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། སྐལ་བཟང་དང་ལེན་ཧྥུའུ་ཀྲང་གི“དུས་རབས་ཀྱི་མིག་དཔེའི”སྙིང་སྟོབས་སྔོག་འདོན་དང་དར་སྤེལ་གཏིང་ཟབ་གཏོང་བ་བཅས་བྱས་ནས་མཚོ་བྱང་སྙིང་སྟོབས་ཀྱི་བཙན་ས་གཏོད་དགོས།  ཞིང་ཆེན་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ཏེ་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་རྟེན་གཞིའི་གནའ་ཤུལ་བཟོ་ཁང་འགན་གཙང་གཉེར་སྐྱོང་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཡན་ལག་བཟོ་གྲྭ་གསུམ་པའི་མཐའ་འཁོར་དང་བཟོ་གྲྭ་ཁུལ་གྱི་རྒྱུ་ནོར་ཐོན་ཁུངས་བེད་སྤྱོད་དང་འབྲེལ་བ་ཡོད་པའི་ད་ཡོད་གནས་ཚུལ་མཐིལ་རྟོགས་བརྟག་དཔྱད་མགྱོགས་མྱུར་ལེགས་སྒྲུབ་དང་། བཟོ་གྲྭའི་གླ་གཏོང་ཁང་བ་བེད་སྤྱོད་ཡག་པོ་བྱེད་པ། རྒྱུ་ནོར་ལུགས་མཐུན་ངང་འཆར་འགོད་དང་བེད་སྤྱོད། ལྟ་སྐུལ་དོ་དམ་བཅས་བྱེད་པ། ཡན་ལག་བཟོ་གྲྭ་སོ་སོ་དང་བཟོ་ཁང་སོ་སོའི་རིག་དངོས་ནུས་པར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིང་ཆེན་ཕྱི་ནང་གི་མཐོ་སློབ་དང་འབྲེལ་མཐུད་ཧུར་ཐག་གིས་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི2023ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་སྤུས་ཚད་མཐོན་པོས་མཚོ་བྱང་ས་ཁུལ་གྱི་ཁྲིམས་འཛུགས་བྱ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།                                                           


   ཚོགས་ཐོག་ཏུ་ཤ་ལུང་ཆུ་མཛོད་ལས་གཞི་འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས་ནན་གྱིས་བསྟན་དོན། རང་འགུལ་ངང་མདུན་གྲལ་དུ་ཞབས་འདེགས་ཞུ་བ་དང་མ་དངུལ་བརྩོན་ལེན་ལ་ཤུགས་སྣོན་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཆུ་མཛོད་ལས་གཞི་དུས་བཀག་ལྟར་ལས་མགོ་འཛུགས་རྒྱུའི་འགན་ལེན་བྱེད་དགོས་ལ། ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་ལ་དམིགས་ནས“གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་ལུག་ཁྲི་དང་ནོར་གནག་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། “123”Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེAརིམ་པའི་ལྗོངས་ཁུལ་ལེགས་འདེམས་རེ་ཞུ་བྱེད་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གསུམ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ན་ཙི་འགག་དང་རྡོ་འགག་ཆུ་འཐེན་ནུས་གསོག་ལས་གཞི། ཆན་ཧྥུའུ750ཡི་གློག་སྐྱེལ་གློག་སྒྱུར་ལམ། ཐང་ཧུའུ་གློག་ཁང་གི་ཤོང་ཚད་སྒྱུར་བཀོད་སོགས་གཙོ་གནད་ལས་གཞིར་ཞིབ་འཇུག་ཧུར་ཐག་བྱས་ནས་འཆར་འགོད་བྱེད་དགོས་ཟེར།

   ཚོགས་ཐོག་ཏུ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་དོན་ཚན་སྒྲུབ་པའི་གནས་ཚུལ་དང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་རྟོག་ཞིབ་ཚན་ཆུང་ཕྱི་རུ་བསྐྱོད་དེ་རྟོག་ཞིབ་བྱས་པའི་གནས་ཚུལ།    ཁུལ་ཡོངས་ཀྱི2022ལོའི་ལོ་འཁོར་མོའི་དམིགས་འབེན་འགན་ཁུར་དཔྱད་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་བཅས་ལ་གསན་ཞིང་། 《དུས་རབས་གསར་བའི་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཡུལ་དངོས་ཀྱི་ལྟ་སྦྱོང་ཚོགས་འདུ་འཚོགས་པ་དང2023ལོའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་སོགས་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས།   

   ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号