མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐོག་མཚོ་བྱང་ཁུལ་གྱིས་ལས་གཞི23ལ་གན་རྒྱ་བཞག་པ་དང་གན་རྒྱ་འཇོག་པའི་མ་དངུལ་སྒོར་དུང་ཕྱུར22.16ཟིན་ཡོད། 

   ཟླ7པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་དུ་སྤེལ་བའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་ལས་གཞིའི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ལས་གཞི23ལ་རྒྱལ་ཁའི་ངང་གན་རྒྱ་བཞག་པ་དང་གན་རྒྱ་འཇོག་པའི་མ་དངུལ་སྒོར་དུང་ཕྱུར22.16ཟིན། དེའི་ནང་སྒོར་དུང་ཕྱུར1ཡན་གྱི་ལས་གཞི9ཡོད་པ་དེས་གན་རྒྱ་བཞག་པའི་བསྡོམས་འབོར་གྱི82.36%ཟིན་ཡོད་ལ། ནུས་རྒྱུ་གཙང་མ་དང་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས། ཁྱད་ལྡན་རིག་གནས་ཡུལ་སྐོར། གཞི་གྲངས་ཆེན་མོའི་ཐོན་ལས་སོགས་ཀྱིས་གཙོ་བོ་བྱས་པའི་གཙོ་གནད་ཐོན་ལས་ལས་གཞི12ལ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར16.42ཟིན་པ་དེས་གན་རྒྱ་བཞག་པའི་བསྡོམས་འབོར་གྱི74.1%ཟིན་ཡོད། གན་རྒྱ་འཇོག་པའི་ལས་གཞི་ལ“ལྗང་མདོག་གི”ཟིན་ཚད་མཐོ་བ་དང“གསར་པའི”གྲུབ་ཆ་ལེགས་པ། དངོས་པོའི”གྲུབ་ཆ་འདང་ངེས་ཡོད་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད། ལས་གཞི་དེ་དག་ལ་གན་རྒྱ་བཞག་པ་དེས་མཚོ་བྱང་ཁུལ་གྱིས“243”གྱི་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་སྒོས་འཛུགས་པ་དང་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་པ། དེང་རབས་ལྗང་མདོག་ཐོན་ལས་མ་ལག་གཏོད་རྒྱུ་བཅས་ལ་འདེགས་སྐྱོར་ཤུགས་ཆེན་དང་གསོན་ཤུགས་གསར་པ་མཁོ་འདོན་བྱས་ཡོད།

   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གན་རྒྱ་འཇོག་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། རྫོང་བཞིའི་ཏང་སྲིད་མགོ་ཁྲིད་གཙོ་བོ་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་མཛད་སྒོར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞན་དང་ཞིང་ཆེན་བཟོ་འཕྲིན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་སྐུད་མེད་གློག་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བ་བཅས་གན་རྒྱ་འཇོག་པའི་མཛད་སྒོར་གདན་ཞུ་བྱས།

   ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་ཀྱི་བཙན་ས་གཏོད་རྒྱུ་དང་ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་ཀྱི་ངེས་གནས་འཛུགས་སྐྲུན་ལ་གཞི་ཚུགས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་འབད་འབུངས་ཡར་བརྩོན་བྱས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་མ་དངུལ་གཏོང་ཤུགས་ཕྱོགས་མང་པོའི་ཐད་ནས་ཕན་ལྡན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་མྱུར་ལམ་སྟེང་བསྐྱོད་ཅིང་། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་དེ་ཆས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཞིང་ཆེན་ཡོངས་ཀྱི་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ཤིང་། ནུས་རྒྱུ་གཙང་མ་དེ་ཐོན་ཁུངས་དང་གསོག་འཇོག་གཞི་གཅིག་གི་དུས་མཚམས་གསར་པར་སླེབས་ཡོད་ལ། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་དང་། དྭངས་གསལ་གྱི་འཐབ་ཇུས་གནས་ངེས། ས་བབ་ཀྱི་ལེགས་ཆ་བཅས་ཀྱི་ཁོར་ཡུག་བཏོད་ནས་ཁེ་ལས་དེའི་ནང་ཞུགས་པ་དང་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད་དེ་རྒྱ་ཆེའི་ཡུལ་སྐོར་ཚོང་པས་མ་འཇོག་དང་ལས་གཏོད་བྱ་རྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་ཚད་མེད་མཁོ་འདོན་བྱས་ཡོད་པར་བསྟན།


   ཤ་བོ་སྐྱབས་ཀྱིས་ཁེ་ལས་པ་སོ་སོས་ཐེངས་འདིའི་གན་རྒྱ་འཇོག་པའི་གོ་སྐབས་དང་བསྟུན་ནས་གོམ་གང་མདུན་སྤོས་ཀྱིས་མཚོ་བྱང་ལ་རྒྱུས་ལོན་དང་མཚོ་བྱང་ལ་མ་དངུལ་གཏོང་པ། མཉམ་ལས་རྒྱ་ཆེར་གཏོང་བ་དང་མཛའ་བརྩེ་གཏིང་ཟབ་ཏུ་བཏང་སྟེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱིས་སྲིད་ཇུས་ཀྱི་རོགས་སྐྱོར་ཐད་མུ་མཐུད་ཤུགས་སྣོན་པ་དང་ཞབས་ཞུའི་ལམ་སྲོལ་ཐད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཐད་རྒྱུན་མཐུད་ངང་རིམ་སྤོར་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་ཤོས་དེ་ཕྱོགས་མང་པོ་དང་རྒྱུ་རྐྱེན་གཙོ་བོ། དུས་འཁོར་ཧྲིལ་པོ་བཅས་ཀྱི་ཐོག་ནས་ལས་གཞིའི་སྣེ་ཁྲིད་ཐུབ་པ་དང་དོན་འཁྱོལ་ཐུབ་པ། འཕེལ་རྒྱས་ཀྱི་འགན་ལེན་ཡག་པོ་བཅས་བྱེད་དགོས་པར་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号