ཤ་བོ་སྐྱབས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཙོ་གནད་བྱ་བར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་པ།


   ཟླ7པའི་ཚེས22དང23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ནུབ་མཚོ་ལུས་རྩལ་ར་བ་དང་གསེར་དངུལ་རྩྭ་ཐང་། དེ་སྔའི221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ། སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་སུ་བསྐྱོད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཙོ་གནད་བྱ་བར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་།

   ནུབ་མཚོ་ལུས་རྩལ་ར་བ་དང་གསེར་དངུལ་རྩྭ་ཐང་། དེ་སྔའི221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ་བཅས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཁུལ་སྟོན་གྱི་བྱེད་སྒོའི་གྲ་སྒྲིག་དང་ཡན་ལག་བཟོ་གྲྭའི་འགྲེམས་སྟོན་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་།  ཁུལ་སྟོན་གྱི་བྱེད་སྒོ་ནི་མཚོ་བྱང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་ཁུལ་སྟོན་གྱི་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ་འགན་འཁྲི་ཁག་བགོས་གཞིར་བཟུང་ནས་རང་འགུལ་ངང་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་། བྱ་བའི་བསམ་ཕྱོགས་གསར་གཏོད་བྱས་ཏེ་འཛུགས་སྐྲུན་གྱི་འཕེལ་རིམ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁུལ་སྟོན་གྱི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་རིག་རྩལ་འཁྲབ་སྟོན། ཚོགས་རའི་སྦྱར་ཡིག ཞབས་ཞུ་འགན་ལེན་སོགས་ཀྱི་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབ་ནས་ཁུལ་ཡོངས་ཀྱི་དོན་བཟང་ཡག་པོར་སྒྲུབ་པ་དང་དོན་ཆེན་ཏན་ཏིག་སྒོས་བསྒྲུབ་དགོས་ཤིང་།  ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་གཞུང་ལས་ཁང་གིས་སྣེ་ཁྲིད་དང་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བདེ་འཇགས་དམར་ཐིག་གི་འདུ་ཤེས་བརྟན་དུ་གཏོང་བ་དང་མཁོ་བསྟུན་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲ་སྒྲིག་བྱ་བ་སོ་སོ་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབ་སྟེ། བྱེད་སྒོ་སོ་སོ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས་ལ། ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་གཞུང་ལས་ཁང་གིས་ཞིབ་ཕྲའི་གནས་ཚུལ་ནས་མགོ་བཙུགས་ཏེ་ཡན་ལག་བཟོ་གྲྭ་དང་པོའི་འགྲེམས་སྟོན་བཀོད་སྒྲིག་བྱ་བ་མགྱོགས་སུ་བཏང་སྟེ་ཟླ7པའི་ཟླ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། མདའ་བཞི་རྫོང་གིས་མདའ་བཞིའི“སྲེག་ཟས”ཞེས་པའི་འདུ་འཛོམས་དུས་ཆེན་དང་ཙི་པོ་སྲེག་ཟས་རྩྭ་ཐང་དུ་སྐྱོད་པའི་བྱེད་སྒོ་སྐབས་དང་པོའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཙི་པོ་སྲེག་ཟས་དང་ཁྱད་འཕགས་ཀྱི་ཞབས་ཞུའི་འདུ་ཤེས་ལ་བརྟེན་ནས་བྱེད་སྒོའི་གཞི་ཁྱོན་དང་ཁྱབ་ཁོངས་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཏེ་ནོར་ལུག་བཤས་གཏོང་ཚད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

undefined


   སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་རུ་ཤ་བོ་སྐྱབས་འཁོར་དང་བཅས་པས་སྨོན་ལམ་མཐོན་པོ་ལྗོངས་གཟིགས་སྟེགས་བུའི་ལས་སྟེགས་དང་། ཤིང་སྐས་བགྲོད་ལམ། སྒར་འདེབས་རྟེན་གཞི་སོགས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། འབྲེལ་ཡོད་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་སྨོན་ལམ་མཐོན་པོའི་གཞུང་ལམ་བསྐྱར་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་སྨོན་ལམ་མཐོན་པོ་ལྗོངས་གཟིགས་སྟེགས་བུ་དང་མཚོན་རྟགས་བྱང་བུ། སྒོར་དབྱིབས་ཤིང་སྐས་བགྲོད་ལམ་སོགས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཤིང་། སྨོན་ལམ་མཐོན་པོ་མཁའ་དམག་སྲུང་སྐྱོབ་དཔུང་སྡེའི་རྗེས་ཤུལ་སླར་གསོའི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་ལེ་ཏའི་ལྟ་ཞིབ་ཚད་ལེན་ས་ཚིགས་དང་བརྙན་ལེན་གློག་སྒྲོན་སྟེགས་བུ་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། སླར་གསོའི་སྒྲིག་བཀོད་སྒྲིག་སྦྱོར་ལུགས་མཐུན་བྱེད་པ། གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་པ་བཅས་བྱས་ཏེ་སློབ་གསོ་དང་ལེན་བྱེད་མཁན་གྱིས་དམག་ཆས་གྱོན་ནས་ཉམས་ལེན་རྣམ་པའི་སློབ་ཁྲིད་དང་ལེན་དང་སྨོན་ལམ་མཐོན་པོའི་གསར་བརྗེའི་རྗེས་ཤུལ་འཚོལ་ཞིབ་བྱེད་དུ་འཇུག་དགོས་ལ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། སྒྲིག་བཀོད་སྣ་ཚོགས་ལུགས་མཐུན་ངང་འཇོག་པ། གློག་ལམ་སྒྱུར་བའི་ས་ཆ་དང་གནས་སྐབས་རླངས་འཁོར་འཇོག་ས་གང་མགྱོགས་སྒོས་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་ལ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་བྱེད་སྒོ་བདེ་འཇགས་དང་ངོ་མཚར་ཆེ་བ། ཕུན་སུམ་ཚོགས་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

   ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་མདའ་བཞི་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་སོ་སོར་ལྟ་སྐུལ་མཛུབ་ཁྲིད་བྱ་བར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号