མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་འཚོགས་པ།

ཉེ་ཆར། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་འཚོགས་ནས། ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་ཧ་ཝུན་ཞུག ཧན་ཧྲི། དེ་བཞིན་ལས་སྒྲུབ་ཚན་ཆུང་སོ་སོའི་འགན་འཁུར་བ་ཚོགས་འདུར་ཞུགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་།  

ཚོགས་འདུའི་ཐོག ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་ནི་མཚོ་སྔོན་པོ་རོལ་དབྱངས་དུས་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཞིང་ཆེན་རིམ་པའི་ངོས་ཀྱི་དུས་ཆེན་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚོ་བྱང་གི་ཚབ་བྱས་ཡོད་པ་མ་ཟད་ད་དུང་མཚོ་སྔོན་གྱི་ཚབ་ཀྱང་བྱས་ཡོད། དེ་བས་སྒྲུབ་འགན་འཁུར་མཁན་ལས་ཁུངས་སོ་སོ་དང་ལས་སྒྲུབ་ཚན་ཆུང་སོ་སོས་སུས་འགན་འཁུར་ན་དེས་དོན་འཁྱོལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འགན་འཁྲི་འཁུར་སེམས་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་བྱ་བ་བྱེད་སྟངས་ཞིབ་ཕྲ་ཅན་དུ་བཏང་ནས། ལས་འགན་ཁག་བགོས་ཁ་གསལ་བྱས་ནས་འགན་འཁྲི་མིའི་ཐོག་ཏུ་དོན་འཁྱོལ་བྱེད་དགོས་པ་བསྟན། ཚོགས་འདུའི་ཐོག་ད་དུང་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་། མཁོ་སྒྲུབ་འགན་ལེན་དང་སྣེ་ལེན་ཚན་ཆུང་། རིག་གནས་བྱེད་སྒོའི་ཚན་ཆུང་། བདེ་འཇགས་སྲུང་སྐྱོབ་ཚན་ཆུང་། ཟས་རིགས་བདེ་འཇགས་འགན་སྲུང་ཚན་ཆུང་། སྨན་བཅོས་རོགས་སྐྱོབ་ཚན་ཆུང་བཅས་ཀྱི་བྱ་བའི་ལས་འགན་བཀོད་སྒྲིག་ཞིབ་ཕྲ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号