ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པའི(ཀྲུང་གོ་ཕྱི་འགྲིམ་སློབ་མའི་མཐུན་འབྲེལ་ལྷན་ཚོགས)ཚོགས་གཙོ་གཞོན་པ་ཡན་ཨོ་ཧྲོང་འཁོར་དང་བཅས་པ་མཚོ་བྱང་ཁུལ་དུ་ཡོང་ནས་བརྟག་ཞིབ་གནང་།


   ཟླ5བའི་ཚེས8ཉིན། ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པའི་ཚོགས་གཙོ་གཞོན་པའམ(ཀྲུང་གོ་ཕྱི་འགྲིམ་སློབ་མའི་མཐུན་འབྲེལ་ལྷན་ཚོགས)། པེ་ཅིང་གྲོང་ཁྱེར་ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པའི་ཚོགས་གཙོ། པེ་ཅིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཡན་ཨོ་ཧྲོང་འཁོར་དང་བཅས་པ་མཚོ་བྱང་ཁུལ་དུ་ཡོང་ནས་རྐང་ཚ་རྫོང་ཁེ་རམ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་ལ་བརྟག་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཉིང་ཧའེ་དབྱིང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས་སོགས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།    

   རྐང་ཚ་རྫོང་ཁེ་རམ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་བརྟག་ཞིབ་ཚན་ཆུང་འཁོར་དང་བཅས་པས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་ལ། ཡུལ་དངོས་ནས་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་བྱ་བ་སྒྲུབ་ཚུལ་ལ་གཟིགས་ཞིབ་གནང་བ་རེད།  མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བརྟག་ཞིབ་ཚན་ཆུང་འཁོར་དང་བཅས་པས་རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་དང་རྒྱ་ཆེའི་མེས་རྒྱལ་དུ་ལོག་པའི་ཕྱི་འགྲིམ་ཚན་ཞིབ་མི་སྣ་ཚོས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་དངོས་སུ་ཉམས་ལེན་བྱས།   

   ཤ་བོ་སྐྱབས་ཀྱིས་ཚོགས་གཙོ་གཞོན་པ་ཡན་ཨོ་ཧྲོང་འཁོར་དང་བཅས་པ་མཚོ་བྱང་དུ་ཕེབས་ནས་བརྟག་ཞིབ་མཛུབ་ཁྲིད་གནང་བ་དེ་ནི་མཚོ་བྱང་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་ལ། ང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་པ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གསོ་སྦྱོང་བྱེད་པའི་རྒྱབ་སྐྱོར་ཆེ་ཤོས་དེ་ཡིན། ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པས་མཚོ་བྱང་གིས“མདེལ་གཉིས་སྐར་གཅིག”གི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའི་མེས་རྒྱལ་དུ་ལོག་པའི་ཕྱི་འགྲིམ་ཚན་རིག་པའི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དེ་དང་ཆབས་ཅིག་ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་རྒྱུའི་རེ་བ་དང་གདན་འདྲེན་བྱེད་ཀྱི་ཡོད་པར་བསྟན། 

   ཡན་ཨོ་ཧྲོང་གིས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རྡུལ་ཕྲན་མཁར་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་དགྱེ་སའི་ས་ཆ་ཞིག་ཡིན་ལ། རྒྱ་ཆེའི་མེས་རྒྱལ་དུ་ལོག་པའི་ཕྱི་འགྲིམ་ཚན་ཞིབ་མི་སྣའི་སྙིང་སྟོབས་ཀྱི་བཙན་ས་ཡང་ཡིན་པས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་བཅས་མཛུབ་ཁྲིད་དུ་བཟུང་ནས། མཚོ་བྱང་དང་ཡོ་གླིང་མེ་གླིང་སློབ་གྲོགས་ཚོགས་པའི་དབར་ཕན་ཚུན་ལ་གླེང་མོལ་གཏིང་ཟབ་དང་། མཉམ་ལས་ཀྱི་སྦྲེལ་ཟམ་བཙུགས་ནས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་དང་མེས་རྒྱལ་དུ་ལོག་པའི་ཕྱི་འགྲིམ་ཚན་རིག་པ་ཚོའི་རླབས་ཆེན་གྱི་སྙིང་སྟོབས་དང་འོད་སྟོང་འབར་བའི་གཤིས་རྒྱུད་དར་སྤེལ་གཏོང་དགོས་པའི་རེ་བ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号