ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་དུས་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་དངོས་སུ་སློབ་མགོ་བརྩམས། 

ཤ་བོ་སྐྱབས་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ། ཝུའུ་ཞའོ་ཏུང་གིས་གསུང་བཤད་གནང་། 


   ཟླ5བའི་ཚེས8ཉིན། དུས་ཡུན་ཉིན་གསུམ་རིང་གི་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་དུས་ཐེངས་དང་པོའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་དངོས་སུ་སློབ་མགོ་བརྩམས་ཤིང་།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མགོ་རྩོམ་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ་ལ། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཝུའུ་ཞའོ་ཏུང་གིས་སློབ་མགོ་རྩོམ་པའི་སྐུལ་སློང་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཀྲུང་དབྱི་ཡིས་གཙོ་སྐྱོང་གནང་། 

   ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་མདོ་ལ་རིང་མོར་རྒྱབ་བཅོལ་ཞིང་མཚོ་སྔོན་པོར་ཁ་ཕྱོགས་པ། ཀྲུང་གོའི་རྡུལ་ཕྲན་མཁར་དང་མཐོན་པོ་སྒང་མཁའ་དམག་གི་རྗེས་ཤུལ། གསེར་དངུལ་ཐང་གི་གསར་བརྗེའི་རྩྭ་ཐང་པང་དུ་བཟུང་ཡོད་པ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད། མཚོ་བྱང་གི་སྐྱེ་ཁམས་གནས་བབ་གལ་ཆེན་དང་ཞིང་ཕྱུགས་ཐོན་ཁུངས་གཏིང་ཟབ་པ། ཡུལ་སྐོར་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་ཏན་འབར་མདེལ་ཞིབ་བཟོ་ལེགས་འགྲུབ་བྱུང་ས་ཡིན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་དགྱེ་སའི་གནས་མཆོག་ཡིན། ཚན་རིག་པའི་སྙིང་སྟོབས་ཀྱི་གྲུབ་ཆ་དང་དམར་དམག་ནུབ་ལམ་དམག་གིས་ཁྲག་བཏོན་དམར་འཛིང་བྱེད་ས། རང་རྒྱལ་གྱི་སྙིང་སྟོབས་ཀྱི་བཙན་ས་དང་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཞིབ་འཇུག་རྟེན་གཞི་གལ་ཆེན་དུ་གྱུར་ཡོད། དུས་ཡུན་རིང་པོའི་ནང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་མཚོ་བྱང་གི“ཞིང་གསུམ། ཕྱུགས་གསུམ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤྲོ་སེམས་རབ་ཏུ་འཁོལ་བ་དང་རོགས་རམ་ཤུགས་ཆེན་བྱས་ནས་རང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་དང་གྲོང་གསེབ་དར་སྤེལ་གཏོང་བའི“འགུལ་སྐྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། “ལྔ་བཅུ་བཞིའི”རིང་ལས་གཞི450ལྷག་ཙམ་གཤམ་སྤྲོད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར15ཡན་ཟིན་ནས་མཚོ་བྱང་གི་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་དང་རོང་འབྲོག་པའི་ཡོང་འབབ། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཐེངས་འདིར་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་དུས་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་དུ་གཉེར་བ་དེ་ནི་རང་ཁུལ་གྱིས་གསར་བརྗེའི་ཞིབ་འཇུག་རྟེན་གཞིའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭས་ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ཞིབ་མོ་བློ་ཡིས་ལེགས་པར་གཉེར་དགོས་པར་བསྟན།

   ཝུའུ་ཞའོ་ཏུང་གིས་དཔྱིད་རྨོད་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས། མཚོ་སྔོན་རྡུལ་ཕྲན་མཁར་དུ་ཐེངས་འདིའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དེ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་གསར་བརྗེའི་སློབ་གསོ་བརྒྱུད་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་། ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བ། ཕུགས་བསམ་གྱི་བློ་རྒྱ་དང་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་ཧུར་ཐག་འཁུར་བ་དེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཆེད་འགན་ཁུར་ཡག་པོ་འཁུར་བ་དང་འགན་འཁྲི་ཡག་པོ་སྒྲུབ་དགོས། སློབ་མ་ཡོངས་ཀྱིས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་གཏིང་ཟབ་དང་གནད་དོན་ལ་དམིགས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བཅས་བྱས་ནས་དད་སེམས་བརྟན་པོ་ཡོད་པ་དང་མྱོང་ཚོར་ཟབ་མོ་སྐྱེས་པ། སྤྱོད་ཚུལ་བཟང་བོ་གོམས་པ། འཇོན་ཐང་ཡག་པོ་ལྡན་པ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་བཟང་བོར་བསྒྱུར་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། དུས་མཚུངས་སུ། སློབ་ཁྲིད་ཀྱི་བཀོད་སྒྲིག་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། སློབ་ཁྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། སློབ་སྦྱོང་གི་རྣམ་འགྱུར་ནན་ཏན་ཡིན་པ། གསོ་སྦྱོང་གི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་བཅས་བྱས་ཏེ་ཐེངས་འདིའི་དཔེ་ཀློག་འཛིན་གྲྭར་ངེས་པ་དོན་གྱི་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

   དཔེ་ཀློག་འཛིན་གྲྭས་སློབ་ཁང་དུ་སློབ་ཁྲིད་དང་ཡུལ་དངོས་ནས་ཉམས་ལེན། ལྟ་སྦྱོང་རྟོག་ཞིབ། ཕན་ཚུན་བགྲོ་གླེང་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་གཏོད་པའི་དཔེ་སྟོན་དང་སྣེ་ཁྲིད་བྱ་རྒྱུ་རེད།    
   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ལས་ཁུངས་དང་ཐིང་ཁོངས་གཏོགས་ལས་ཁུངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号