ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


   ཟླ7པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས46པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་གསན་ཞིང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

   ཚོགས་ཐོག་ཏུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།  ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་འདུ་ཤེས་བཟང་པོ་དང་ཉམས་མྱོང་བཟང་པོ། བྱེད་ཐབས་བཟང་པོ་བཅས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་། ཁ་གཏད་མཚོ་སྐྱོར། དེ་བཞིན་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་གོ་སྐབས་ལ་དམ་འཛིན་བྱས་ནས་ཧུར་ཐག་སྒོས་སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས་ཤིང་། ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་དང་། ནུབ་མཚོ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་རྡལ། དེ་བཞིན་འཇུ་ལག་དང་མདོ་ལ། རྐང་ཚ་བཅས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གཞིས་ཁུལ་རྙིང་པ་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ། འཇུ་ལག་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་སོགས་ལས་གཞི་བཟོ་སྐྲུན་མགྱོགས་མྱུར་སྒོས་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་བས་ལེགས་པའི་སྒོ་ནས་སློབ་སྦྱོང་དང་སྟངས་འཛིན་བྱས་ཏེ “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། བདེ་འཇགས་འཛུགས་སྐྱོང་སོགས་གཙོ་གནད་བྱ་བར་དམ་འཛིན་ཡག་པོ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མཚོ་བྱང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།  སྔོན་ལ་སློབ་སྦྱོང་དང་སྔོན་ལ་ཇུས་འགོད། སྔོན་ལ་ཐེ་ཞུགས་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁག་གཉིས་པའི་བརྗོད་དོན་སློབ་གསོ་ཡག་པོར་གཉེར་བ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་གྱི་བྱེད་ཐབས་སོ་སོ་མཚོ་བྱང་དུ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྐང་ཚ་རྫོང་རྩྭ་ཐང་གི་ཐཱན་བསྡུ་ལས་གཞི་ལག་བསྟར་ཡག་པོ་བྱེད་པ། མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ་གྱི་རང་བྱུང་སོལ་རླངས་བཟོ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  མདོ་ལ་དང་འཇུ་ལག་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་གྱི་ཐཱན་བསྡུ་ཉོ་ཚོང་གི་ཚོད་ལྟའི་དཔེ་སྟོན་བྱ་བ་བཅས་མགྱོགས་སུ་གཏོང་དགོས་པ་ནན་གྱིས་བསྟན།   

   ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་རྩ་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་གསལ་འགྲེལ་སོགས་ཀྱི་བྱ་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ལེགས་པའི་སྒོ་ནས་སྣེ་ཁྲིད་བྱེད་དགོས་ཤིང་། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱ་བ་དང་ཞང་གྲོང་གི“བཅུ་ལྡན”བཟོ་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དེ་སྲིད་ཇུས་ཞིབ་ཕྲ་དང་ལས་འགན་ཞིབ་ཕྲ། ཞིབ་ཕྲའི་བྱ་ཐབས་བཅས་སུ་བསྒྱུར་ནས་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ལ་མཐོང་ཆེན་དང་གྲུབ་འབྲས་དངོས་ལ་མཐོང་ཆེན་བྱེད་པའི་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་བཙུགས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐུལ་སློང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། གནམ་གཤིས་ཀྱི་ཉེན་བརྡ་དང་འབྲུབ་འགོག་མཁོ་བསྟུན་དང་ལེན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འཕྲིན་གཏོང་ཤར་གཏོང་མི་ཐུབ་པའི་ལུང་ཁུག་དམིགས་ཀྱིས་བཟུང་ནས་ཤར་གཏོང་ཐུབ་པར་ཤུགས་སྣོན་དགོས། འབྲུབ་འགོག་མཁོ་བསྟུན་རོགས་སྐྱོབ་གྲ་སྒྲིག་དང་ཉེན་སེལ་གེགས་སེལ་བྱ་བ་ཡག་པོར་སྒྲུབ་པ། འབྲུབ་འགོག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དེ་བཞིན་ཉེན་ཡོད་ཁང་པ། ཞོད་སྐྱོན་དང་གཤོང་ས་སོགས་ནས་མང་ཚོགས་གནས་སྤོ་བྱེད་པའི་བྱ་བ་མུ་མཐུད་སྤེལ་ནས་བདེ་འཇགས་ངང་འབྲུབ་ཆུ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན། 

   ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་མ་ལག དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྱོང་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཞན་ཆ་བཏོན་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བདུན”གྱི་བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚོད་ལྟའི་དཔེ་སྟོན་གླིང་གིས་ལག་རྩལ་གསར་གཏོད་དང་སོན་བཟང་འདེམས་གསོ། གྲུབ་འབྲས་གཞན་སྒྱུར། དཔེ་སྟོན་ཁྱབ་གདལ། ཚན་ཞིབ་ཚན་རྩལ་ཁྱབ་གདལ་སོགས་ཐད་ཀྱི་ལེགས་ཆར་བརྟེན་ནས་ཕྱུགས་རྩྭ་སྤུས་ལེགས་འདེབས་གསོ་དང་། ཕྱུགས་རིགས་རྒྱུད་བཟང་གསོ་སྤེལ། སྡོང་ཕྲུག་མཁོ་སྤྲོད་ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། དབྱར་གསེང་གི་དབྱར་སྒར་དང་ན་གཞོན་སློབ་མའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཧུར་ཐག་སྤེལ་ནས་རྒྱ་ཆེའི་ན་གཞོན་ཚོར་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུར་སྔར་བས་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རྒྱ་ཆེའི་ན་གཞོན་ཚོས་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་འཐབ་ས་དང་པོར་བྱས་རྗེས་འཇོག་རྒྱུར་རྒྱུན་ཆད་མེད་པར་སྐུལ་ལྕག་གཏོང་དགོས།  ན་གཞོན་རྩལ་ནུས་ཤེས་ལྡན་པ་སྔོག་འདོན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། རྟེན་གཞིའི་གནས་རྙིང་གི་ཡན་ལག་བཟོ་གྲྭ་སོ་སོའི་བཟོ་ཁང་སྒྲིག་བཀོད་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ཏེ། ན་གཞོན་ལ་རིན་མེད་སྒོས་ལས་ཞུགས་གསོ་སྦྱོང་སོགས་སྤྱི་འདོམས་བྱས་ནས་ན་གཞོན་འཚར་ལོངས་དང་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་དགོས་པ་ནན་གྱིས་བསྟན།


   ཚོགས་ཐོག་ཏུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་སྲུང་སྐྱོབ་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་གོ་སྐབས་དམ་འཛིན་བྱེད་པ། ཞན་ཆ་གསབ་པ་དང་སྟོང་ཆ་སྐོང་རྒྱུར་དམ་པོར་དམིགས་པ། འབྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ནས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་དྲུག་གི་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ཆེན་དང་ཐིན་གྱི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་འཇུག་འཆར་འགོད་གཏིང་ཟབ་བྱེད་པ་དང་། དམག་སྒར་བཅུ་གཉིས་པའི་གསར་བརྗེའི་ཞིབ་འཇུག་ས་ཚིགས་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྷ་ཆབ་ཁུག་དང་དམག་སྒར་བཅུ་གཉིས་པའི་གྲུ་ཁའི་འཆར་འགོད་འཛུགས་སྐྲུན་བྱ་བ་གང་མགྱོགས་སྒོས་དོན་འཁྱོལ་བཅས་བྱེད་དགོས་པར་བསྟན།

   ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་ནས་རོང་འབྲོག་པའི་ཡོང་སྒོར་དམིགས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་། ཐོན་ལས་ལས་ཞུགས། ལས་གཞི། མ་དངུལ་སོགས་གཙོ་གནད་བྱ་བ་སོ་སོ་སྔར་ལས་དོན་འཁྱོལ་ཡག་པོ་བྱེད་དགོས། “1+10”གཞི་རིམ་ལ་ཞབས་འདེགས་ཞུ་ནས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང“4+1+N”ཡི་འགན་གཙང་མཉམ་འབྲེལ་དོན་འཁྱོལ་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བསྣན་ཏེ་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གོང་འཕེལ་གཏོང་རྒྱུ་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འདེབས་གསོ་དང་སྟོབས་ཆེར་གཏོང་རྒྱུ། གྲོང་གསེབ་ཀྱི་སྐར་མ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་གཏོད་བྱེད་པ་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


   ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲིའི་གསལ་ཐོ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་བ་དང་གཙོ་གནད་ཐོག་ཞན་ཆ་གསབ་པ་དང་སྟོང་ཆ་སྐོང་པ། རྨོངས་ཁུལ་སེལ་བ་བཅས་ལ་དམིགས་ཏེ་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཏང་ནན་སྐྱོང་དང་ཏང་བཅོས་སྐྱོང་གི་ལས་འགན་སོ་སོ་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ལས་འགན་སོ་སོ་དུས་ལྟར་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་ཀྱིས་ཆད་ལུས་ཡོད་མེད་ཞིབ་བཤེར་དང་གནད་སྨིན་རང་སྟོབས། གནད་དོན་དག་ཐེར་ནན་མོ་དང་ཏན་ཏིག་ངང་དམ་འཛིན། སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ངང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི“ལྟེ་བའི་ཐོན་ཁུངས་ཆེ་གྲས་ལྔ་བསྡུ་སྒྲིལ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གཏིང་ཟབ་བྱེད་པའི”ཡུལ་དངོས་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་ནས་བདེ་འཇགས་མཚོ་སྔོན་གྱིས“གཅིག་ཅན་བཅུའི”བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བ། རྩ་འཛུགས་འགན་ལེན་བྱེད་པ་སོགས་ཀྱི་ཐད་ཤུགས་བསྣན་ནས་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་བྱང་ཁྱོན་ཡོངས་ནས་བསྐྲུན་དགོས་ལ། བློ་མཐུན་ཀྲང་ཞུའེ་ཀྲུང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་བྱུང་གི་གཤིས་རྒྱུད་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས“རྟག་ཏུ་སེམས་ཁྲལ་བྱེད་པ་དང་བྱ་བ་ཚང་མར་སེམས་ཁྲལ་བྱེད་པའི”རྣམ་འགྱུར་བྱ་བ་རེ་རེ་དང་ལས་དོན་རེ་རེའི་ཐོག་བཞག་ནས་སྤྲོ་སེམས་ཆེན་པོས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


   ཚོགས་ཐོག་ཏུ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་དོན་དག་སྒྲུབ་པའི་གནས་ཚུལ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་སོགས་ཀྱི་བྱ་བའི་སྙན་ཞུར་གསན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།   

 

   ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号