ཚོགས་ཆེན་ཉི་ཤུར་སློབ་སྦྱོང་བྱེད། ལོ་འཁོར་བདུན་ཅུར་བསྟོད་བསྔགས་འབུལ། རྒྱང་སྐྱོད་གསར་བའི་ལམ་དུ་ཞུགས”བརྗོད་དོན་ཡིན་པའི་མཚོ་འཁྱིལ་ཞང་གི་སྐབས་བདུན་པའི“མཛེས་སྡུག་གི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་སྤེལ།


དབྱར་ཟླ་དྲུག་པའི་མཚོ་འཁྱིལ་རྩྭ་ཐང་ནི་སྔོ་ལྗང་རྩྭ་ཡི་མགོ་ལྕོག་ལྡེམ་ཞིང་།   བྱ་རིགས་སྣ་བརྒྱས་གྲེ་འགྱུར་སྒྲོག་ལ།   སྤྲིན་དཀར་ལྟ་བུའི་ལུག་ཁྱུ་ཡངས་པའི་རྩྭ་ཐང་དུ་རྒྱུ་བའི་མཛེས་སྡུག་གི་དུས་ཚིགས་འདིར། མཚོ་འཁྱིལ་ཞང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ། རྒྱ་ཆེའི་མང་ཚོགས་ཀྱི་རིག་རྩལ་འཚོ་བ་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་འཁྱིལ་ཞང་ཏང་ཨུ་དང་སྲིད་གཞུང་གིས“ཚོགས་ཆེན་ཉི་ཤུར་སློབ་སྦྱོང་བྱེད། ལོ་འཁོར་བདུན་ཅུར་བསྟོད་བསྔགས་འབུལ། རྒྱང་སྐྱོད་གསར་བའི་ལམ་དུ་ཞུགས”བརྗོད་དོན་ཡིན་པའི་མཚོ་འཁྱིལ་ཞང་གི་སྐབས་བདུན་པའི“མཛེས་སྡུག་གི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་བྱེད་སྒོ་སྤེལ། ཞང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་རིག་རྩལ་འཁྲབ་སྟོན་དང་། ལག་བཟོས་ཐོན་རྫས་བཤམས་སྟོན། སྦྲ་ནག་ཕུབ་པ། འོ་ཇ་སྐོལ་བ། རྩམ་པ་བརྫི་བ།  རྟ་སྒ་གཏོད་པ།  འཁལ་འགེལ་པ། རྩམ་པ་འཐག་པ། སྐོར་བྲོ་འགྲན་པ། ནོར་གནག་དང་བོད་ལུགས་འགྲན་པ། སྲོལ་རྒྱུན་ཟས་རིགས་སྐོལ་བ། གཏམ་དཔེ་དང་དམངས་གླུ་འགྲན་སྡུར་སོགས་འབྲེལ་ཡོད་བྱ་འགུལ་རིགས་བཅུ་གཉིས་ལྷག་གི་ལྟད་མོ་བཀོལ་སྒྲིག་བྱས་ཡོད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས།




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号