ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


   ཟླ5བའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས42པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

   ཚོགས་ཐོག་ཏུ། ཟླ4བའི་ཚེས28ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་ནོར་དཔལ་སྐབས་ཉི་ཤུ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ཁུལ་ཨུའི་ལྟེ་བའི་ལས་འགན་དང་ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་དམིགས་དགོས་ཤིང་། དུས་བབ་ལ་སྔར་ལས་ངོས་འཛིན་གསལ་བོ་དང་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་སྟེ། ཡིད་ཆེས་བརྟན་པོ་དང་གནད་དོན་ལ་དམིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་ཀྱི“གནས་བཞི”དང་། ཚོང་འགུགས་མ་འདྲེན། ལས་གཞི་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་ལེན་སོགས་གཙོ་གནད་ལས་འགན་སོ་སོར་དམ་འཛིན་ཡག་པོ་བྱས་ནས་ཁེ་ལས་ལ་རྒྱབ་སྐྱོར་དང་དཀའ་ངལ་སེལ་རྒྱུའི་བྱ་ཐབས་དོན་འཁྱོལ་གང་ཐུབ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་གཞོང་ཆེན་སྲ་བརྟན་དུ་གཏང་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བར་ཁེག་ཐག་བྱེད་དགོས། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཟི་ལིང་ཤེས་ལྡན་མི་སྣའི་ལས་ཤག་ལས་གཞི་ཞིབ་བཤེར་རྩིས་ལེན་སོགས་མཇུག་བསྡུའི་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཡན་ལག་བཟོ་གྲྭ་གསུམ་པ་དང་དེ་འབྲེལ་གྱི་ཉེ་འཁོར་བཟོ་གྲྭའི་ཁུལ་དུ་ཡོད་པའི“བེམ་རོ་ཁེ་ལས”ཀྱི་གླ་གཏོང་བཟོ་ཁང་གཙང་བཤེར་དང་སྤྱོད་གོ་ཆོད་པ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། རྟ་རྒྱུག་དང་རྐང་ཐང་། རྐང་འཁོར། མདའ་འཕེན་བཅས་འགྲན་སྡུར་ཁག་བཞིའི་བྱེད་སྒོ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་ལ། མཚོ་བྱང་མགྲོན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་ཇེ་ལེགས་དང་རིམ་སྤོར་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ལེགས་གཏོང་དང་ཁོར་ཡུག་ཇེ་མཛེས་ཇེ་ཡག་ཏུ་གཏོང་བ་བཅས་བྱེད་དགོས། ཕུན་སུམ་ཚོགས་པའི་ཀྲུང་བོད་གསོ་རིག་གི་ཐོན་ཁུངས་སྔར་ལས་སྔོག་འདོན་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གཞི་ཁྱོན་ཅན་གྱི་རྩྭ་སྨན་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་ཕྱི་ནང་གི་སྨན་རྫས་ཁེ་ལས་དང་མཉམ་ལས་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་སྲོལ་རྒྱུན་ཀོ་ཆས་བཟོ་རྩལ་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་མཚོ་བྱང་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ལུག་པགས་ཐང་ག་དང་ནོར་ལུག་གི་རྭ་སོགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་ཕྱུགས་རྒྱུད་བཟང་བོ་རྒྱུད་སྤེལ་དང་འཕེལ་རྒྱས། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ས་གནས་དང་འཚམ་པའི་ཕྱུགས་རྒྱུད་བཟང་རིགས་ནང་འདྲེན་བྱས་ཏེ་གཅིག་སྡུད་ཐོག་དྲིལ་སྒྲོག་འགྲེམས་སྟོན་བྱས་ནས་ཕྱུགས་རྒྱུད་བཟང་བོའི་སྙན་པ་ཆེ་རུ་བཏང་སྟེ་མཚོ་བྱང་ཁུལ་གྱི་ཕྱུགས་ལས་རྒྱུད་བཟང་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཞིག་གཏོད་དགོས་ཟེར།

   ཚོགས་ཐོག་ཏུ《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་གི་འབྲེལ་ཡོད་སློབ་སྦྱོང་དང་གསོ་སྦྱོང་བྱ་བའི་སྒྲིག་ཁྲིམས་སྔར་ལས་ནན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་ཏན་ཏིག་གཏོང་བ་དང་གསོ་སྦྱོང་སྒྲིག་ཁྲིམས་སྔར་ལས་ནན་དུ་གཏོང་བ། སློབ་སྦྱོང་དང་གསོ་སྦྱོང་བྱ་བའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། “སྤྱོད་ཚུལ་བཞིའི”བྱ་བ་བཅོས་སྒྲིག་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་གསོ་སྦྱོང་གི་ཐུན་བཤེར་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་དང་། དོ་དམ་ནན་མོ་བྱས་ཏེ་སློབ་སྦྱོང་དང་གསོ་སྦྱོང་བྱེད་རིང“སྤྱོད་ཚུལ་བཞི”བསྐྱར་ལོག་མི་འབྱུང་བའི་སྔོན་འགོག་ནན་མོ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཟེར།   

   ཚོགས་ཐོག་ཏུ་མཚོ་བྱང་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་ཁུར་མཐའ་གཅིག་ཏུ་འཁུར་བ་དང་འབྲུ་རིགས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་ལྷུ་ཚིགས་སོ་སོར་དམ་པོར་དམིགས་ནས། ལོ་འཁོར་མོའི་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་དུ་གཏོང་བའི་དམིགས་ཚད་ལས་འགན་དང་བྱ་བའི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་བཟའ་བཏུང་ཆུད་ཟོས་བཅོས་སྒྲིག་བྱས་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་དུ་གཏོང་བའི་བྱ་བར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ཞིང་ཆེན་གྱི་ཐིང་དང་སྡེ་ཁག་ལ་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་མཚོ་སྔོན་པོ་ཞིང་རའི་རྨོ་བསྐྱུར་ནགས་གསོ་དང་། མདའ་བཞི་རྫོང་བདེ་སྐྱིད་ཐང་གི་བེད་མེད་དུ་ལུས་པའི་ས་ཆ་བེད་སྤྱོད་གང་ལེགས་བྱེད་པའི་བྱ་བ་ཡག་པོར་སྒྲུབ་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་དེ་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཏེ། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་གཏོང་བ་དང་། ཆུ་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཁུལ་ཁོངས་ཀྱི་མཚོ་སྔོན་པོ་དང་ཙོང་ཆུ། བར་དམ་ཆུ་སོགས་ཆུ་བོ་དང་མཚེའུ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཙོང་ཆུ་དང་འཇུ་ལག་ཆུ། བར་དམ་ཆུ་འབབ་རྒྱུད་བཅས་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ས་ཁོངས་ལས་བརྒལ་བའི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་སྙན་ཞུ་དང་འབྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་བསྣན་ནས། ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་མ་ལག་གི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི“སྡེ་བ་སྟོབས་ལྡན་དུ་གཏོང་བའི”ལས་གཞིའི་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། སྡེ་བ་སོ་སོའི་ཁྱད་ཆོས་དང་མཐུན་ཞིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། ཕྱོགས་ཡོངས་ནས་ཉམས་ཞན་སྡེ་བ་སྟོབས་ཆེར་གཏོང་བ་དང་དཔེ་སྟོན་སྡེ་བ་སྐྱེད་སྲིང་བྱེད་པ། དཔལ་འབྱོར་སྟོབས་ཆེའི་སྡེ་བ་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། རྒྱལ་ཁབ་མ་འཇོག་ཀུང་སིའི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བསྡུ་སྒྲིལ་གྱི་ལས་འགན་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་མ་འཇོག་ཀུང་སིའི་མ་དངུལ་བསྡུ་སྒྲིལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞུང་ཁོངས་མ་འཇོག་གཉེར་སྐྱོང་ཀུང་སིའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་གཙོ་གནད་ལས་གཞི་ལག་བསྟར་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས་པ་ནན་གྱིས་བསྟན།


   ཚོགས་ཐོག་ཏུ་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་ལོ་འཁོར་མོའི་གཙོ་གནད་བྱ་བར་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་རྩ་འཛུགས་མཐུན་སྦྱོར་བྱེད་ཚད་མགྱོགས་སུ་གཏོང་བ། རྩ་འཛུགས་དང་དྲིལ་སྒྲོག་སོགས་སྡེ་ཁག་གིས་མཉམ་དུ་དོ་དམ་དམ་འཛིན་བྱེད་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་བྱ་བའི་ལམ་སྲོལ་ཆགས་པར་བྱེད་དགོས་པ་དང་། ལྷག་པར་དུ་ས་གནས་སོ་སོའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་རྫོང་སོ་སོས་སྲིད་གཙང་རིག་གནས་སློབ་གསོའི་ཆས་རྟགས་བཏོད་ནས་སྤྱོད་གཙང་རིག་གནས་ཀྱིས་མི་སེམས་ལ་བདེ་སྐྱིད་ཐོབ་ཏུ་འཇུག་དགོས། དཔེ་གཞིར་བརྟེན་ནས་བཅོས་སྒྲིག་བྱེད་པའི་ལམ་ལུགས་རྒྱུན་རྣམ་ཅན་གྱི་བྱ་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ཏན་ཏིག་འཁུར་བ་དང་རྒྱུན་སྲིང་ལྷོད་མེད། རྒྱུན་རྣམ་ངང་སྐུལ་འདེད་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ། འགན་ཁུར་བདའ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་དཔེ་གཞིར་བརྟེན་ནས་བཅོས་སྒྲིག་བྱེད་པའི་ལམ་ལུགས་དེ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཏན་ཏིག་ངང་ཕན་འབྲས་ཐོན་པར་བྱེད་དགོས། མཚོ་བྱང་ཁུལ་གྱིས《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་ཐབས》གསར་དུ་བཟོ་བཅོས་བརྒྱབ་ནས་དམིགས་ཚད་ལས་འགན་དུས་རྒྱུན་དུ་དམ་འཛིན་བྱེད་པ་དང་དུས་རྒྱུན་དུ་ཤུགས་སྣོན་པ། བྱ་བའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས“ལོ་མཇུག་གི་བསྡོམས་རྩིས་བྱ་ཐབས”དེ“རྒྱུན་གཏན་ཞིབ་རྩིས”བྱེད་པར་བསྒྱུར་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱ་བ་སོ་སོ་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་དང་པོའི”དོན་སྙིང་དང་ནུས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་དང་པོ”གང་ལེགས་སྤྱད་དེ་རྟག་ཏུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཁ་ཏ་དང་ཡིག་སྐུར་འདྲི་རྩད་ཏན་ཏིག་བྱས་ནས“གདོང་དམར་བོ་ཆགས་པ་དང་རྔུལ་ནག་འདོན་པ”རྒྱུན་རྣམ་དུ་འགྱུར་བའི་བླང་བྱ་དོན་འཁྱོལ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ལས་བྱེད་པར་མཐའ་ཚད་བརྟན་སྲུང་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུའི་ཏང་སྲོལ་སྲིད་གཙང་དང་སྲིད་དོན་གཙང་སྐྱོང་གི་དཔྱད་བརྗོད་བསམ་འཆར་ཡོ་བསྲང་དང་དོན་འཁྱོལ་བྱ་བར་ཚད་མཐོའི་མཐོང་ཆེན་དང་ཏང་སྲོལ་སྲིད་གཙང་དང་སྲིད་དོན་གཙང་སྐྱོང་གི་དཔྱད་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་བཤེར་དང་དཔྱད་ཞིབ་ཀྱི་དྲང་ཕྱོགས་ཁྲིད་སྟོན་དང་ལྡོག་ཕྱོགས་གཅུན་སྡོམ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་དེ་དམ་ནན་བཙན་གསུམ་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


   ཚོགས་ཐོག་ཏུ2022ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ལ་ཞིབ་བཤེར་དཔྱད་ཞིབ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་། 《མཚོ་བྱང་ཁུལ་གྱི་འབྲུ་རིགས་གྲོན་ཆུང་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི》དང《མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་གཏེར”ལྟ་སྲུང་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་འགན་ཁུར་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་བགོས་ཇུས་གཞི》《མཚོ་བྱང་ཁུལ་གྱི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི“སྡེ་བ་སྟོབས་ལྡན་དུ་གཏོང་བ”བཟོ་སྐྲུན་ལག་བསྟར་ཇུས་གཞི》 《མཚོ་བྱང་ཁུལ་གཞུང་ཁོངས་རྒྱུ་ནོར་བསྡུ་སྒྲིལ་བྱ་བའི་ཇུས་གཞི》  《མཚོ་བྱང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་ཐབས།》  《མཚོ་བྱང་ཁུལ་གྱི་དཔེ་གཞིར་བརྟེན་ནས་བཅོས་སྒྲིག་བྱེད་པའི་ལམ་ལུགས་དེ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》དང《ཏང་ཨུ(ཏང་ཙུའུ)ཡིས་ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་རིགས་དང་པོའི”ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》 《མཚོ་བྱང་ཁུལ་གྱི་དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་བའི་ཇུས་གཞི(གྲོས་ཞིབ་མ་ཟིན)》དང《ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུའི་ཏང་སྲོལ་སྲིད་གཙང་གི་དཔྱད་བརྗོད་བསམ་འཆར་ཡོ་བསྲང་ཇུས་གཞི》སོགས་ཡིག་ཆར་གྲོས་ཞིབ་བྱས། 

   ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号