རུང་ཧུང་ཀྲི་ཡིས་ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་སུ་བརྟག་ཞིབ་གནང་པ།

ཟླ6པའི་ཚེས14ཉིན། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེ་གཞོན་ནམ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཨན་ཧུའེ་ཀུང་སིའི་འབྲེལ་ཡོད་བློ་མཐུན་དང་མཉམ་དུ་ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་སུ་ནུས་རྒྱུ་གསར་པའི་ཆིང་བཟོའི་ལག་རྩལ་ལ་བརྟག་ཞིབ་གནང་།    

རུང་ཧུང་ཀྲི་ཡིས་ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་ཀྱིས་ཆིང་ཧྭ་སློབ་ཆེན་གློག་འཕྲུལ་ཚན་ཁག་ལྟེ་བའི་ལས་སྟེགས་སུ་བྱེད་པ་དང་། ཆིང་ཧྭ་སློབ་ཆེན་ནུས་རྒྱུ་སྦྲེལ་དྲ་གསར་གཏོད་ཞིབ་འཇུག་ཁང་དང་ཆིང་ཧྭ་སི་ཁྲོན་ནུས་རྒྱུ་སྦྲེལ་དྲ་ཞིབ་འཇུག་ཁང་གི་ལེགས་ཆའི་ཚན་ཞིབ་སྟོབས་ཤུགས་ལ་བརྟེན་པས་ཆུ་ཚད་མཐོ་བའི་རིག་གཞུང་ཞིབ་འཇུག་ནུས་པ་དང་རྒྱང་ལྟའི་རང་བཞིན་གྱི་ལག་རྩལ་གསར་གཏོད་ནུས་པ། དངོས་སྤྱོད་ཅན་གྱི་ཐོན་ལས་འཕེལ་རྒྱས་ནུས་པ་བཅས་ལྡན་ཡོད་ཅིང་། ལྟེ་གནས་ཀྱིས་རང་རྒྱལ་གྱི་བྱང་གསུམ་ས་ཁུལ་གྱི་མཛེས་ལྗོངས་ཐོན་ཁུངས་ལ“བསྡུ་ཉར་བྱེད་དཀའ་བའི”གནད་དོན་ལ་དམིགས་ཏེ་ལྷུ་ལག་དང་སྒྲིག་ཆས། མ་ལག་བཅས་རིམ་པ་གསུམ་གྱི་ཐོག་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལག་རྩལ་འགག་སྒྲོལ། བཟོ་སྐྲུན་འཛུགས་སྐྲུན་བཅས་བྱས་ནས་ཕན་འབྲས་ཆེ་ལ་བརྟན་པོ་ཡིན་པའི་ནུས་རྒྱུ་གསར་པའི་ཐད་རྒྱུག་ཆིང་བཟོ་དང་ཐག་གཅོད་ཇུས་གཞི་བཏོན་པ་དེ་ནི་ནུས་རྒྱུ་གསར་པ་གཙོ་བོ་བྱས་པའི་གསར་དར་གློག་ཤུགས་མ་ལག་གི་དཀའ་གནད་ཐག་གཅོད་བྱེད་པའི་ལག་རྩལ་གྱི་འཕོ་འགྱུར་གལ་ཆེན་ཞིག་ཡིན་ལ། ཆིང་ནུས་ནི་འབྱུང་ཁུངས་ཕུན་སུམ་ཚོགས་པ་དང་ལྗང་མདོག་ཐཱན་ཉུང་། བཀོལ་སྤྱོད་རྒྱ་ཆེ་བ་བཅས་ཀྱི་ཐེངས་གཉིས་པའི་ནུས་ཁུངས་ཤིག་ཡིན། མཚོ་བྱང་ཁུལ་གྱི་ས་བབ་ཀྱི་གནས་བབ་དམིགས་བསལ་ཡིན་ཞིང་ཡུལ་ལྗོངས་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས་ནུས་རྒྱུ་གསར་པའི“ལྗང་མདོག་ཆིང་མདོག”ཐོན་ལས་འབྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། “ཐོན་སློབ་ཞིབ་སྤྱོད”ཀྱི་ཕྱོགས་སོ་སོའི་མཉམ་ལས་འབྲེལ་བ་དམ་ཟབ་བཙུགས་ནས་མཚོ་བྱང་ཁུལ་ལ་ཚད་གཞི་མཐོན་པོ་དང་རྒྱུན་མཐུད་ཀྱི་གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་ཇུས་གཞི་ཆ་ཚང་ཞིག་བཏོད་དེ་སྤྱི་འདོམས་སྐུལ་འདེད་དང་སྙིང་རུས་ཆེར་བསྐྱེད་ཀྱིས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཆིང་བཟོའི་དཔེ་སྟོན་ལས་གཞི་ཐོག་མ་དེ་མཚོ་བྱང་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གསར་བརྗེའི་ས་གཞི་ཆེན་མོར་དུས་རབས་གསར་པའི་ལྗང་མདོག་གི་གསོན་ཤུགས་འཕེལ་རྒྱུའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་དང་ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས། འབྲེལ་ཡོད་ཁེ་ལས་བཅས་མཚོ་བྱང་དུ་བརྟག་ཞིབ་དང་བརྗེ་རེས་མཉམ་ལས། མ་འཇོག་ལས་གཏོད་བྱེད་དུ་ཡོང་བར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ་ཡིན་པར་བཤད། 

ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཡུས་ཀྲན་ཆིང་གིས་གཡེལ་མེད་རང་བརྩོན་དང་སྤྱོད་བཟང་ཐེག་ཆེ་ནི་ཆིང་ཧྭ་སློབ་ཆེན་གྱི་སློབ་གྲྭའི་དམ་ཚིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་དང་ཚན་རྩལ་པུའི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་སོགས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་གཞི20ལྷག་ཙམ་གྱི་འགན་འཁུར་ཡོད་ལ། འབྲེལ་ཡོད་གྲུབ་འབྲས་དེ་ཀྲང་པིས་མཐོ་གནོན་ཐད་རྒྱུག་གློག་དྲ་དང་། ཀྲུའུ་ཧའེ་སྣེ་གསུམ་ཐད་རྒྱུག་དྲ་བའི་བཟོ་སྐྲུན། ཏུང་ཀོན་སྤེལ་རྒྱུག་མཉམ་བསྲེས་དྲ་བའི་བཟོ་སྐྲུན། སུའུ་ཀྲོའུ་གནོན་ཤུགས་འབྲིང་དམའི་ཐད་རྒྱུག་དྲ་བའི་བཟོ་སྐྲུན་སོགས་རྒྱལ་ཁབ་རིམ་པའི་དཔེ་སྟོན་བཟོ་སྐྲུན་མང་པོའི་ཁྲོད་བེད་སྤྱོད་ཐུབ་ཡོད་པ་རེད། ཆིང་ཧྭ་སློབ་ཆེན་ཐད་རྒྱུག་ཞིབ་འཇུག་ལྟེ་གནས་ཀྱིས་ཚན་རིག་མཁས་ཅན་རྒན་པ་ཚོས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་། རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་རྒྱུན་འཛིན་བྱས་ཏེ་གསར་གཏོད་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་ལ་བརྟེན་ནས་འགག་རྩའི་ལག་རྩལ་ཚད་བརྒལ་ཡོང་བར་སྐུལ་ཁྲིད་དང་། ལག་རྩལ་ཐོན་ལས་ཅན་ལ་བརྟེན་ནས་བཟོ་སྐྲུན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་ཆིང་ཧྭ་སློབ་ཆེན་གྱི་ཚ་ནུས་དང་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་ཀྱི་ལག་རྩལ་ལེགས་ཆ་འདོན་སྤེལ་བྱེད་པར་གཞོགས་འདེགས་བྱེད་པ་དང་། མཚོ་བྱང་གི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཚན་རིག་དང་མཐུན་པའི་སྐུལ་འདེད་ཇུས་གཞི་ཆ་ཚང་ཞིག་བཏོན་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས། ནུས་རྒྱུ་གསར་བརྗེའི་འཐབ་ཇུས། ནུབ་རྒྱུད་གསར་གཏོད་ཆེན་མོའི་འཐབ་ཇུས་བཅས་ལ་རོགས་རམ་བྱེད་རྒྱུ་ཡིན་པར་བསྟན།

བཞུགས་མོལ་ཚོགས་འདུ་མཇུག་སྒྲིལ་རྗེས། ཡུལ་དངོས་ནས་ཆིང་ཧྭ་སློབ་ཆེན་གློག་འཕྲུལ་ཚན་ཁག་གི་གློག་ཤུགས་མ་ལག་དང་དེ་བཞིན་གློག་གཏོང་སྒྲིག་ཆས་ཆེ་གྲས་ཀྱི་བདེ་འཇགས་ཚོད་འཛིན་དང་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ལ་བརྟག་ཞིབ་གནང་ཞིང་། ཧྲན་ཏུང་ཞིང་ཆེན་གྱི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལི་ཁའེ་དང་། ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་མཉམ་སྤྱོད་ཤེས་ལྡན་མི་སྣའི་ཀུང་སིའི་སྤྱི་གཉེར་བའམ་ཞིན་ཅང་ཐེན་ཧྲན་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ཀྱི་ལས་འཛིན་པ་ཡོན་ཧའེ་ཐའོ་སོགས་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号