ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་དུ་བཞུགས་མོལ་གནང་སྐབས་གསར་བརྗེའི་བཙན་ས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་པ་ནན་གྱིས་བསྟན།


   ཟླ5བའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མདའ་བཞི་རྫོང་དུ་བསྐྱོད་དེ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང“དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་ཁུར་གྱི་འདུ་ཤེས་ཐོག་ནས་གསར་བརྗེའི་བཙན་ས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་པ་ནན་གྱིས་བསྟན།

   མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁས་ལེན་གང་ལེགས་གནང་ཞིང་། ཉེ་བའི་ལོ་ཤས་རིང་མདའ་བཞི་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སོ་སོར་དམ་པོར་དམིགས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་ཕྱིན་པ་དང་། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡིན་པ། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བའི་རྣམ་པ་བཟང་བོ་ཐོན་ནས་བྱ་གཞག་སོ་སོ་བརྟན་པོའི་ངང་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པར་བསྟན།

   ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མདའ་བཞི་ནི་ཟི་ལིང་གྲོང་ཁྱེར་གྱི་ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར་ཡིན་པ་དང་། ཁུལ་སྲིད་གཞུང་གནས་ཡུལ་ཡིན་ལ། གནས་ས་དང་འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པར་མ་ཟད། གསར་བརྗེ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ས་དང་གསར་བརྗེའི་སློབ་གསོ་སྤེལ་བའི“གཡུལ་ས་གཙོ་བོ”ཡིན་པས། མདའ་བཞི་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་འགུལ་ངང་འགུལ་སྐྱོད་སྤེལ་བ་དང་དམ་འཛིན་དངོས་སྒྲུབ་བྱེད་དགོས་ཏེ། གཅིག་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ནང་ཧུར་ཐག་ཞུགས་ནས་མཚོ་སྐོར་བྱང་ངོགས་ཀྱི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ངང་བཅོས་སྒྲིག་བྱེད་པའི་མཉམ་འགུལ་ཁྲིམས་འཛིན་ལ་ཤུགས་བསྣན་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མཚོ་སྔོན་པོ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཚད་མགྱོགས་སུ་གཏོང་དགོས། གཉིས་ནས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཚད་གཞི་མཐོ་བའི་སྒོ་ནས་ནོར་གནག་སྟོང་དང་ལུག་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་བསྐྲུན་པ་དང་། བོད་ལུག་ཁྲི་བཅུ་ཡི་གསོ་ཚགས་རྟེན་གཞིའི་ལས་གཞི་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། “གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་ཡག་པོ་བཅས་བྱས་ནས་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཞིང་ཕྱུགས་ལས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཁེ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་དང་བྱེ་མ་རྔ་རྡུང་ལྗོངས་ཁུལ་གཉིས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས་གཏོད་པའི་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་མཐོན་པོ་སྒང་དང་བོན་གྱ་ཕྱུགས་ར། མདའ་བཞིའི་ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ། སྟོང་མདའ་ཐང་ཆུ་མཛོད་དང་དེ་བཞིན་གསེར་མཚེའུ་དང་དངུལ་མཚེའུ་ཡི་ཡུལ་སྐོར་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་ནས2023ལོར་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཀྲུང་གོའི་རྡུལ་ཕྲན་མཁར།.གསེར་དངུལ་ཐང་།.མཐོན་པོ་སྒང་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས་ལ། མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་ཕུག་མཛོད། འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་བཅས་ལ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཤིང་། སྐལ་བཟང་དུས་རབས་ཀྱི་དཔེ་བཟང་དྲན་གསོ་ཁང་བེད་སྤྱོད་ཡག་པོ་བྱེད་དགོས་ལ། གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་འཚོལ་སྒྲིག་གཏིང་ཟབ་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ་དང་གསར་བརྗེའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས“བདེ་བརྟན་མདའ་བཞིའི”ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བཞི་ནས་རང་འགུལ་ངང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྦྲེལ་མཐུད་བྱས་ཏེ། ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས“ཁེ་ལས་ལ་ཕན་ཡོན་སྐྱེལ་བའི”འགུལ་སྐྱོད་ཤུགས་ཆེན་སྤེལ་དགོས་པ་དང་། མགོ་ཁྲིད་ལས་བྱེད་པའི་འགན་གཙང་ལེན་མཉམ་འབྲེལ་ལས་གཞི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཆུ་མཛོད་དང་། སྐྱེ་དངོས་ཕྲ་རབ་ལུད་རྫས། གཞོན་ནུ་ལོ་ཆུང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་འདེབས་རྟེན་གཞི། སྤྱི་བའི་རླངས་འཁོར་འཇོག་ས་སོགས་ལས་གཞི་གལ་ཆེན་དམ་འཛིན་ཡག་པོ་བྱེད་དགོས། གཅིག་སྡུད་རྣམ་པའི་རླུང་གློག་དང་འབྲོག་ཁུལ་དུ་ཤེལ་ལེབ་སྒྲིག་པ་སོགས་རླུང་གློག་འོད་ཤུགས་ཐོན་ལས་ལས་གཞིར་དམ་པོར་དམིགས་ནས་ཧུང་ཧོ་ཝན་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ཕྱོགས་སྒྱུར་ཐོན་སྐྱེད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ལྗང་མདོག་རིག་གནས་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལྔ་ནས2023ལོར་ཁུལ་ཡོངས་ཀྱིས་ལག་བསྟར་བྱས་པའི་རིགས་ཆེ་གྲས10ཡི་དམངས་འཚོའི་བྱ་བ་དངོས་ཀྱི་བཟོ་སྐྲུན49ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེའི་གྲོང་རྡལ་ཆུང་ངུ་མགྱོགས་མྱུར་སྒོས་བསྐྲུན་དགོས། ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཁུལ་སྟོན་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། “ཡུལ་ཚོ་གཅིག་ལ་སྲོལ་རྒྱུན་སྡེ་བ་གཅིག”དང“ཡུལ་ཚོ་གཅིག་ལ་ཁྱད་ལྡན་སྡེ་བ་གཅིག” གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསེར་ཐང་སྡེ་བ་དང་གཙང་ཁེ་སྡེ་བ། སན་ལེན་སྡེ་བ། མཐོན་པོ་སྡེ་བ། ཆུ་ཁོལ་སྡེ་བ་བཅས་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་བྱེད་དགོས།  དྲུག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་དང་། སེ་འབྲུའི་ཁྱིམ་གཞིས་དང་སྡེ་བའི་ལོ་རྒྱུས་ཁང་སོགས་སློབ་གསོའི་གཡུལ་ས་བརྟན་པོ་གཏོད་དགོས། ནུབ་མཚོ་ཅུན་གྱི་གནའ་གྲོང་སོགས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྣ་ཚོགས་འདང་ངེས་སྤྱད་དེ་མཚོ་སྔོན་པོའི་མཚོ་གཏེར་དང་མཐོན་པོ་སྒང་གི་རྟ་རྒྱུག་སོགས་དམངས་ཁྲོད་དམངས་སྲོལ་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེད་དོན་གསོ་སྦྱོང་བྱེད་དགོས། དགོན་སྡེའི་རང་གསོ་ཐོན་ལས་སྐྱེད་སྲིང་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཁུར་བོ་ཡང་དུ་གཏོང་དགོས་པ་དང་། གཙགས་དྲུབ་དང་བོད་ཀྱི་གྱོན་ཆས། རྡོ་བརྐོས། བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་ཀྱི་སྦྱོང་བརྡར་བྱེད་ཤུགས་དང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། བདུན་ནས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་སུ་བརྩིས་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དཔེ་གཞི་མེ་ལོང་དུ་འཛིན་པ་དང་དཔེ་གཞིར་བརྟེན་ནས་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་རྒྱུན་མཐུད་ངང་དག་ཐེར་བཅོས་སྐྱོང་བྱས་ཏེ།  མི་མང་མཉམ་རུབ་ཀྱིས་ཆང་འཐུང་བ་དང་སྒྲིག་འགལ་ངང་བཟའ་འཐུང་བྱེད་པ།  ཤོག་ཁག་སྒྲིག་པ་སོགས་ཀྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཏན་ཏིག་ངང་སྤེལ་དགོས་ཟེར།


   ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཁེ་ལས་ལ་ཕན་ཡོན་སྐྱེལ་ཏེ་དཀའ་ངལ་ཚུར་སྣང་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ནུབ་མཚོ་གྲོང་རྡལ་གྱི་ཚོང་ལས་ལ་གསོན་ཤུགས་སྣོན་པ། མདའ་བཞིའི་འཛད་སྤྱོད་ལ་གསོན་ཤུགས་སྣོན་པ་བཅས་བྱེད་དགོས། ཐོན་ལས་གཞན་སྒྱུར་རིམ་སྤོར་མགྱོགས་སུ་བཏང་སྟེ་བོད་ལུག་དང་ནོར་གནག ལུ་གུ། བཞོན་མ་གསོ་སྤེལ་རྟེན་གཞི། སྐམས་གསོ་སྤེལ་རྟེན་གཞི་བཅས་བསྐྲུན་ནས་ཁེ་ལས་རྒྱས་སྐྲུན་དང་ཐོན་སྐྱེད་ཇེ་མང་དུ་གཏོང་རྒྱུར་སྐུལ་མ་གཏོང་དགོས།  ནུས་རྒྱུ་གཙང་མའི་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཁག་ཅིག་ལ་སྐུལ་འདེད་བཏང་ནས་མཛོད་ཉར་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། 5Aརིམ་པའི་ལྗོངས་ཁུལ་གཏོད་ཤུགས་མགྱོགས་སུ་བཏང་སྟེ་བྱེ་མ་རྔ་རྡུང་དང་ཁེ་ཐུའུ་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལ་འབྲེལ་མཐུད་འཆར་འགོད་ཡག་པོ་བྱས་ནས་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཡག་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཁུར་ནས་མཚོ་སྐོར་བྱང་ངོགས་ཀྱི“ཕ་ལམ་སྔོན་པོ”འདི་ལ་བདག་སྐྱོང་ཡག་པོ་བྱེད་དགོས། མཁར་གྲོང་ཅན་གསར་བ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མདའ་བཞི་ནི་དྭངས་གཙང་དང་གོ་རིམ་ལྡན་པ། སྐྱིད་སྣང་དོད་པ། གཅེས་སེམས་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་མི་ཆོས་རིག་གནས་ཀྱི་གྲོང་ཁྱེར་ཞིག་ཏུ་འགྱུར་བར་བྱེད་དགོས། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་བཏང་སྟེ་སེམས་ཤུགས་ཡོད་རྒུ་བཏོན་ནས་སྨན་བཅོས་དང་སློབ་གསོ། རྒན་གསོ། བྱིས་སྐྱོང་སོགས་སྤྱི་བའི་ཞབས་ཞུའི་བྱ་བ་ཡག་པོར་བསྒྲུབས་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཟེར།


   ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུ་ཡུང་ཀུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号