ཟླ7པའི་ཚེས24ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་གླུ་གཞས་དང་མུ་འབྲེལ་དཔེ་ཚོགས། རིག་གནས་གསར་རྩོམ་ཐོན་རྫས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་ཚོགས་ཤིང་། གཙོ་བོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་རིགས་ཆེ་གྲས4ཡི་དཔེ་དེབ་ཆ་ཚང14དེབ18དང་དེ་བཞིན་བརྗོད་དོན་གླུ་གཞས1ཡོངས་བསྒྲགས་བྱས་པ་དང་འབྲེལ་གསར་རྩོམ་བྱས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཁག་གཅིག་ལ་འགྲེམས་སྟོན་དང་དྲིལ་བསྒྲགས་བྱས་པ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་དཔེ་ཚོགས་དང་རིག་གནས་གསར་རྩོམ་ཐོན་རྫས་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས།  

གཡུ་སྒྲོན་མཚོས་ངོ་སྤྲོད་གནང་དོན། རབ་མཛེས་མཚོ་སྔོན། དག་སྣང་མཚོ་བྱང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་རྔམས་མཐུག་གི་མཛེས་པ་དང་། མི་རིགས་རིག་གནས་ཀྱི་མཉམ་འདྲེས་མཛེས་པ། གསར་བརྗེའི་སྙིང་སྟོབས་ཀྱི་རྒྱུན་འཛིན་མཛེས་པ་དང་དེ་བཞིན་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་མཛེས་པ་བཅས་གང་སར་མངོན་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70སོང་ཚུན། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་དཔལ་འོག དབུལ་ཕོངས་རྗེས་ལུས་ནས་འབྱོར་ཕྱུག་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། ཡུན་རིང་བཀག་སྡོམ་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ། ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཅིང་། ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་བརླིང་། སྐྱེ་ཁམས་ལེགས་པོ་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་ཁུལ་གྱིས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱས་ནས་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ཏེ། ཕུལ་བྱུང་དམངས་སྲོལ་དམངས་ཁྲོད་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས། གསར་བརྗེའི་རིག་གནས་བཅས་སྔོག་འདོན་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རིག་གནས་བྱ་གཞག་འཕེལ་རྒྱས་མྱུར་མོ་ཕྱིན་ཡོད། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་ཏང་དང་བློ་གཅིག་སེམས་གཅིག་དང་མི་དམངས་དང་མཉམ་སྐྱོད་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་བསྔགས་བརྗོད་བྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འོད་སྟོང་ལྡན་པའི་ལོ་རྒྱུས་ཟིན་ཐོར་བཀོད་ནས་བརྗིད་ཆགས་ཀྱི་མཛེས་རིས་ཤིག་བཤམ་ཡོད། ལོ་རྒན70ཡི་འཕོ་འགྱུར།དང་།མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས།》《མཚོ་བྱང་སྲིད་གྲོས་ཀྱི་ལོ་རྒྱུས་དེབ་ཐེར། ཁོར་སྲུང་ལོ་ངོ་བཅུ།》《སྔོན་ཐོན་མི་སྣའི་བྱས་རྗེས་ཕྱོགས་བསྡུས།བཅས་དཔེ་དེབ་འདི་ལྔ་བོས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་ཁྱོན་ཡོངས་ནས་མཚོ་བྱང་གི་ལོ་འཁོར70ཡི་རླབས་ཆེ་ཉམས་བརྗིད་ཀྱི་ལོ་རྒྱུས་དཔེ་རིས་མངོན་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མིག་རྒྱང་རིང་ཞིང་ཡིད་ཆེས་ཀྱིས་ཕྱུག་ལ། དཔའ་ངར་ཆེན་པོས་མདུན་སྐྱོད་ཕོད་པའི་འབད་འཐབ་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད། གསར་བརྗེའི་གཏམ་རྒྱུད་གླེང་སྟེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། གསར་བརྗེའི་རྟགས་མཚོན221།དངབརྗེད་མི་རུང་བའི་རྒྱལ་ཁབ་ཀྱི་དྲན་ཤེས། ཉིང་རྡུལ་བྱ་གཞག་གི་བློ་དཀར་སྲུང་མཁན།བཅས་དཔེ་ཚོགས3གྱིས་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོས་ཕྱིར་བཤོལ་མི་བྱེད་པར་རྡུལ་ཕྲན་འབར་མདེལ་དང་ཆིང་རྡུལ་འབར་མདེལ་ཞིབ་བཟོ་བྱ་གཞག་ནང་ཞུགས་པའི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་ལེགས་སྒྲིག་དང་བརྩེ་སེམས་ཟབ་མོས་བརྗོད་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་དུས་རབས་གསར་པར་འོད་སྟོང་རབ་ཏུ་འཕྲོ་བར་བྱས་པ་ནི་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་གསོན་ཉམས་ལྡན་པའི་བསླབ་གཞི་ཞིག་རེད། གསུང་རབ་གྲགས་ཅན་བརྒྱུད་སྒྲོག་བྱས་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་པ། མཚོ་བྱང་གྲངས་ཉུང་མི་རིགས་སྐད་ཡིག་ལས་སྒྲུབ་མི་སྣ་དང་མཚོ་བྱང་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིས་ལོ་གཅིག་དང་ཕྱེད་ཀའི་རིང་ལ་བོད་ཡིག་གི《མའོ་ཙེ་ཏུང་གི་སྙན་ཚིག》དང《མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གེ་སར་རིག་གནས།》ཞེས་པ་སོགས་རྩོམ་སྒྲིག་བྱས་ཤིང་། མ་རྩོམ་གྱི་སྟེང་དུ་ཇུས་འགོད་དང་ཡིག་སྒྱུར་ཞིབ་ཚགས་བྱས་ནས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་ལོ་རྒྱུས་ཀྱི་མཛད་རྗེས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་མི་སྣའི་མཛད་རྗེས་ཤེས་རྟོགས་ཐུབ་པ། ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཅས་བྱ་ཆེད་སློབ་སྦྱོང་གི་གཞི་རྟེན་གསར་པ་མཁོ་འདོན་བྱས་ཡོད། འཕེལ་རྒྱས་ཀྱི་འཕོ་འགྱུར་བྲིས་ནས་བདེ་སྐྱིད་ཀྱི་འཚོ་བ་མངོན་པར་བྱས་པ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་མུ་འབྲེལ་དཔེ་ཚོགས》དང《མདོ་ལ་རི་བོ་དཔེ་ཚོགས།》《སྨོན་ལམ་མཐོན་པོའི་ཆེད་བསྒྲིགས་དུས་དེབ།》སོགས་ཀྱི་ནང་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་ཏེ་མི་དམངས་ཀྱི་ཆེད་དུ་རྩོམ་འབྲི་བ་དང་དུས་རབས་ཀྱི་ཆེད་དུ་གླུ་ལེན་པ་འཚོལ་བསྡུ་བྱས་ཤིང་། གསར་རྩོམ་བྱས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁག་གཅིག་གིས་མཚོ་བྱང་འཕེལ་རྒྱས་ཀྱི་ལག་ལེན་གྲུབ་འབྲས་གསོན་ཉམས་དོད་པོས་ཟིན་ཐོར་བཀོད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད། གྲུབ་འབྲས་ལ་བསྟོད་གླུ་བླངས་ནས་མཛེས་སྡུག་གི་རི་ཀླུང་བཞེངས་པ། གསོན་ཉམས་དོད་པའི་སྒོ་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྒྱུད་རིམ་ནང་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱ་ཆེད། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་རོལ་དབྱངས་ཀྱི་རྣམ་པའི་ཐོག་ནས་དུས་སྐབས་གསར་པའི་མཚོ་བྱང་གི་དྲིལ་སྒྲོག་སྣང་བརྙན་གཏོད་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བརྗོད་དོན་གླུ་གཞས་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་ནས་སྔ་རྗེས་སུ་གླུ་གཞས་ཁྱོན110བསྡུ་རུབ་བྱས་ལ། དབྱངས་དང་ཚིག རྣམ་པ། བརྗོད་བྱ་སོགས་རྣམ་གྲངས་བཞི་གཞིར་བཟུང་ཆེད་ལས་མི་སྣ་སྒྲིག་འཛུགས་ཀྱིས་ཡང་དང་བསྐྱར་དུ་ཉན་པ་དང་དཔྱད་བསྡུར་བྱས་མཐར། 《གསེར་གྱིས་ཤན་པའི་མཚོ་བྱང་།》ཞེས་པ་ཁུལ་སྟོན་གྱི་བརྗོད་དོན་གླུ་གཞས་སུ་གཏན་འཁེལ་བྱས།

གཞན་ཡང་ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་འགྲེམས་སྟོན་བྱས་པའི་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་ཁག་གཅིག་ནི་མཚོ་བྱང་གི་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་སྲོལ་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོན་ཉམས་དོད་པའི་འགྲེམས་སྟོན་ཞིག་ཡིན་པ་དང་། ས་གནས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་མངོན་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་རྩོམ་སྤྲོ་སེམས་ཀྱིས་ཁེངས་པ། ཕུན་སུམ་ཚོགས་པའི་འཆར་སྣང་དང་སྤུས་ལེགས་ཀྱི་བཟོ་རྩལ། སྤྱོད་གོ་ཆོད་པའི་རིན་ཐང་བཅས་ཀྱི་ཐོག་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྤྲོ་སྣང་མཚོན་ཡོད་པར་མ་ཟད། རྟེན་འབྲེལ་བྱེད་སྒོར་སླར་ཡང་དྲོ་སྐྱིད་ལྡན་པའི་མཛེས་པ་ཞིག་བསྣན་ཡོད།

མུ་འབྲེལ་དཔེ་ཚོགས་ཀྱི་རྩོམ་སྒྲིག་བྱེད་མཁན་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གྲོས་གཞུང་ལས་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས། 

མི་དམངས་དྲ་བ་མཚོ་སྔོན་འཕྲིན་ལམ་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་འཕྲིན་ལམ། ཀྲུང་གོ་ཡུལ་སྐོར་ཚགས་པར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཤིན་ལང་པོད་འཕྲིན། མཚོ་སྔོན་བོད་ཡིག་ཚགས་པར་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། ནུབ་མཚོ་ཚོང་ཁྲོམ་ཚགས་པར། ཟི་ལིང་དགོང་དྲོའི་ཚགས་པར། མདོ་ལ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་རྫོང་བཞིའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་གསར་འགྱུར་ལས་ཁུངས16གི་གསར་འགོད་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号