ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང(ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)གི་ཚོགས་འདུ་དང་ནུས་ལྡན་སྒོས་སྦྲེལ་མཐུད་གནད་དོན་དག་ཐེར་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

   

   ཟླ7པའི་ཚེས25ཉིན། ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང(ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)གི་ཚོགས་འདུ་དང་ནུས་ལྡན་སྒོས་སྦྲེལ་མཐུད་གནད་དོན་དག་ཐེར་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ལ། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་དམངས་དང་དབུལ་ཐར་མི་འབོར་གྱི2023ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ཡོང་སྒོ་དང2022ལོའི་ནུས་ལྡན་སྦྲེལ་མཐུད་ཀྱི་གནད་དོན་དག་ཐེར་བྱས་ཚུལ་ཁྱབ་བརྡ་བཏང་བ་དང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་དམངས་དང་དེ་བཞིན་དབུལ་ཐར་མི་འབོར་གྱི་ཡོང་སྒོ་མང་དུ་འཕར་རྒྱུའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་ལ། རྫོང་བཞིའི་རྫོང་ཨུའི་ཧྲུའུ་ཅི་ཡིས་གཏམ་བཤད་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།    

   ཤ་བོ་སྐྱབས་ཀྱིས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་ནི“ཞིང་གསུམ”གནད་དོན་ཐག་གཅོད་བྱེད་པའི་སྲོག་ཤིང་དང་འཆམ་མཐུན་སྤྱི་ཚོགས་གཏོད་པའི་རྨང་གཞི་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དབྱེ་ཞིབ་ཡང་དག་དང་གནས་བབ་ལ་རྒྱུས་ཡོད་བྱས་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་བྱ་བ་ཡག་པོར་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ། དགོས་གཏུག་གི་བསམ་པ་བཅས་རྒྱུད་ལ་ངེས་བར་བྱེད་དགོས་ལ། རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཡོང་སྒོར་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ“ཁག་གཅིག་བྱས་པ་བཞི”ལྟར་རིགས་དབྱེ་དཔྱད་དཔོག་དང་བེད་སྤྱོད་བྱས་ནས་ནོར་ལུག་བཤས་གཏོང་ཚད་མཐོ་རུ་གཏོང་དགོས་ཤིང་། རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་གླ་ཕོགས་ཡོང་སྒོར་དམ་འཛིན་བྱས་ནས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་གླ་ཆ་ཟླ་རེར་དུས་ཐོག་ཏུ་སྟེར་རྒྱུ་འགན་ལེན་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པར་བྱེད་དགོས། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་བྱ་བའི་འགན་ཁུར་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པར་བྱས་ཏེ་ཏང་སྲིད་ཀྱི“མགོ་ཁྲིད་དང་པོའི”འགན་ཁུར་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་སྐུ་དངོས་སུ་བཀོད་སྒྲིག་དང་དོན་འཁྱོལ། རྩིས་རྒྱག་བཅས་བྱེད་དགོས་པ་དང་། ཁག་བགོས་དོ་དམ་མགོ་ཁྲིད་ཀྱིས་ཞིབ་ཕྲའི་བྱ་བ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ“རོགས་སྐྱོར་གཉིས”དང“ཁེ་ལས་བརྒྱས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”འགུལ་སྐྱོད་གཏིང་ཟབ་སྤེལ་ནས་ཞིང་པར་འབྲེལ་གཏུག་དང་ཞིང་ལས་ལ་སྣེ་ཁྲིད་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་སྐུལ་འདེད་གཏོང་དགོས། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་གསོ་སྦྱོང་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོའི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་གནད་སྨིན་ཚད་མཐོ་རུ་གཏོང་དགོས་ལ། དབུལ་བོར་བསྐྱར་ལོག་མི་འབྱུང་བ་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བསྡུ་དགོས་རིགས་བསྡུ་གང་ཐུབ་དང་སྐྱོར་དགོས་རིགས་སྐྱོར་གང་ཐུབ་བྱས་ཏེ་བསྡུ་དགོས་རིགས་མ་བསྡུས་པར་འཁོར་སྐྱོད་བྱེད་རིགས་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ“མགོ་ཁྲིད་དང་པོས”སྐུ་དངོས་སུ་བཀོད་སྒྲིག་དང་དོན་འཁྱོལ། དག་ཐེར་ཡོ་བསྲང་གི་བྱ་བར་ཞིབ་བཤེར་བཅས་བྱས་ཏེ་དུས་བཀག་ནང་དག་ཐེར་ཡོ་བསྲང་གི་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པ་ནན་གྱིས་བསྟན།   

   ཀྲང་ཧྲིང་ཡོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གནད་དོན་ལ་དམ་པོར་དམིགས་པ། དག་ཐེར་ཡོ་བསྲང་བྱ་ཐབས་གཏན་འབེབས། དག་ཐེར་ཡོ་བསྲང་གི་ལས་འགན་དོན་འཁྱོལ། དག་ཐེར་ཡོ་བསྲང་གི་དུས་བཀག་གཏན་འཁེལ། དུས་ཚོད་ལྡོག་རྩིས་དང་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བཅས་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་དམ་པོར་དམིགས་ཏེ་ནོར་ལུག་བཤས་གཏོང་གི་ཁ་གསབ་དང་འབྲུ་འདེབས་ཁ་གསབ་མང་དུ་བཏང་བ་བརྒྱུད་ཞིང་ཆེན་ཕྱི་ནང་གི་ངལ་ནུས་མཁོ་སྤྲོད་སྦྲེལ་མཐུད་དང་འཛད་སྤྱོད་དབུལ་སྐྱོར། སྤྱི་ཕན་རང་བཞིན་གྱི་ལས་གནས་རྒྱུན་འཁྱོངས། ནད་ལྕི་མོ་སྨན་བཅོས་རོགས་སྐྱོབ་སོགས་ཡོང་སྒོ་འཕར་བའི་བྱེད་ཐབས་སྤྱད་དེ“མཐོ་དགོས་པ་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་ཤིང་། གཙོ་གནད་ལས་གཞི་ལ་དམ་པོར་དམིགས་པ་དང་མིག་སྔའི་ལས་གཞིའི་ཨར་སྐྲུན་གྱི་དུས་སྐབས་ཡག་ཤོས་ལ་དམ་འཛིན་བྱེད་པ། སྦྲེལ་མཐུད་མ་དངུལ་གཏོང་སྤྲོད་ལྷུ་ཚིགས་ཀྱི་བྱ་བ་གྲལ་བཤེར་ནན་ཏན་བྱེད་པ་བཅས་བྱས་ཏེ་སྦྲེལ་མཐུད་མ་དངུལ་དག་ལྡོག་ཕྱོགས་ཀྱི་རྩིས་ཁྲའི་ལས་གཞི་དང་འཕེལ་རིམ་ལས་བརྒལ་ནས་དངུལ་གཏོང་བ་དང་གཏོང་སྒོ་རྫུན་འགོད་སོགས་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། མ་དངུལ་ལས་གཞིའི་འཛུགས་སྐྲུན་སྦྲེལ་མཐུད་དང་དབུལ་བོར་བསྐྱར་ལོག་མི་ཡོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར། རྒྱུ་ནོར་གྱི་བདག་དབང་གཏན་འཁེལ་དོ་དམ། ལས་གནས་བརྟན་པོ་ཡོང་བའི་ལས་ཞུགས་སྲིད་ཇུས་སོགས་གཙོ་གནད་དཔྱད་ཞིབ་དམིགས་ཚད་ལ་དམིགས་ཏེ་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་གནད་ལ་འཁེལ་བ། འགན་འཁྲི་ཏན་ཏིག་འཁུར་བ། མྱུར་སྒྲུབ་བྱེད་པ་བཅས་བྱས་ནས་དཔྱད་ཞིབ་དམིགས་ཚད་དང་བླང་བྱ་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གོང་རིམ་དང་མཐུན་སྦྱོར་སྦྲེལ་མཐུད་བྱེད་རྒྱུར་དམ་འཛིན་བྱས་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་འབྲེལ་ཡོད་སྲིད་ཇུས་ལ་གོ་བ་ནན་ཏན་བླངས་ཏེ་དུས་ཐོག་ཏུ་བྱ་བའི་ནོར་འཁྲུལ་ཡོ་བསྲང་བྱས་ཐོག་གཞི་རིམ་གྱི་བྱ་བར་ལྟ་ཞིབ་མཛུབ་ཁྲིད་དང་གཞི་རིམ་ལས་བྱེད་པའི་ལས་སྒོའི་སྲིད་ཇུས་ཀྱི་སྦྱོང་བརྡར་བྱ་རྒྱུར་ཤུགས་བསྣན་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་གཅིག་གྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན། 

   ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་དེ་བཞིན་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་བཞིའི་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号