ཤ་བོ་སྐྱབས་དང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཀྲང་ཞིན་ཝུན་འཁོར་དང་བཅས་པས་ནུབ་མཚོ་གྲོང་རྡལ་གྱི་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞིའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་གནང་།


   ཟླ5བའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་ཀྲང་ཞིན་ཝུན་འཁོར་དང་བཅས་པར་ཕེབས་རོགས་གནང་སྟེ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་ཡན་ལག་བཟོ་གྲྭ་གསུམ་པ་དང་ཡན་ལག་བཟོ་གྲྭ་དང་པོ། ཡན་ལག་བཟོ་གྲྭ་བཞི་བ་བཅས་སུ་བསྐྱོད་དེ་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞིའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད།    བརྙན་འཕྲིན་ཟློས་གར《རྣོ་གྲི221》བརྙན་ཕབ་བྱ་ཡུལ་དུ་བསྐྱོད་དེ་ཡུལ་དངོས་ནས་མཛེས་ལྗོངས་ལ་རྟོག་ཞིབ་གནང་།    

   རྟོག་ཞིབ་བྱེད་སྐབས། ཤ་བོ་སྐྱབས་ཀྱིས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་ཁག་གི་ཡན་ལག་བཟོ་གྲྭའི་ནུས་པ་གཏན་འཁེལ་དང་འཛུགས་སྐྲུན་རྒྱ་ཁྱོན། དེ་བཞིན་ཉར་ཚགས་བྱས་ཚུལ་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། ཞིང་ཆེན་ཡོངས་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ(གསེར་དངུལ་ཐང-རྡུལ་ཕྲན་མཁར-མཐོན་པོ་སྒང་ལྗོངས་ཁུལ)ཐོག་མར་གཏོད་རྒྱུ་དང་། མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། ནུབ་མཚོ་གྲོང་རྡལ་གྱི་རོལ་དབྱངས་གྲོང་རྡལ་ཆུང་ངུ་དང་གསར་བརྗེའི་གྲོང་རྡལ་ཆུང་ངུ་། གློག་བརྙན་འཕྲིན་གྲོང་རྡལ་ཆུང་ངུ་བཅས་བསྐྲུན་རྒྱུ་སོགས་ཀྱི་བྱ་བར་དམིགས་ནས་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། གསེར་མདོག་འཇུ་ལག་དང་ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི་བཅས་བརྗོད་དོན་བྱས་པའི་དག་སྣང་མཚོ་བྱང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་གསར་བརྗེའི་རིག་གནས་གཏིང་ཟབ་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྣ་མང་བ། མདུན་དུ་མཚོ་སྔོན་པོ་དང་རྒྱབ་ཏུ་མདོ་ལ་རིང་མོ། པང་དུ་མཐོན་པོ་སྒང་མཁའ་དམག་གི་རྗེས་ཤུལ་ཡོད་པ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་། བྱེ་མ། འཁྱགས་ཀློང་བཅས་ཀྱི་རང་བྱུང་ལྗོངས་ཁུལ་ཚང་མ་གཅིག་འདུས་ཡིན་པས། དེ་ནི་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞི་དང་བརྙན་ཐུང་འགྲན་སྡུར་བྱ་ཡུལ་ཡག་ཤོས་རེད། དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་གཏམ་རྒྱུད་གཙོ་བོར་བཟུང་ནས་བརྙན་འཕྲིན་ཟློས་གར《རྣོ་གྲི221》བརྙན་ཕབ་བྱེད་མགོ་བརྩམས་ཡོད་པ་དེས་ཀྲུང་གོའི་རྡུལ་ཕྲན་མཁར་དང་གསེར་དངུལ་ཐང་དྲིལ་སྒྲོག་ཐད་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞི་གཏོད་རྒྱུ་དེ་ནི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། མཚོ་བྱང་ཁུལ་གྱིས་དེ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་བརྙན་ཕབ་བྱ་ཡུལ་དང་ཉལ་ཁང་མཁོ་འདོན་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་འབྲེལ་དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞི་བསྐྲུན་རྒྱུ་དེ་དམ་འཛིན་བྱས་ནས་ཞིང་ཆེན་དང་ཁུལ་གྱི་རིག་གནས་བརྙན་ཕབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཕྱི་ནང་དུ་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར་བྱེད་པ་དང་། མཚོ་བྱང་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པར་བསྟན། 

   ཀྲང་ཞིན་ཝུན་གྱིས་མཚོ་བྱང་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པ་དང“མདེལ་གཉིས་སྐར་གཅིག”གི་རླབས་ཆེན་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་པས་ཐུན་མོང་མ་ཡིན་པའི་གསར་བརྗེའི་རྗེས་ཤུལ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་མཚོ་བྱང་གིས་མཚོ་སྔོན་གློག་བརྙན་ཕབ་ལྗོངས་རྟེན་གཞི་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་མ་འོངས་པར་བརྙན་འཕྲིན་ཟློས་གར་གསར་རྩོམ་ཐོན་སྐྱེད། རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན། དྲ་རྒྱའི་ལྟ་ཉན་ལེ་ཚན་བཟོ་བ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་སྟེགས་བུ་སྣ་ཚོགས་ལ་བརྟེན་ནས། བརྙན་འཕྲིན་ཟློས་གར་ཕབ་སྐྲུན་དང་བརྙན་ཐུང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དག་སྣང་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མུ་མཐུད་དུ་དྲིལ་སྒྲོག་བྱེད་དགོས། མཚོ་བྱང་གི་རིག་དངོས་གསོན་ཤུགས་ལྡན་པའི་ངང་བེད་སྤྱོད་དང་གསར་བརྗེའི་གློག་བརྙན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་བ་འོས་སྦྱོར་ཤུགས་ཆེན་བྱས་ཏེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་སུ་མཚོ་བྱང་གི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། མཚོ་བྱང་དུ་བསྐྱོད་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་དགོས་པར་བསྟན།

   མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཅུས་ཀྲང་གཞོན་པ་སུན་ཅིན་དང་སྒྲོལ་མ་ཚེ་རིང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号