ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་པ།


   ཟླ7པའི་ཚེས26ཉིན་ནས27ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བར་བརྟག་ཞིབ་གནང་ཞིང་། མཚོ་སྐོར་བྱང་ངོགས་ཀྱི་ཡུལ་སྐོར་གྱི་སྣང་བརྙན་མི་ལེགས་པའི་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ཚུལ་ལ་ཞིབ་བཤེར་བྱས།  

   སྦྲེལ་གནས་སྡེ་བ་འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་ལས་བྱེད་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཡུལ་དངོས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་ལ། བཞུགས་མོལ་ཚོགས་འདུ་འཚོགས་ནས་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཉན་ནས་རྐང་ཚ་རྫོང་གི་མིག་སྔའི་བྱ་བ་སོ་སོ་ལེགས་སྒྲུབ་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གྲོང་གསེབ་དར་སྤེལ་བྱ་བའི་ཐད་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་སྐབས་བྱ་བའི་ཐད་བཏོན་པའི་བླང་བྱར་ནན་མོར་གཞིགས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་གོ་སྐབས་དམ་འཛིན། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་ཞིང་ཆེན་དང་ཁུལ་གྱིས་གཏན་འཁེལ་བྱས་པའི་བྱ་བའི་དམིགས་ཚད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་བྱ་བ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱས་ཏེ་ཁྱོན་ཡོངས་ནས་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱེད་དགོས། ཐོན་ལས་དར་རྒྱས་སུ་གཏོང་བ་མུ་མཐུད་དམ་འཛིན་བྱས་ཏེ་ད་ཡོད་ཀྱི་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་ཡག་པོ་བྱས་ནས་ཐང་ག་དང་འཚེམ་དྲུབ། རྡོ་བརྐོས། ཀོ་བཟོ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  གྲོང་གསེབ་ཀྱི་སྡོད་དམངས་དང་དབུལ་ཐར་མི་འབོར་གྱི་ཡོང་སྒོ་བརྟན་པོ་ཡོང་བར་བྱེད་པ་དང་ཡོང་སྒོའི་གྲུབ་ཆར་དབྱེ་ཞིབ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ཡོང་སྒོའི་ཞིབ་རྩིས་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་བཏང་ནས་གནད་སྨིན་བསྡོམས་རྩིས་དང་གཅིག་གྱུར་བྱེད་དགོས་རིགས་ཚང་མ་གཅིག་གྱུར་ཡོང་བར་བྱེད་དགོས། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། དབུལ་ཐར་ཁྱིམ་ཚང་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བཅས་བྱས་ནས་ཡོང་སྒོ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྱད་ལྡན་ཕྱུགས་ལས་མུ་མཐུད་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཉེར་སྐྱོང་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་ཕན་འབྲས་ཆེ་བའི་གསོ་ཚགས་ལག་རྩལ་ཁྱབ་གདལ་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་གཟན་རྩྭ་ལས་སྣོན་བཟོ་གྲྭ་དང་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར། བཤས་ར།  འཁྱག་མཛོད་འཁྱག་སྦྲེལ། སྐྱེ་ལྡན་ལུད་རྫས་བཟོ་གྲྭ། ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ བོད་ལུག་དང་ནོར་གནག ནས། ལོག་དཀར་སོན་བཟང་གསོ་སྤེལ་རྟེན་གཞི་བཅས་དང་དེ་བཞིན་ནོར་གནག་གི་ཀོ་བ་དང་ལུག་གི་པགས་པ། བལ། ཁུ་ལུ་བཅས་ལས་སྣོན་བཟོ་གྲྭ་སོགས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་འཛུགས་སྐྲུན་བྱས་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས་པར་བསྟན། 

   ཤ་བོ་སྐྱབས་ཀྱིས་མཚོ་འཁྱིལ་ཡུལ་ཚོ་ཆུ་མིག་སྐྱེ་ཁམས་ཉམས་ལེན་ཁུལ་དང་རྨི་ལམ་དག་ཞིང་ཡུལ་སྐོར་སྤྲོ་སྐྱིད་གླིང་གི་ཡུལ་དངོས་ནས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་ཤིང་། སྤྲོ་སྐྱིད་གླིང་གི་སྤྲོ་གསེང་སྒྲིག་བཀོད་ཆ་ཚང་དང་དེ་བཞིན་ཡུལ་སྐོར་བའི་གྲངས་འབོར་དང་ཞག་སྡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཆུ་མིག་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རླངས་འཁོར་འཇོག་ས་རྒྱས་སྐྲུན་བསམ་ཕྱོགས་འཆར་འགོད་བྱས་ནས་ལྗོངས་ཁུལ་གྱི་རིམ་པ་སྤོར་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གཉེར་མི་སྣའི་རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་བྱེད་པ། གཉེར་སྐྱོང་དོ་དམ་ལམ་ལུགས་ཞིབ་ཕྲ་བཟོ་བ། ཁོར་ཡུག་དྭངས་གཙང་དང་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། མཁོ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་གཏོང་བ། རྟ་བཞོན་དང་མདའ་འཕེན་པ། ལུ་གུ་དང་བེའུ་མཉམ་པར་རྒྱག་པ་སོགས་རོལ་རྩེད་རྣམ་གྲངས་གསར་སྤེལ་བྱེད་པ། ཉའི་ཁ་ཟས་ཏེ་ས་གནས་དེ་གའི་ནས་ཀྱི་ཟས་རིགས་ཐོན་རྫས་གསར་སྤེལ་བྱེད་པ། དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཁུལ་གྱི་དྲ་རྒྱའི་སྟེང་གི་སྙན་པ་མཐོ་རུ་གཏོང་དགོས། རྨི་ལམ་དག་ཞིང་ཡུལ་སྐོར་སྤྲོ་སྐྱིད་གླིང་གི་དྲོད་ཁྱམས་དང་སྦུག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་དུས་ཐོག་ཏུ་ཞིག་གསོ་བྱེད་པ་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུལ་སྐོར་བར་སྐྱིད་སྣང་ལྡན་ལ་གཙང་སྦྲ་བཟང་བའི་ཞག་སྡོད་ཁོར་ཡུག་སྐྲུན་དགོས་ལ། རིག་གནས་རོལ་རྩེད་རྣམ་གྲངས་མང་དུ་གཏོང་བ་དང་དམངས་སྲོལ་ཐོན་རྫས་ཕྱིར་འཚོང་བྱ་ཡུལ་མང་དུ་གཉེར་བ། ཡུལ་སྐོར་ལས་དོན་ཁང་དང་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞག་སྡོད་བྱེད་ཚད་མུ་མཐུད་མང་དུ་གཏོང་བ་དང་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། 

   དེའི་རིང་། ཤ་བོ་སྐྱབས་འོམ་ཆུ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ་བསྐྱོད་དེ་ཏང་ཡོན་རྒན་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན། ཀུན་སྤྱོད་དཔེ་བཟང་བཅས་ལ་འཚམས་འདྲི་གནང་ཞིང་། རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭ་དང་སྨྱན་སྦྱོར་ལྟེ་གནས། དམངས་ཡོངས་ཀྱི་བདེ་ཐང་ལྟེ་གནས་བཅས་སུ་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གནས་ཚུལ་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་། 


   ཝང་ཡུང་ཁྲང་དང་། རྐང་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་ཞུས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号