ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་དུ་སླེབས་ནས་ཏང་གཤིས་སློབ་གསོ་དང་ལེན་བྱས།


   ཟླ5བའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཏུང་ཧྥུའུ་ཧེ་ཡིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་མ30ཡི་སྣེ་འཁྲིད་དེ་མཚོ་བྱང་དུ་སྔ་རྗེས་སུ་དུས་རབས་ཀྱི་དཔེ་བཟང་སྐལ་བཟང་དྲན་གསོ་ཁང་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་ཏང་གཤིས་སློབ་གསོ་དང་ལེན་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭའི་མི་སྣ་དང་ཐུག་འཕྲད་གནང་། 

   དུས་རབས་ཀྱི་དཔེ་བཟང་སྐལ་བཟང་དྲན་གསོ་ཁང་དུ་ཚང་མས་འགྲེལ་བཤད་ལ་ཉན་པ་དང་དཔྱད་ཡིག་ལ་བལྟས་ཏེ་སྐལ་བཟང་གི་སེམས་པ་དམངས་ཆེད་དང་ལེགས་སྐྱེས་འབུལ་ཕོད་པའི་མི་སེམས་འགུལ་བའི་བྱས་རྗེས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། བློ་རྩེ་གཅིག་སྒྲིམ་ངང་གུང་ཁྲན་ཏང་མིའི་འོད་སྟོང་འཕྲོ་བའི་བྱས་རྗེས་ལ་ཁུངས་འདེད་བྱས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་ཚང་མས་འགྲེལ་བཤད་དང་བརྗོད་དོན་སྒྲོག་འགྲེལ་སྙན་ཞུར་ནན་ཏན་ངང་ཉན་པ་དང་། བཤམས་སྟོན་ལ་བལྟས་ཏེ་སྤྱིར་བཏང་མིན་པའི་ལོ་ཟླ་ཕྱིར་དྲན་བྱས་ཤིང་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་ལ་ཉམས་ལེན་བྱས་པ་བརྒྱུད། “མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། ཤུགས་ཆེན་མཉམ་འབུལ། མདུན་དུ་བསྐྱོད་ཕོད་པའི”“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་རྒྱུས་ལོན་བྱས། 

   ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭར་ཕེབས་རོགས་བྱས་ཏེ་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་དུ་གཟིགས་སྐོར་གནང་སྐབས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་འདུས་གྲུབ་དང་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཀྱི་ནང་སྙིང་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་མཚོ་བྱང་དང་མུ་མཐུད་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱ་རྒྱུར་ཤུགས་སྣོན་པ་དང་མཚོ་བྱང་ཁུལ་གྱིས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཚོ་བྱང་ཁུལ་གྱི་ཁུལ་དང་རྫོང་། ཡུལ་ཚོ་རིམ་པ་གསུམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང“སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན། མི་རིགས་སོ་སོའི་དབར་བརྗེ་རེས་དང་མཉམ་འདྲེས་ཀྱི“འགུལ་སྐྱོད་བཅུ”ལག་བསྟར་བྱ་རྒྱུ་བཅས་ལ་མཛུབ་ཁྲིད་བྱ་རྒྱུའི་རེ་བ་ཡོད་པར་བསྟན།  

   ཏུང་ཧྥུའུ་ཧེ་འཁོར་དང་བཅས་པས་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་རྔམས་མཐུག་པ་དང་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བ་ཏན་ཏིག་ངང་སྤེལ་ཡོད་ལ། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་རླབས་ཆེན་སྙིང་སྟོབས་ཀྱི་འབྱུང་གནས་དང་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཐོག་མའམ་ཞིང་ཆེན་ཡོངས་ཀྱི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་བྱེད་སྒོའི་དཔེ་སྟོན་ཁུལ”ཐོག་མ་བཅས་ཡིན་པས་མཚོ་སྔོན་ཞིང་ཆེན་གྱི་སྙིང་སྟོབས་ཀྱི་བཙན་ས་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་མཚོ་བྱང་མུ་མཐུད་དྲིལ་སྒྲོག་དང་འོས་སྦྱོར་ཤུགས་ཆེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་ཁོངས་མི་མཚོ་བྱང་དུ་བསྐྱོད་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བསླབ་སྐྱོང་བྱེད་པ་དང་། མི་རིགས་བར་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི“སེམས་པ་གཅིག”གི་མཛེས་རིས་ཕབ་དགོས་པར་བསྟན།  

   ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号