མཚོ་སྔོན་མཚོ་བྱང་གི་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཟླ7པའི་ཚེས18ཉིན་གྱི་ཕྱི་དྲོར། མཚོ་སྔོན་མཚོ་བྱང་གི་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་བསྡུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་གི་མཚོ་སྔོན་མགྲོན་ཁང་དུ་འཚོགས།

ཐེངས་འདིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་དུ་ཤེས་གསལ་ལྟར་ན། མཚོ་སྔོན་མཚོ་བྱང་གི་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སྤྱི་ཟླ8པའི་ཚེས3ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ལུས་རྩལ་ར་བ་ནས་སྤེལ་རྒྱུ་རེད། འགྲན་སྡུར་འདི་ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀྲུང་གུང་མདའ་བཞི་རྫོང་ཨུ་དང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱེད་རྒྱུ་རེད། ཐེངས་འདིར་རྒྱུད་བསྒྱུར་རྟ་ཡི་སྨི5000གི་འགྲན་སྡུར་དང་རང་ཡུལ་རྟ་ཡི་སྨི5000དང་གོམ་རྟའི་སྨི5000ཡི་འགྲན་སྡུར་བཅས་ཀྱི་ཨང་དང་པོར་བྱ་དགའ་སྒོར་འབུམ་གཅིག་སྟེར་རྒྱུ་རེད། ཐེངས་འདིའི་ཚོགས་འདུར་མི་དམངས་ཉིན་རེའི་ཚགས་པར་ཁང་དང་མི་དམངས་དྲ་བ། ཞིན་ཧྭ་དྲ་བ། ཀྲུང་དབྱང་བརྙན་འཕྲིན་རྒྱང་སྒྲོག་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། མཚོ་སྔོན་གསར་འགྱུར་དྲ་བ་སོགས་སྨྱན་སྦྱོར་ལས་ཁུངས13གྱི་གསར་འགོད་པ་ཞུགས་པ་དང་། གསར་འགོད་པ་ཁ་ཤས་ཀྱིས་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་ནས་མདའ་བཞི་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ལ་ཡུལ་དངོས་ནས་འདྲི་ཚིག་དྲིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号