ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས24པ་ཚོགས་མགོ་བརྩམས——“དག་སྣང་མཚོ་བྱང”གི་གྲགས་ཅན་སྤུས་ལེགས་ཐོན་རྫས300ལྷག་འགྲེམས་ཚོགས་སྟེང་མངོན།


   ཟླ7པའི་ཚེས20ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས24པའི་མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ཚོགས་འདུ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་བྱང་ཁུལ་གྱིས་ཁྱོན་ཁེ་ལས52ཀྱི་རིགས་ཆེན་པོ13དང་གྲགས་ཅན་སྤུས་ལེགས་ཐོན་རྫས300ལྷག་སྒྲིག་འཛུགས་བྱས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ལ་ཞུགས་པར་མ་ཟད། མཚོ་བྱང་འགྲེམས་ཁང་དུ་བསྐྱོད་དེ་གཟིགས་ཞིབ་གནང་།

   རྒྱུས་ལོན་པ་ལྟར་ན། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐོག་མཚོ་བྱང་གིས་འཇུ་ལག་གི་ལེ་དབར་བརྒྱའི་མེ་ཏོག་གི་རྒྱ་མཚོ་དང་། མཚོ་སྔོན་མདོ་ལའི་འོ་མའི་ཐོན་ལས། རྐང་ཚ་རྫོང་གི་ཨ་ཡར་ཁུལ། མདའ་བཞི་རྫོང་གི་ཞྭ་ཧྭ་དབྱི་སི་ལམ་སྐམས་ལུག་ཤ་སོགས་ཁེ་ལས52ཀྱི་རིགས་ཆེན་པོ13དང་གྲགས་ཅན་སྤུས་ལེགས་ཐོན་རྫས300ལྷག་འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཤིང་། དེས་མཚོ་བྱང་ཁུལ་གྱིས་སྐྱེ་ལྡན་བཟའ་བཅའ་ལས་སྣོན་དང་ཀྲུང་བོད་སྨན་ལས་སྣོན། རིག་གནས་དང་ཡུལ་སྐོར་ཚོང་ཟོག་ཞིབ་འཇུག་གསར་སྤེལ། ཁྱད་ལྡན་ཡང་བའི་བཟོ་ལས་བཅས་ཀྱི་ཐད་ཐོབ་པའི་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས་ནས“མཚོ་བྱང་གི་ཕུལ་བྱུང་ཐོན་རྫས”ཀྱི་ཐོན་ལས་ལེགས་ཆ་ཆེ་རུ་བཏང་སྟེ། དངོས་ཤུགས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་བྲིན་ཚོང་ཁེ་ལས་ཁག་ཅིག་མཚོ་བྱང་ཁུལ་གྱི་ཐོན་ལས་གསར་སྤེལ་དང་ཐོན་རྫས་སྐྱེད་སྲིང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  

   སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐོག མཚོ་བྱང་འགྲེམས་ཁང་གིས་འགྲེམས་སྟོན་གྱི་རྩ་དོན་དང་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་འགྲེམས་ཁང་གཙོ་བོ་དང་ཐོན་ལས་འགྲེམས་ཁུལ་གྱི་འགྲེམས་སྟོན་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མཚོ་བྱང་གི་གསར་བརྗེའི་རིག་གནས་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྱོན་ཡོངས་ནས་འགྲེམས་སྟོན་དང་རིམ་སྤོར་བྱ་རྒྱུ་དེ་བསམ་ཕྱོགས་སུ་བྱས་ཏེABའགྲེམས་ཁང་གཉིས་སུ་འགྲེམས་ཁང་དང་འགྲེམས་སྟེགས་བཀོད་སྒྲིག་བྱས་ཤིང་། དེའི་ནང་འགྲེམས་ཁངAནང་དུ་མཐོ་སྒང་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་ཏེ་བརྙན་མང་རྣམ་པ་སྤྱད་དེ་ཕྱོགས་ཡོངས་དང་ཟུར་མང་པོའི་ཐོག་ནས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ལྡན་ཞིང་ཕྱུགས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། ཐོན་ལས་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་མ་འོངས་པའི་ཕུགས་རྒྱང་རིང་བའི་འཆར་འགོད་འགྲེམས་སྟོན་བྱས་ནས་མཚོ་བྱང་གི་འཕེལ་རྒྱས་ཀྱི་བར་མཐོངས་དང་མི་མངོན་པའི་སྟོབས་ཤུགས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་ལ། འགྲེམས་ཁངBནང་དུ་མཚོ་བྱང་གིས“གསེར་མདོག་འཇུ་ལག”དང“ལྷ་ཡུལ་མདོ་ལ” “བོད་མཁར་རྐང་ཚ” “བདེ་བརྟན་མདའ་བཞི”བཅས་མིག་ལམ་དུ་མངོན་པར་བྱས་ཏེ་གོ་རིམ་ལྡན་པའི་ངང་ཡུག་ཁུལ་བཞིས་ཤ་རིགས་ཐོན་རྫས་དང་ནས་ཀྱི་ཐོན་རྫས། ལོག་དཀར་སྣུམ། སྦྲང་རྩིའི་ཐོན་རྫས། ཀྲུང་ལུགས་སྨན་རྩྭའི་ཐོན་རྫས། ལག་ཤེས་བཟོ་རྩལ་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྲོམ་རའི་ཚོང་གཉེར་སོགས་ལ་དམིགས་ནས་འགྲེམས་སྟོན་བྱས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号