ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚེའུ་དང་ཁུལ་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་གཞིས་ཁྱིམ་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།


   ཟླ5བའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚེའུ་དང་ཁུལ་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་གཞིས་ཁྱིམ་བཅས་སུ་བསྐྱོད་དེ་གཞུང་དོན་སྤེལ་སྐབས་དུས་ཚོད་དམ་འཛིན་དང་ལས་འགན་ནན་སྒྲུབ། མཉམ་ཤུགས་འགག་སྒྲོལ་བཅས་བྱས་ནས་ཉེ་དུས་ཀྱི་གཙོ་གནད་ལས་འགན་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

   


   ནུབ་མཚོ་གྲོང་རྡལ་གྱི་གསེར་མཚེའུ་ཡི་འཛུལ་སྒོ་རུ་གསེར་མཚེའུ་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་དང་། སྡོང་འཛུགས་ལྗང་སྒྱུར། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཀྱི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཉེ་དུས་སྤེལ་བའི་བྱ་བ་སོ་སོར་ཁས་ལེན་གནང་ལ། གསེར་མཚེའུ་ནི་ཙོང་ཆུའི་ཆུ་མགོའི་འབྲུབ་འགོག་ཞོད་འགོག་དང་དྭངས་གཙང་གི་ཆུ་སྤུས་ཡིན་ལ་མཚོ་བྱང་ཁུལ་གྱིས་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ནས་མང་ཚོགས་འཆམ་འཆམ་དུ་འགྲོ་སའི་ས་གནས་གལ་ཆེན་ཞིག་ཀྱང་ཡིན། མདའ་བཞི་རྫོང་དང་ནུབ་མཚོ་གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་ཁོངས་གཏོགས་འགན་ཁུར་ཏན་ཏིག་འཁུར་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྲད་པའི་ལས་འགན་སོ་སོ་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས་ཤིང་། དུས་བཀག་ལྟར་ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་བ་སྤེལ་ནས་མཚོ་ངོས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་དག་གཙང་ཡོང་བར་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ནས་རྩྭ་འདེབས་ལྗང་སྒྱུར་ཡག་པོ་བྱས་ཏེ་གསེར་མཚེའུ་ས་ཁོངས་ཀྱི་ནགས་སའི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གསེར་མཚེའུ་ནང་བྱ་གག་དང་ངང་བ། གསེར་ཉ་བཅས་བཏང་ནས་གསེར་མཚེའུ་ཡི་མྱོང་རོལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གསེར་མཚེའུ་ས་ཁོངས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་རིན་མི་དགོས་པར་སྒར་འདེབས་བསྲེགས་ཟས་སོགས་བྱས་ཆོག་པའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་སོ་ཡག་པོར་སྒྲུབ་དགོས་པར་བསྟན།


   མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་དུ་ཉེ་དུས་སྒྲུབ་རྒྱུར་སྤྲད་པའི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་རྟེན་མཛོད་ཁང་གི་འགྲེམས་སྟོན་དང་འགྲེམས་དངོས་འཚོལ་བསྡུ་སོགས་ཀྱི་བྱ་བར་ཡུལ་དངོས་ནས་མཛུབ་ཁྲིད་བྱས་ཤིང་། ཁུལ་མི་རིགས་རྟེན་མཛོད་ཁང་གིས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ཁུལ་སྟོན་འཚོག་པའི་དུས་ཚོད་གཞིགས་ནས་དུས་མཚམས་ལ་ཕྱོགས་པ་དང་ལས་བགོས་ཁ་གསལ་བྱེད་པ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མཆན་བཀོད་གནང་བའི་ཆེད་སྤྱོད་མ་དངུལ་གང་ལེགས་སྒོས་སྤྱོད་པ། འགྲེམས་དངོས་བསྡུ་རུབ་བྱེད་རྒྱ་ཆེ་རུ་གཏོང་བ། འགྲེམས་དངོས་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འགྲེམས་ཁུལ་བཀོད་སྒྲིག་བཅས་བྱས་ཏེ་ནང་དོན་ཐད་མཚོ་བྱང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལྟད་མོ་བ་དང་ཡུལ་སྐོར་བ་དེ་བས་མང་བ་འགུག་དགོས་པའི་བླང་བྱ་བཏོན།    


   མཐོ་སྒང་གཞིས་ཁྱིམ་དུ་ལས་བཟོ་བའི་ཟ་ཁང་སྒྱུར་བཀོད་བྱ་བར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་། ཁང་བའི་ནང་གི་ལྗང་སྒྱུར་སྒྱུར་བཀོད་སོགས་ཀྱི་བྱ་བར་ཡུལ་དངོས་ནས་མཛུབ་ཁྲིད་བྱས་ཤིང་། ལས་བཟོ་བའི་ཟ་ཁང་སྒྱུར་བཀོད་བྱ་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། ཨར་སྐྲུན་ལས་ཁུངས་དང་གཙོ་འགན་འཁུར་མཁན་སྡེ་ཁག་གིས་རང་འགན་རང་འཁུར་དང་རང་འགུལ་ངང་བྱ་བ་སྒྲུབ་སྟེ་ལས་གྲྭའི་སྤུས་ཚད་དང་ལས་གྲྭའི་མྱུར་ཚད་ཕྱོགས་གཉིས་ཀར་དམ་འཛིན་ཐུབ་པ་བྱས་ནས་བདེ་འཇགས་ཐོན་སྐྱེད་བྱ་རྒྱུ་དེ་རྒྱུན་དུ་སེམས་ལ་འཛིན་དགོས་པར་མ་ཟད།  ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་བྱེད་སྟངས་ཇུས་འགོད་བྱས་ཏེ་ལས་བྱེད་ལས་བཟོ་བར་སྔ་མོ་ནས་དྭངས་གཙང་དང་སྐྱིད་སྣང་ལྡན་པའི་ཟ་མ་བཟའ་སའི་ཁོར་ཡུག་ཅིག་སྐྲུན་ཐུབ་པར་བྱེད་དགོས་པ་དང་། དེ་དང་ཆབས་ཅིག གོམ་གང་མདུན་སྤོས་སྒོས་གཞུང་ལམ་བཟོ་སྐྲུན་རུ་ཁག་སོགས་ཀྱི་ད་ཡོད་གནས་ཚུལ་ལ་རྩད་ཞིབ་གསལ་བོ་བྱས་ཏེ། སྒྱུར་བཀོད་དང་བེད་སྤྱོད་བྱེད་པའི་འཆར་གཞི་འདོན་པ་དང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་ཆེད་དམིགས་ལས་གཞིར་སྐུལ་འདེད་གཏོང་བའི་འགན་འཁུར་དུ་འཇུག་དགོས་པར་བསྟན།    


   མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། ཞོ་རོས་ཞིན། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号