མཚོ་བྱང་ཁུལ་གྱི་ཏང་སྲིད་དམག་གི་མགོ་ཁྲིད་ཀྱིས་གསོ་སྦྱོང་ནང་ཞུགས་པའི་རྐང་འཛིན་དམངས་དམག་ལ་འཚམས་འདྲི་གནང་པ།


   ཟླ7པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་ཏང་སྲིད་དམག་གསུམ་གི་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་དེ་སྔའི221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་དེ་རེས་སྐོར་གསོ་སྦྱོང་ནང་ཞུགས་པའི་རྐང་འཛིན་དམངས་དམག་ལ་འཚམས་འདྲི་གནང་། 

   ཤ་བོ་སྐྱབས་ཀྱིས་སྦྱོང་བརྡར་བྱ་ཡུལ་དུ་གསོ་སྦྱོང་ནང་ཞུགས་པའི་དམངས་དམག་དཔུང་ཁག་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཁོང་གིས་རྐང་འཛིན་དམངས་དམག་གིས་མཚོ་བྱང་ཁུལ་གྱི་རིམས་ནད་འགོག་སྡོམ་དང་འབྲུབ་འགོག་གེགས་སེལ། མཁོ་བསྟུན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་བྱ་བའི་ཁྲོད་མངོན་གསལ་དོད་པའི་གྲུབ་འབྲས་བླངས་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དོན་སྙིང་ཟབ་མོ་གསལ་བཤད་བྱས་ཡོད་པར་བསྟན་ལ། ཁོ་ཚོས་ཐེངས་འདིའི་གཅིག་སྡུད་སྦྱོང་བརྡར་གྱི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་ཚད་གཞི་མཐོན་པོའི་སྒོ་ནས་སྦྱོང་བརྡར་གྱི་སློབ་ཚན་ལེགས་འགྲུབ་བྱེད་པ་དང་རང་ངོས་ཀྱི་བྱང་ཆུབ་པའི་འཇོན་ཐང་སྦྱོང་བརྡར་བྱས་ནས་ནུས་པ་དང་བྱང་ཚད་མཐོ་རུ་བཏང་སྟེ་འགག་རྩའི་དུས་སུ་འཇོན་ནུས་མངོན་ཐུབ་པའི་འགན་ལེན་བྱས་ནས་དུས་རབས་གསར་པའི་མཚོ་བྱང་དམངས་དམག་གི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པའི་སྐུལ་ལྕག་གནང་།     

   ཤ་བོ་སྐྱབས་ཀྱིས་དམངས་དམག་སྦྱོང་བརྡར་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་གནས་ཚུལ་ལ་ལྟ་ཞིབ་ནན་ཏན་བྱས་པ་དང་འབྲེལ་མིག་སྔའི་བྱ་བ་ལེགས་སྒྲུབ་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་ལ། གསོ་སྦྱོང་ནང་ཞུགས་མཁན་གྱི་དམངས་དམག་གི་བཟའ་བཏུང་སྤུས་ཚད་དང་ཞག་སྡོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་ཐོག་ཏུ་དམངས་དམག་གི་ཉལ་ཁང་དང་ཟ་ཁང་སོགས་ལ་ཞིབ་བཤེར་བཟོ་བཅོས་དང་གྲལ་བཤེར་བྱས་ནས་ཡན་ལག་བཟོ་གྲྭ་གསུམ་པའི་དམངས་དམག་སྦྱོང་བརྡར་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་གཙང་མ་དང་གྲལ་དག དྲོད་སྲུང་བཅས་འགན་ལེན་བྱས་ཏེ་རྒྱ་ཆེའི་རྐང་འཛིན་དམངས་དམག་ལ་སྐྱིད་སྣང་དོད་ལ་དྭངས་གཙང་གི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན། མཚོ་བྱང་ཡན་ལག་དམག་ཁུལ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཁྱོན་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་གསོ་སྦྱོང་ནང་ཞུགས་མཁན་གྱི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱས་ཏེ། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་དམངས་དམག་སྦྱོང་བརྡར་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གསར་བརྗེའི་རིག་དངོས་ལེགས་སྒྱུར་བེད་སྤྱོད་བྱས་ནས་རྩེར་སོན་བཟོ་སྐྲུན་དང་དཔེ་སྟོན་བཟོ་སྐྲུན་གྱི་སྦྱོང་བརྡར་རྟེན་གཞིའི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཏེ་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་དགོས་པའི་བླང་བྱ་བཏོན། 

   རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་རེས་སྐོར་གསོ་སྦྱོང་གྲ་སྒྲིག་ཐད་བཀག་སྡོམ་རྣམ་པའི་དམག་དོན་རང་བཞིན་གྱི་དོ་དམ་བྱེད་སྟངས་སྤྱད་པ་དང་རྐང་འཛིན་དམངས་དམག100ལྷག་ཙམ་གཅིག་སྡུད་སྦྱོང་བརྡར་ནང་ཞུགས་ནས། གཙོ་བོ་དམག་དོན་རིགས་པའི་གཞུང་ལུགས་དང་དམག་གྲབས་རྒྱུན་ཤེས། འཐབ་རྩལ་རྨང་གཞི། མཚོན་ཆ་མེ་མདའ་ཡང་བའི་རིགས། མེ་ཟོན་དང་འབྲུབ་འགོག གཏུམ་སྤྱོད་འགོག་པའི་སྒྲིག་ཆས་ཡོ་བྱད་བཀོལ་སྤྱོད་སོགས་ཀྱི་ཐད་སྦྱོང་བརྡར་བྱས་པ་རེད།

   ལིའུ་ཏུང་དང་ཝང་ཡུང་ཁྲང་། ལི་ཞང་ཏུང་བཅས་ཀྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号