མཚོ་བྱང་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁའི་ངང་མཇུག་སྒྲིལ། 


ཟླ6པའི་ཚེས17ཉིན། མཚོ་བྱང་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཧྲན་ཏུང་ཐའེ་ཨན་གྲོང་ཁྱེར་ཐའེ་ཧྲན་མཐོ་རིམ་དོ་དམ་ཉམས་ཞིབ་ཁང་དུ་མཇུག་སྒྲིལ། མཇུག་སྒྲིལ་མཛད་སྒོའི་ཐོག་ཚན་ཆུང་སོ་སོས་དྲིལ་སྒྲོག་གྲུབ་འབྲས་ངོམ་པ་དང་སློབ་མཇུག་སྒྲིལ་བའི་བརྙན་ཐུང་ལ་བལྟས་ཤིང་། ཚན་ཆུང་བཞིའི་སློབ་མའི་འཐུས་མིས་བརྗེ་རེས་གཏམ་བཤད་བྱས་པ་དང་འབྲེལ་ཕུལ་བྱུང་སློབ་མ་དྲུག་ལ་གཟི་བརྗིད་དཔང་ཡིག་སྤྲད།

དུས་ཡུན་ཉིན་བརྒྱད་ཀྱི་མཚོ་བྱང་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭས་ཐའེ་ཨན་ཉེ་འཁོར་གྱི་གསར་བརྗེའི་ལོ་རྒྱུས་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆ་གང་ལེགས་བེད་སྤྱད་དེ། སློབ་ཁྲིད་ལ་ཉན་པ་དང་ཡུལ་དངོས་སུ་ལྟ་སྦྱོང་། ཡུལ་དངོས་སུ་ཞིབ་འཇུག་སློབ་སྦྱོང་། བརྗེ་རེས་དང་ཞིབ་བསྡུར་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་བརྗོད་བྱ་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་རང་བཞིན་དང་དམིགས་སའི་རང་བཞིན། མཉམ་འགུལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པར་བྱས་ལ། དེ་དང་ཆབས་ཅིག་གསོ་སྦྱོང་གིས་ལག་ལེན་བཀོལ་སྤྱོད་དང་ཡུལ་དངོས་སུ་བེད་སྤྱོད། སྦྱངས་པ་གོ་ཆོད་བཅས་ལ་མཐོང་ཆེན་བྱས་ཡོད། སློབ་མ་ཚོས་དུས་ཐོག་ཏུ་སྦྱངས་པའི་རྩལ་ནུས་དངོས་འཐབ་ནང་སྤྱོད་རྒྱུ་ཡིན་པ་དང་། གསོ་སྦྱོང་འཛིན་གྲྭའི་དྲིལ་སྒྲོག་ཚན་ཆུང་གི་གཅིག་གྱུར་ཇུས་འགོད་འོག སྔ་རྗེས་སུ་བརྗོད་དོན་མངོན་གསལ་དོད་པ་དང་ནང་དོན་གསོན་ཉམས་དོད་པའི་སྨྱན་སྦྱོར་གསར་པའི་བརྩམས་ཆོས7འོས་སྦྱོར་བྱས་པ་དང་། ཟུར་ཚད་མང་པོ་དང་རྣམ་པ་ཧྲིལ་པོའི་ཐོག་ནས་མཚོ་བྱང་མཉམ་འདྲེས་སྨྱན་སྦྱོར་གྱི་ཧྲན་ཏུང་དུ་སྦྱོང་བརྡར་བྱེད་པའི་རྣམ་པ་དང་ཐོབ་པའི་ཕན་འབྲས་མཚོན་པར་བྱས་ཡོད་ལ། བརྒྱུད་སྤེལ་གྱི་ཕན་འབྲས་བཟང་པོ་ཐོབ་པའི་རྨང་གཞིའི་ཐོག་གསོ་སྦྱོང་སློབ་མའི་གཟབ་ནན་གྱི་སློབ་སྲོལ་དང་སྤྱོད་ཚུལ་ཏན་ཏིག་གང་ལེགས་སྒོས་མངོན་པར་མ་ཟད། མ་འོངས་པའི་སྨྱན་སྦྱོར་གསར་པ་བརྒྱུད་སྤེལ་དང་དངོས་འཐབ་ལ་རྨང་གཞི་བརྟན་དུ་གཏོང་བར། ཉམས་མྱོང་གསོག་འཇོག་དང་དཔེ་སྟོན་བྱས་ཡོད།

སློབ་མ་ཡོངས་ཀྱིས་གཅིག་མཐུན་ངང་ཐེངས་འདིའི་གསོ་སྦྱོང་གི་བརྗོད་བྱ་ཟབ་པ་དང་རྣམ་པ་གསར་པ། ནང་དོན་དོན་དངོས་ཡིན་པ། བཀོད་སྒྲིག་བདེ་བ། བླང་བྱ་ནན་མོ་བཅས་ཡིན་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་པའི་ངོས་འཛིན་བྱས་ཤིང་། ཚང་མས་ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ། མ་འོངས་པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གཙོ་བོར་བརྟག་ཞིབ་གནང་སྐབས་བཏོན་པའི“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དྲིལ་སྒྲོག་ཡག་པོ་བྱེད་དགོས”ཞེས་པའི་བྱ་བའི་བླང་བྱ་གཞིར་བཟུང་། སློབ་སྦྱོང་གི་གྲུབ་འབྲས་སྔར་བས་ལེགས་པའི་སྒོ་ནས་བྱ་བ་དངོས་དང་ཞིབ་ཕྲའི་ལག་ལེན་ཁྲོད་བེད་སྤྱོད་བྱས་ཏེ་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ་དང་། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ། མཚོ་བྱང་གི་སྐད་སྒྲ་ཁྱབ་སྤེལ་བཅས་བྱས་ནས། ཁུལ་ཡོངས་ཀྱི“243”འཕེལ་རྒྱས་ཀྱི་བཀོད་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པར་བཤད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号