ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོཊ་ཀྱིས་མཚོ་བྱང་དུ་རྟོག་ཞིབ་གནང་པ།

ཟླ7པའི་ཚེས16ཉིན། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོགས་ཀྱི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲང་ཧུང་གིས་རུ་སྣེ་ཁྲིད་པའི་རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་དུ་རྟོག་ཞིབ་བྱེད་སྒོ་སྤེལ་ཞིང་། ནུབ་མཚོ་གྲོང་རྡལ་དུ་བཞུགས་མོལ་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ལི་ཞན་ཚིན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཞའོ་ཧིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

བཞུགས་མོལ་ཚོགས་འདུའི་ཐོག རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མང་ཚོགས་ཀྱི་འཐུས་མི་བཅས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱབ་ཀྱི་གཏམ་རྒྱུད་ལ་སྔར་བས་འཚོལ་ཞིབ་བྱས་པ་དང་། མི་རིགས་ཀྱི་རིག་གནས་ཟབ་མོ་དང་། དག་སྣང་མཚོ་བྱང་གི་ཁྱད་ཆོས་ཉམས་སུ་མྱངས་ཤིང་། མཚོ་བྱང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་རིག་གནས་ཡུལ་སྐོར། གསར་བརྗེ་ཉམས་ཞིབ་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་བྱས། རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་ཐེངས་འདིའི་རྟོག་ཞིབ་གྲུབ་འབྲས་དེ་མ་འོངས་པའི་གློག་བརྙན་གསར་རྩོམ་ནང་ཁྱབ་པར་བྱས་ཏེ། གློག་བརྙན་བརྩམས་ཆོས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། འབད་པ་ལྷུར་ལེན་གྱིས་གསར་བརྗེའི་རིག་གནས་ཀྱི་ནང་དོན་ལྡན་ཞིང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེར་སྐྱེད་ཐུབ་པ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་བཅས་ཀྱི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号